དམངས་གཙོ་དོན་གཉེར་བར་ཁྲིམས་ཐག་བཅད།  

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་གསར་བརྗེ་ལས་འགུལ་སྣེ་འཁྲིད་པ་ཨེ་ཌེ་ཝར་ཌེ་ལུང་ལགས་ཀྱི་གཙོས་གསར་བརྗེ་ལས་འགུལ་བ་གསུམ་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུགདེ་རིང་སྔ་དྲོར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་སློབ་ཕྲུག་གི་ལས་འགུལ་སྣེ་འཁྲིད་པ་ཨེ་ཌེ་ཝར་ཌེ་ལུང་ (Edward Leung)ལགས་ཧོང་ཀོང་གི་དྲག་པོའི་ངོ་རྒོལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོའི་༢༠༡༦ ལོའི་ངོ་རྒོལ་ཁྲོད་ཁོང་གིས་ཉེན་རྟོག་པར་ཉེས་རྡུང་བཏང་བའི་ཉེས་མིང་འོག་ལོ་གཅིག་བཙོན་འཇུག་བྱེད་མྱོང་ཡོད་འདུག

རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་སློབ་ཕྲུག་གི་ལས་འགུལ་སྣེ་འཁྲིད་པ་ཨི་ཌི་ཝར་ཌི་ལུང་ལགས་ལ་ཁྲིམས་བཤེར་བྱས་ཏེ། ཕྱི་ལོ་༢༠༡༦ ལོའི་མོང་ཀོག (Mong Kok) ངོ་རྒོལ་ནང་འཛུལ་ཞུགས་དང་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་དང་ལྷན་དུ་དམངས་གཙོ་དོན་གཉེར་བ་ལོ་ཀིན་མན་ (Lo Kin-man) ལ་ལོ་ ༧ དང་། ཝོང་ཀ་ཀུའེ་ (Wong Ka-kui) ལ་ལོ་ ༣ དང་ཟླ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཧོང་ཀོང་གི་རྩ་ཁྲིམས་ལྟར་ན། ཉེན་རྟོག་པར་ཉེས་རྡུང་བཏང་ན་མང་ཤོས་ལོ་ ༢ བཙོན་འཇུག་དང་། དྲག་རྒོལ་བྱས་ན་དུས་ཡུན་རིང་ཤོས་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་སྟབས། ཁོའི་ཁྲིམས་ཞིབ་པ་ཨན་ཐི་ཕང་ (Anthea Pang) གིས་དེ་རིང་གི་ཁྲིམས་ཆད་དེ་འོས་འཚམ་བྱུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོའི་ངོ་རྒོལ་ལས་འགུལ་སྐབས་ངོ་རྒོལ་བ་ཚོས་གདོང་འབག་གྱོན་པ་དང་རང་ཉིད་ཀྱིས་བཟོས་པའི་ཕུབ་ཁྱེར་ཡོད་པས། དེ་ནི་སྔར་ནས་གྲ་སྒྲིག་མེད་པ་དང་གཞན་ཞིག་གིས་བརྒྱུད་སྐུལ་མ་བྱས་པའི་ངོ་རྒོལ་ཞིག་ཏུ་ངོས་འཛིན་བྱ་ཐབས་མེད་ཚུལ་དང་། དམངས་གཙོ་དོན་གཉེར་བ་ལེ་འུང་གི་བྱ་སྤྱོད་ནི་ཚད་ལས་བརྒལ་བ་དང་དམིགས་འབེན་ཡོད་པ་ཞིག་རེད་ཅེས་བརྗོད་འདུག་ལ། ཧོང་ཀོང་གི་ཞི་རྒོལ་གནད་དོན་དང་འབྲེལ་ཏེ་ཉུང་མཐར་མི་གྲངས་ ༡༦ འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

ཨེ་ཌེ་ཝར་ཌེ་ལུང་ལགས་ནི་རྒྱ་ནག་ཏུ་སྐྱེས་ཤིང་ཆུང་དུས་ནས་ཧོང་ཀོང་ནང་གནས་སྤོ་བྱས་ཏེ་སློབ་གྲྭར་འགྲིམས་ཡོད་པ་དང་། ད་ཆ་ཧོང་ཀོང་མཐོ་རིམ་སློབ་གཉེར་ཁང་དུ་མཚན་ཉིད་རིག་པར་ཆེད་སྦྱོང་དང་གཞུང་འཛིན་དང་ཆབ་སྲིད་ཞོར་སྦྱོང་བྱེད་ཀྱིན་ཡོད་འདུག ཁོང་ནི་ཧོང་ཀོང་ནས་ཡིན་པ་(Hongkong Indigenous) ཧོང་ཀོང་རྒྱལ་ཞེན་ཚོགས་པའི་མགྲིན་ཚབ་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོའི་(Fishball Revolution)གསར་བརྗེ་ལས་འགུལ་གྱི་སྣེ་འཁྲིད་མི་སྣ་གཙོ་བོ་ཞིག་ཡིན་པས་འཛིན་བཟུང་བྱས་ཡོད་འདུག  ཕྱིས་སུ་ཁོང་ཧོང་ཀོང་ནེའུ་ཨིསི་ཊི་ (New East)མངའ་ཁུལ་གྱི་འོས་བསྡུར་ཞུགས་ཏེ་རྒྱལ་ཁ་ཐོབ་ཡོད་ཀྱང་། ངོ་རྒོལ་ལས་འགུལ་སྤེལ་བའི་ཉེས་མིང་འོག་གྲོས་ཚོགས་ཀྱི་འོས་བསྡུར་ཞུགས་ཏུ་བཅུག་མེད་པ་རེད།

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༡༡

Leave a Reply