རྒྱ་གར་ཁྱིམ་ཚང་ཞིག་གི་ནང་མི་ ༡༡ གིས་རང་ཤི་བརྒྱབས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་རྒྱ་གར་གྱི་ཁྱིམ་ཚང་ཞིག་གི་རྒན་གཞོན་བྱིས་པ་དང་བཅས་ནང་མི་ ༡༡ ཡོད་པ་ཚང་མས་རང་ཤི་བརྒྱབས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་གར་རྒྱ་ས་ལྡི་ལིའི་ནུབ་བརྒྱུད་(Burar) རྫོང་ཁོངས་ནས་ཡིན་པའི་ཁྱིམ་ཚང་ཞིག་གི་ནང་མི་ཚང་མས་མིག་དང་ཁ་སོགས་བཀབ་ནས་ལག་པ་གཉིས་བརྒྱབས་ལ་བསྡམས་སྟེ། ཚང་མའི་སྐེ་གནམ་ལ་བཏགས་ནས་རང་ཤི་བརྒྱབས་ཡོད་པ་དང་བུད་མེད་གཅིག་ཐང་ལ་འགྱེལ་ནས་ཤི་ཡོད་འདུག ད་ལྟ་ཁྱིམ་ཚང་དེའི་ནང་ཁྱི་ཆུང་ཆུང་ཞིག་མ་གཏོགས་གང་ཡང་ལྷག་མེད་འདུག

རང་ཤི་རྒྱག་མཁན་ནི་ཁྱིམ་ཚང་དེའི་ལོ་ན་ ༧༧ ཡིན་པའི་ཨ་མ་དང་། འི་བུ་བྷ་ཝི་ནཱེ་ཤི(Bhavnesh)དང་ལཱ་ལེ་ཊི(Lalit,)། བུ་མོ་ཕུ་རེ་ཊི་བྷཱ(Pratibha)།  དེ་བཞིན་བུ་གཉིས་ཀྱི་བཟའ་ཟླ་སི་ཝེ་ཊཱ(Savita)དང་ཊེ་ནཱ(Teena)། དེ་གཉིས་ཀྱི་བྱིས་པ་པི་རེ་ཡེན་ཀ(Priyanka)དང་ནཱེ་ཊོ(Nitu)། མོ་ནཱོ(Monu)། དྷ་རོ་ཝི(Dhruv)། ཤི་ཝཱམ(Shivam)བཅས་བཟའ་མི་ཆེ་ཆུང་ ༡༡ ཡོད་པ་དང་། ཁོ་ཚོའི་སྐྱེས་ཡུལ་དངོས་ནས་ཏེ་རཱ་ཇི་སི་ཐན་ནང་ཡིན་ན་ཡང་རྒྱལ་ས་ལྡི་ལིར་གནས་སྤོར་གྱིས་ལོ་ངོ་ ༢༠ ཟིན་ཡོད་འདུག འཚོ་རྟེན་གཙོ་བོ་ནི་ཚོང་ཁང་གཉིས་ཡོད་པ་དེ་ཡིན་འདུག

ལྡི་ལི་ཉེན་རྟོག་ཕྱོགས་ནས་ཁོ་ཚོའི་ནང་ནས་ལག་པས་བྲིས་པའི་ཡི་གེ་ཁག་ཅིག་རྙེད་སོན་བྱུང་བ་ལྟར་ན། རང་ཤི་རྒྱག་དགོས་པའི་རྒྱུ་རྐྱེན་ནི་ཧ་ཅང་ལྐོག་གྱུར་ཞིག་དང་གསང་བའི་ཆོ་ག་ཉམས་ལེན་རིགས་ཤིག་དང་འབྲེལ་བ་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་པ་དང་། མུ་མཐུད་ཁྱིམ་མཚེས་ཚོར་འདྲི་རྩད་དང་བརྙན་མིག་སོགས་ལ་བསྐྱར་ཞིབ་ཀྱིས་རྩད་གཅོད་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོས་རང་ཤི་བརྒྱབས་པའི་རྒྱུ་རྐྱེན་གང་ཡིན་ད་དུང་གསལ་ཁ་མི་འདུག

ཡིན་ན་ཡང་མཐོ་རིམ་ཉེན་རྟོག་དཔོན་ཨ་ལོག་ཀོ་མཱར་(Alok Kumar)ཞེས་པ་ཞིག་གིས། ལག་པས་བྲིས་པའི་ཡི་གེ་དེའི་ནང་མི་ཞིག་གིས་མིག་དང་ཁ་སོགས་བཀབ་ནས་ལག་པ་དང་རྐང་པ་བསྡམས་པ་དང་། དམིགས་པ་གཏད་པ་ཡིན་ན་འཇིགས་སྣང་ལས་གྲོལ་བ་དང་། གལ་ཏེ་མི་༡༡ གིས་ཆོ་ག་དེ་ཉམས་ལེན་བྱས་པ་ཡིན་ན་དཀའ་རྙོག་ཚང་མ་སེལ་འགྲོ་བ་དང་ཐར་བ་ཐོབ་ཐུབ་པ། ཆོ་ག་དེ་ལག་ལེན་མུ་མཐུད་བྱས་པ་ཡིན་ན་མིའི་ལུས་པོ་དེ་གནས་སྐབས་ཙམ་ཡིན་ན་ཡང་རྣམ་ཤེས་མུ་མཐུད་འཚོ་གནས་ཐུབ་པ་སོགས་འཁོད་ཡོད་སྐོར་བརྗོད་འདུག

ཁོ་ཚོ་རང་ཤི་བརྒྱབས་ཡོད་པ་དེ་ཁྱིམ་མཚེས་མི་གྷར་ཆྰ་རཱན་སཱ(Gurcharan Singh) ཞེས་པ་ཁོ་ཚང་གི་ཚོང་ཁང་དུ་འོ་མ་ཉོ་རུ་ཡོང་སྐབས་མཐོང་ཡོད་པ་དང་། ཁྱིམ་མཚེས་དེས་ཁོ་ཚོང་ཁང་དུ་འཛུལ་བ་དང་སྒོ་ཚང་མ་ཕྱེ་ནས་ཡོད་པ་དང་། ཁྱིམ་མི་ཚང་མའི་ལག་པ་དམ་པོར་བསྡམས་ཏེ་གནམ་བཏག་བྱས་ནས་མར་དཔྱངས་ཡོད་སྐོར་བརྗོད་འདུག དེ་བཞིན་ཉེ་འཁོར་གྱི་ཁྱིམ་མཚེས་གཞན་ཚོས་ཁོ་ཚོའི་ནང་མི་ཚང་མ་ཧ་ཅང་ཡག་པོ་ཡོད་པ་དང་གནོད་བྱེད་ཆོ་ག་ཕྱག་ལེན་རིགས་བྱས་པ་གཏན་ནས་མཐོང་མྱོང་མེད་ལ། ནང་མི་ཚོ་ཤེས་ཡོན་དང་ཚོང་ལས་ཕྱོགས་ལ་ཡག་པོ་ཡོད་སྐོར་བརྗོད་འདུག

གཞན་བྷན་པིན་དྷ་རཱ(Bhupendra)ཞེས་པའི་ཁྱིམ་མཚེས་ཤིག་གིས། ཁྱིམ་ཚང་དེས་བྱིས་པ་ཚོ་ནམ་རྒྱུན་སྲང་ལམ་སོགས་སུ་གང་བྱུང་རྩེད་མོ་རྩེ་བ་དང་འཁྱམ་སྡོད་མཁན་མིན་པར་ནང་ནས་སྒྲིག་གཞི་དང་ལྡན་པ་ཡིན་པ་དང་། ཁོ་ཚོ་ཉིན་རྒྱུན་ཉེ་འགྲམ་དུ་ཡོད་པའི་(gurudwara)ལྷ་ཁང་ལ་ཆོས་བྱེད་དུ་འགྲོ་བཞིན་ཡོད་སྐོར་བརྗོད་པ་དང་། ད་ལྟའི་ཆར་ཉེ་འཁོར་གྱི་ཁྱིམ་མཚེས་ཚང་མས་མྱ་ངན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༢

Leave a Reply

One thought on “རྒྱ་གར་ཁྱིམ་ཚང་ཞིག་གི་ནང་མི་ ༡༡ གིས་རང་ཤི་བརྒྱབས།