ལྷོ་ཕྱོགས་སྦེལ་ཀོབ་ཏུ་གློག་ཆད།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་གྲོང་དང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་ཉེ་འཁོར་གློག་སྡོང་ཁག་ཅིག་ས་ལ་འགྱེལ་ཏེ་བདུན་ཕྲག་གཅིག་ཡས་མས་རིང་གློག་མེད་པ་ཆགས་ཡོད་འདུགརྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་ནམ་རྒྱུན་དང་མི་འདྲ་བར་ཆར་རླུང་དྲག་པོ་གཡུགས་པའི་རྐྱེན་གྱིས། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་དང་པོ་དང་གསུམ་པ། བཞི་པ། དེ་བཞིན་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཕྱི་ནང་གཉིས་སུ་ཡོད་པའི་ཤིང་སྡོད་དང་གློག་སྡོང་ཁག་ཅིག་གློ་བུར་དུ་ས་ལ་འགྱེལ་ཏེ། ཉིན་གྲངས་མང་པོར་གློག་ཆད་བསྡད་ཡོད་པ་དང་། གློག་སྡོང་ས་ལ་འགྱེལ་ཏེ་ལམ་བཀག་པ་ཙམ་ལས་མི་ལ་རྨས་སྐྱོན་བཟོས་མི་འདུག

འདི་གའི་གསར་འགོད་པས་ཡུལ་མི་ཞིག་ལ་སྐད་ཆ་འདྲི་སྐབས། གློག་སྡོང་ས་ལ་འགྱེལ་སྐབས་སློབ་ཕྲུག་ཚོ་རེས་གཟའ་སྤེན་པ་གཉིས་པའི་གུང་གསེང་ལ་ཕྱིན་ཡོད་པར་བརྟེན། དགེ་ལས་སློབ་ཕྲུག་ཚོར་རྨས་སྐྱོན་སོགས་གང་ཡང་བྱུང་མེད་ཀྱང་། མཚན་མོར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཚོས་སློབ་ཁང་དང་ཉལ་ཁང་སོགས་ཀྱི་ནང་ཡཱང་ལ་སྤར་ནས་བསྡད་ཡོད་པ་དང་། སློབ་གྲྭ་དང་གཞིས་གྲོང་ཁག་ནང་གློག་བསྐྱར་དུ་མཐུད་པར་ཉུང་མཐར་ཡང་ད་དུང་བདུན་ཕྲག་གཅིག་འགོར་གྱི་ཡོད་སྐོར་བརྗོད་བྱུང་།

སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ཅིག་གི་ཕ་རྒན་གྱིས། སློབ་གྲྭའི་ནང་གློག་མེད་པར་བརྟེན། སློབ་གྲྭ་གཞུང་ནས་ཡཱང་ལ་ཉོས་ནས་འཁུར་ཤོག་གསུངས་ཡོད་པ་ལྟར། ང་ཚོས་ཡཱང་ལ་ཉོས་ནས་བསྐུར་བཞག་ཡོད། ཁྱིམ་ཚང་སོ་སོར་གློག་མེད་པ་དེ་ཨོ་ཙམ་ཡིན་ཡང་སློབ་གྲྭའི་ནང་གློག་མེད་པ་དེ་དཀའ་ངལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་གནམ་གཤིས་བརྟག་དཔྱད་དང་རང་བྱུང་གོད་ཆག་ལྟ་ཞིབ་ཁང་གི་འགན་འཛིན་སི་ནེ་ཝ་ས་(Srinivasa Reddy)ལགས་ཀྱིས། འདི་ལོ་གནམ་གཤིས་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་པའི་རྒྱུ་རྐྱེན་གང་ཡིན་ཁ་གསལ་མེད་ཀྱང་། ས་གནས་ཁག་ཅིག་ཏུ་ཆར་རླུང་དྲག་པོ་གཡུགས་པ་དང་། ཡང་ས་ཆ་འགའ་རེར་ཆར་བ་མ་བབས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ནི་རྒྱུན་ལྡན་མིན་པའི་རྟགས་མཚན་ཞིག་རེད། སྤྱིར་བཏང་འདས་པའི་ལོ་ངོ་ ༡༠༠ རིང་གི་གནམ་གཤིས་གནས་ཚུལ་ཞིབ་འཇུག་བྱས་ཚེ། ཆར་དུས་སྐབས་ཀྱི་ཆར་རླུང་གི་གནས་ཚད་ལ་ཁྱད་པར་ཆེན་པོ་ཤོར་མེད་ཀྱང་། ད་ལོར་ས་གནས་མི་འདྲ་བར་ཆར་ཆུ་བབ་པའི་གནས་སྟངས་ཀྱང་གཅིག་མཚུངས་མིན་སྟབས། ང་ཚོས་ཞིང་པ་ཚོར་ཆར་ཆུ་བགོ་འགྲེམས་དང་ཉར་ཚགས་བྱེད་སྟངས་སོགས་ཀྱི་ཐོག་སློབ་གསོ་སྤྲོད་གལ་ཆེན་པོ་ཆགས་འདུག ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༡༧

Leave a Reply

2 thoughts on “ལྷོ་ཕྱོགས་སྦེལ་ཀོབ་ཏུ་གློག་ཆད།

  1. ས་འདིར་རྒྱུན་དུ་གློག་བརྟན་པོ་མེད། འདི་གའི་གཞིས་ཆཊ་མི་ཞིག་གིས་བཤད་ན། རྒྱག་གར་པས་མང་ཚོགས་ལ་གློག་གཏོང་རྒྱུ་ཉུང་དུ་བཏང་ནས་དེའི་ཚབ་དུ་གློག་དེ་ལྐོག་ཚོང་བྱེད་ཀྱི་ཡོད་པ་རེད་ཟེར། མི་ཚང་མང་ཤོས་ཀྱིས་གློག་རྫས་ཉོས་ནས་རང་ཁྱིམ་གྱི་གློག་གི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་འདུག
    ཐེངས་ཤིག་གོང་ས་མཆོག་གི་འདུན་དུ་འདི་གའི་དཔོན་པོ་ཚོས་བོད་མི་ཚོར་ཡག་པོ་བྱེད་ཀྱི་ཡོད་ཚུལ་དང་འདིར་དཀའ་ངལ་ཡོད་ན་ཁོ་ཚོར་བཤད་དགོས་ཚུལ་སོཊ་བཤད་པས་སྐབས་དང་སྟུན་ནས་གློག་བརྟན་པོ་མེད་སྐོར་བཤད་པས་ཅུང་ཡག་དུ་སོང་ཡོད་སྐད་མོད། འདིར་རླུང་འཚུབ་ཞིག་ལྡང་བ་ཙམ་ལ་ཁ་གཡར་ནས་ཕྲལ་དུ་གློག་ཆད་འགྲོ་བ་རེད།

    མདོར་ན་ང་ཚོར་ཁྲིམས་ལུཊ་ལ་མཁས་པའི་སྲིད་སྐྱོང་ཞིག་ཀྱང་ཡོད་པས་འདི་དག་ལ་ཁྲིམས་ཐོག་ནས་སམ། ཡར་མར་ལ་བཤད་ནས་བྱེད་རྒྱུ་འདྲ་ཡང་ཡོད་སྲིད། ད་དུང་གཅིག་བཤད་ན་འདི་གའི་གྷོ་ལ་ཐ་ལ་ཟེར་བའི་གཞིས་གྲོང་གི་ཆུ་ཡུར་ལ་དགའ་ངལ་ཕྲད་ནས་མི་ཚང་རེ་རེ་བཞིན་ཞལ་འདེབས་བསྡུ་བཞིན་འདུག་པས། དངོས་གནས་མང་ཚོགས་ལ་སེམས་ཀྱི་ཡོད་ན། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད་རབས་སོཊ་བཤད་ནས་འདུག་པ་ལས། ཁ་ཚ་དགོས་གཏུག་གི་དཀའ་ངལ་འདི་ཚོ་མེད་པར་བྱོས་དང་ཡག་ས་རེད།

    དེ་ནས་གཅིག་བཤད་རྒྱུ་ཞིག་ལ་གལ་ཏེ་ཁྱོད་ཀྱིས་བློ་སེང་ལ་གཅིག་བཤད་འདུག་ང་རང་དགའ་པོ་མི་འདུག པཱ་འགོ་ཟེར་ན། དེ་ལ་ཐབས་ཤེས་ཅི་ཡང་མེད། བདེན་པ་དང་གནས་ལུཊ་ལ་སྙིང་རྗེ་མེད་ལ། འདིས་འཐེན་ཁྱེར་ཀྱང་བྱེད་མི་ཤེས་པ་ཡིན། འདི་མང་གཙོའི་ཁེ་དབང་ཡང་དག་པ་ཡང་ཡིན་པས། ཁྱོད་དངོས་གནས་མི་དགའ་ན་ངུས་ནས་སྡོད་ཅིག

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    འདི་ལོ་འཛམ་གླིང་གི་ས་ཕྱོགས་མང་པོར་འབྱུང་བའི་གནོད་འཚེ་ཕོག་ཡོད་པ་ལྟར་རྒྱ་གར
    ལྷོ་ཕྱོགས་ལའང་ཆར་ཆུ་དེ་སྔོན་ལས་མང་བ་བབས་པ་དང་ལྷག་པར་ཀོ་ལི་གྷལ་གཞིས་ཆགས་ལའང་
    ནམ་རྒྱུན་ལས་རླུང་ཤུགས་ཆེ་བ་དང་ཆར་རླུང་ཉིན་ལྟརརྒྱབ་པ་འདིའི་ཞིང་ལས་དུས་ཐོག་བྱེད་
    དུ་མ་བཅུག་པ་ནས་ས་ཞིང་འདེབས་ལས་ནམ་རྒྱུན་བཞིན་དུས་ཐོག་ཕྱི་ཟླ་བརྒྱད་པའི་ཚེས་ཤར་
    ལ་ཁག་པོ་བྱེད་ས་འདུག་ལ་འདི་ལོ་ཕྱི་ཟླ་བཞི་པ་ནས་ད་བར་ཆར་པ་མང་ཉུང་ལ་མ་ལྟོས་པར་
    ཉིན་ལྟར་བབས་བཞིན་པ་བཅས་འབྱུང་བ་ལ་ཁ་ལོ་རྒྱུར་ཐུབ་མཁན་གླིང་འདིར་མེད་པ་ས་ཆ་
    འགའ་ཤས་ལ་ཆར་པ་མང་བའི་སྐྱོན་དང་ཡང་ས་ཆ་འགའ་ཤས་ལ་ཆར་པ་ཉུང་བའི་སྐྱོན་དང་ས་ཁུག་
    འགའ་ཤས་ཆར་རླུང་མང་བའི་གནོད་འཚེ་ཕོག་པ་བཅས་གང་ལྟར་འཇིག་རྟེན་ཧྲིལ་པོ་འབྱུང་བཞིའི་
    འོག་ཏུ་འཚོ་བཞིན་པ་ལས་ཚན་རྩལ་རིག་པས་འབྱུང་བ་བཞི་ལ་ནམ་ཡང་ཁ་ལོ་རྒྱུར་མི་ཐུབ་པ་ད་ལོའི་
    ས་ཕྱོགས་མང་པོར་འབྱུང་བའི་གནོད་འཚེ་བྱུང་བ་ལས་ང་ཚོའི་ཤེས་ཐུབ་པ་བཅས་དོན་དངོས་ཧམ་ཆེན་མི་གི་བྱེད་ལས་འབྱུང་
    བཞིའི་གནོད་འཚེ་མང་བ་དེ་ཤེས་དགོས་པའི་དུས་ལ་བབ་མི་འདུག་གམ་།