བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསམ་འཆར་འབུལ་བའི་གོ་སྐབས་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་རང་ལོ་ ༡༥ ནས་ ༥༠ ཡིན་པའི་བོད་པའི་བུད་མེད་ ༣༠ ལྷག་གིས་བསམ་ཚུལ་དོན་གནད་ཅན་ ༧ ཕུལ་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧ ལོར་གཏན་འབེབ་གནང་བའི་༼བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས༽ལ་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་བུད་མེད་ཀྱི་ནུས་སྟོབས་སྲིད་བྱུས་སྤེལ་བར་བསམ་འཆར་དོན་ཚན་ ༧ ཅན་ཞིག་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་བ་དང་། བསམ་འཆར་དོན་ཚན་ ༧ དེ་ཕྱི་ཟླ་ ༨ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་སྐབས་བསམ་འཆར་དེ་འདོན་དགོས་པའི་རྒྱུ་མཚན་སྐོར་ལ་བསྟན་འཛིན་ཟླ་བ་ལགས་ཀྱིས། སྤྱིར་ང་ཚོའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་བའིཆེད་ལས་འགུལ་དང་ཟབ་སྦྱོང་མང་པོ་སྤེལ་བཞིན་ཡོད་ན་ཡང་། འགྲོ་བ་མིའི་ཐོབ་ཐང་གཞི་རྩར་བཟུང་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་བའིགཏོང་བའི་ལས་གཞི་མེད་རྐྱེན། ང་ཚོས་ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་གིས་བུད་མེད་ཀྱི་ནུས་སྟོབས་སྤེལ་བའིཡོང་ཐབས་ལ་ཉིན་ ༣ རིང་ཟབ་སྦྱོང་ཞིག་ཚོགས་ཡོད་པ་དང་། ཟབ་སྦྱོང་ནང་རང་ལོ་ ༡༥ ནས་ ༥༠ བར་གྱི་གཞི་རིམ་དང་མཐོ་རིམ་སློབ་མ། ས་གནས་འགའི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་བཙུན་མ། ཞིང་པ་དང་ཚོང་པ། ཡུལ་སྐོར་སྤྲོ་འཆམ་ཐོག་ཕྱག་ལས་གནང་མཁན་དང་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ། བུད་མེད་ཀྱི་ནུས་སྟོབས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཟབ་སྦྱོང་སྤྲོད་མཁན་ཁྱད་ལས་པ་ཞིག་བཅས་ཁྱོན་བུད་མེད་ ༣༠ ཡིས་ཆ་ཤས་བླངས་ཡོད་པ་རེད། ཟབ་སྦྱོང་གི་ཉིན་མཐའ་མ་དེར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་དེ་ཁོང་ཚོར་བརྒྱུད་བསྒྲགས་བྱེད་སྐབས། ཁོང་ཚོས་མང་པོ་ཞིག་ཤེས་ཀྱི་ཡོད་རྐྱེན་བསམ་འཆར་མང་པོ་བཏོན་སོང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབ་གནང་བའི་སྲིད་བྱུས་དེར་བསྐྱར་ཞིབ་ཆེད་བསམ་འཆར་དེ་ཚོ་ཡར་འབུལ་ཐུབ་ན་ཡག་པོ་ཡོད་ས་རེད་བསམ་པ་ཡིན། ཞེས་བརྗོད་སོང་།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། སྐབས་དེར་བསམ་འཆར་མང་པོ་བྱུང་ཡོད་ཀྱང་གནད་འགག་གི་བསམ་འཆར་རྣམས་ཕྱོགས་བསྡུས་བྱས་ཏེ་དོན་ཚན་ ༧ ནང་བཟོས་ཡོད་པ་དང་། དོན་ཚན་དེ་དག་ནང་ཕོ་མོ་འདྲ་མཉམ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཆ་གང་འདྲ་ཞིག་གི་ནང་དུ་ཡང་སྲོག་ཤིང་ལྟ་བུ་ཞིག་ཆགས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚིག་དེ་ཐེངས་གཉིས་ལས་བཀོད་མེད་པ་དང་། དེ་ཡང་ཚིག་དང་པོ་དེ་ཁ་བྱང་ནང་བྱུང་ཡོད་པ་དང་གཉིས་པ་དེ་ནང་གསེས་དབྱེ་བ་དང་པོའི་ནང་བོད་ནང་གི་བུད་མེད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་ཕྱིན་པ་ཡིན་ན། བཙན་བྱོལ་དུ་ཡོད་པའི་བུད་མེད་ཚོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཀོད་པ་ལས་གཞན་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་དེར་སྟངས་འཛིན་བྱེད་མཁན་ཞིག་མེད་རྐྱེན་སྲིད་བྱུས་ལག་བསྟར་ཅི་ཙམ་བྱས་རུང་ཕན་ཐོགས་ཡོད་མེད་ཤེས་རྟོགས་ཡོང་གི་མེད་སྟབས།

སྲིད་བྱུས་དེར་དུས་བཀག་བསྐྱར་ཞིབ་དགོས་པ། དེ་བཞིན་སྲིད་བྱུས་ལག་བསྟར་སྐོར་ལ་སྙན་ཐོ་ཞིག་ཀྱང་བཏོན་ཏེ་ཕྱི་བསྒྲགས་བྱེད་དགོས་པ་མ་ཟད། སྙན་ཐོའི་ཐོག་གཞུང་འབྲེལ་མ་ཡིན་པ་དང་མི་སྒེར་སོགས་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཐོག་ཕྱག་ལས་གནང་མཁན་ལ་བསམ་འཆར་འདོན་པའི་གོ་སྐབས་འབུལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་ཚན་པས་སྲིད་བྱུས་ལག་བསྟར་བྱེད་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བུད་མེད་ལྷན་ཚོགས་ལྟ་བུར་མཉམ་ལས་ཀྱི་ཐབས་ལམ་འཚོལ་གལ་ཆེ་བ་དང་། བོད་པའི་སློབ་གྲྭ་ཁག་སོགས་ཀྱི་ནང་བུ་མོ་ཆུང་ཆུང་ལ་བཙན་གཡེམ་དྲག་སྤྱོད་སྤེལ་བར་བཀག་འགོག་ཙམ་མ་ཡིན་པར་གནད་དོན་དེར་ནག་ཉེས་དང་དྲག་སྤྱོད་ཀྱི་ངོ་བོའི་ཐོག་ནས་བལྟ་དགོས་པ་མ་ཟད། དེའི་ཐོག་འཆར་གཞི་ཞིབ་གསལ་དགོས་པ། གནད་དོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པས་ལག་བསྟར་བྱེད་མཁན་སྡེ་ཚན་ཙམ་ཞིག་མ་ཡིན་པར་དབང་ཚད་དང་མཐུན་སྦྱོར་ལྡན་པའི་ལས་ཁུངས་དང་ལས་བྱེད་ངེས་པར་དུ་བསྐོ་བཞག་དགོས་པ་དང་། དེ་འདྲ་བྱུང་ན་སྲིད་བྱུས་དེར་ནུས་པ་ཆེ་བ་འཐོན་ཐུབ་པ། ཡང་གཞི་རིམ་ཤེས་ཡོན་སྲིད་བྱུས་ལྟ་བུའི་ནང་སྔོན་འགྲོའི་དགེ་རྒན་ཁོངས་སུ་བུད་མེད་དགེ་རྒན་བསྐོ་བཞག་གཙོ་འདོན་དགོས་པ་གསལ་ཡོད་པ་དང་། རྒྱུ་མཚན་ནི་བུད་མེད་ཀྱི་རང་བཞིན་གཤིས་ཀ་བཟང་པོ་དང་འཇམ་པོ་ཡོད་པ་ཞིག་དང་། སྐྱེས་པ་ནི་དྲག་པོ་དང་ཤུགས་ཆེན། དཔའ་བློ་སྤོབས་ཡོད་པ་འདྲ་བོ་ཞིག་ཏུ་ངོས་འཛིན་བྱས་ཏེ་ཕོ་མོའི་རང་བཞིན་ལ་ཁྱད་པར་འབྱེད་ཡོད་པ། ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནང་ཕོ་མོ་དབྱེ་འབྱེད་དང་བུད་མེད་ལ་རྩུབ་སྤྱོད་སོགས་བྱུང་སྐབས་དཀའ་ངལ་སེལ་ཐབས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཞེས་གསལ་ཡོད་ཀྱང་། གལ་སྲིད་མི་ཞིག་ལ་དབྱེ་འབྱེད་རྩུབ་སྤྱོད་སྤེལ་བའི་གནས་ཚུལ་བྱུང་ཚེ་མཐུན་སྦྱོར་རོགས་རམ་དེ་ག་དུས་བསྐྲུན་གྱི་ཡོད་པ་གསལ་པོ་མེད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཚེ་རིང་མཚོ་མོ་ལགས་ཀྱིས་སྲིད་བྱུས་ག་རེ་བཟོ་ཡི་ཡོད་ནའང་དེས་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་སེལ་ཐུབ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནང་མང་པོ་ཞིག་བྱས་ཡོད་སྐོར་བཀོད་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་སྤེལ་བར་སྟོང་ཆ་གང་དུ་ཡོད་མེད་དང་། དགོས་མཁོ་གང་དུ་ཡོད་མེད་སོགས་གསལ་མེད་སྟབས། སྲིད་བྱུས་ག་རེ་ཡིན་ཡང་སོ་སོའི་སྤྱི་ཚོགས་ནང་ག་རེ་མེད་པ་དེ་ཧ་གོ་བ་བྱས་ཏེ་མཉམ་རུབ་ཀྱིས་ཕྱག་ལས་གནང་ཐུབ་ན། སྲིད་བྱུས་ག་རེ་གཏན་འབེབ་བྱས་ནའང་གྲུབ་འབྲས་ལྡན་པ་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཐུབ་སྐོར་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༢༧

Leave a Reply

4 thoughts on “བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསམ་འཆར་འབུལ་བའི་གོ་སྐབས་དགོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བུད་་མེད་ནུས་སྟོབས་ཟེར་བའི་ཐ་སྙད་ལ་མཁས་པ་ཚོའི་ཉམས་
    ཞིབ་དགོས་པ་མཐོང་ཐ་སྙད་འདི་ནི་ཆབ་སྲིད་མི་སྣ་ཚོའི་ VOTE
    BANK གི་ཆེད་དུ་གཏན་འབེབས་གནང་བ་ཙམ་ལས་མ་
    འདས་བུད་མེད་ལ་འཇོན་སྟངས་ཡོད་ན་སུ་གཅིག་གི་ལམ་
    བཀག་ཡོད་པ་གོ་མ་མྱོང་ལ་བཙན་བྱོལ་བོད་མིའི་བཅའ་
    ཁྲིམས་ནང་ཕོ་མོ་འདྲ་མཉམ་གསལ་ཡོད་ལ་སྤྱི་འཐུས་གྲོས་ཚོགས་
    ནང་བུད་མེད་ལ་དམིགས་བསལ་ས་མིག་གཉིས་བཞག་ཡོད་པ་ནས་
    བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ལ་ཆེ་མཐོང་ག་ཚོད་ཞུས་
    འདུག་དེ་ནས་ངོ་སྤྲོད་ཐོབ་་རྒྱུ་བཅས་གང་ཟག་སྒེར་གྱི་བསམ་
    ཚུལ་ཞུས་པ་ཡིན་།

  2. ༄༅། ཚེ་རིང་མཚོ་མོ་ལགས་ནས་ཕྱག་ལས་གང་ཡག་གནང་གི་འདུག་་་་བཀྲིས་བདེ་ལེགས་ཡོད།
    ངས་རྒྱུ་ཞིག་ལ་བུད་མེད་ནུས་སྟོབས་ལེགས་པོ་དགོས་སྐོར་དང་ཕ་མོ་དབྱེ་འབྱེད་མེད་དགོས་
    རྒྱུའི་སྐོར་ལ་བོད་པའི་སྤྱོ་ཚོགས་ནང་ཡག་ཐག་ཆོད་ཡོད་པ་རེད། སོ་སོ་རང་ཉིད་ནས་མ་འཇོན་པ་མ་གཏོགས་བོད་གཞུང་གི་ཐོག་ནས་ཐུགས་སྣང་
    མ་གནང་བའི་བསམ་ཚུལ་བཤད་ན་ཁ་ཧམ་པ་ཆེ་ས་རེད།
    ཡོད་པ་ལ་མི་འདུག་དང། མེད་པ་ཡོད་མདོག་བྱས་ན་ཡག་པོ་མ་རེད།
    ད་བུད་མེད་རྣམས་ནས་གཅིན་པ་ལངས་ཏེ་གཏོང་གི་ཡིན་ཟེར་ན་ནི་གང་ཤེས།
    གལ་སྲིད་བེུད་རྣམས་གཅིན་པ་ལངས་ཏེ་གཏོང་གི་ཡིན་ཟེར་འགྲིགས་པ་རེད།

  3. ཧ ཧ བོད་གཞུང་གི་བུད་མེད་ལ་ག་རེད་བྱེད་སོང་། ཧ ཧ ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་པ་རེད་པས། ཧ ཧ ག་དུས་མ་སྤྲད་པ་རེད། ཧ ཧ
    ཝཻ། ན་མོ་ཚོ། བོད་གཞུང་གི་རྩ་ཁྲིམས་མགོ་ཚུགས་ས་༧གོང་ས་མཆོག་རེད་ད། ༧གོང་ས་མཆོགས་ནས་ ཕྱི་ལོར་ དྲུག་བཅུ་ར་གྲངས་ནས་ དམངས་གཙོ་བཀའ་སློབ་ཞིག་ལ་ ད་ནས་ཟུང་ ཨ་མའི་བུ་དང་བོུ་སུ་ཡིན་རུང་སློབ་སྦྱོང་དང་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་གསུངས་པ་བཞིན། བོད་ཀྱི་འགོ་ཁྲིད་ ཨ་ནེ་ཞིག་ཡིན་ན་བྱེད་མཆོག་གི་ཡོད་གསུངས་ཡོད། ཡང་༧ཁོང་གིས་ག་དུས་ཡིན་ན་ མ་ཟེར་བ་བཀའ་དྲིན་ཆེན་པོ་ཡིན་པ་ལྟག་དུ་གསུང་བཞིན་ཡོད། བྱམས་བརྩེའི་དགེ་རྒན་དང་པོ་ མ་ ཡིན་པ་གསུང་གིན་ཡོད། མ་ བུད་མེད་མ་རེད་པས་་་་་ བུད་མེད་གྲོད་ཁོག་རྒྱགས་པ་གླན་ལྐུག་ཚོའི་ ནུབ་ཕྱོགས་པའི་ལྟ་བ་ལ་འགྲན་གྱི་འདུག་ག འདི་ཞབས་འདྲེན་རེད་བསམ། ཁྱེད་རང་ཚོ་སློབ་གྲྭ་འགྲོ་མྱོང་མཁན་ཡིན་པའི་སྐད་ཆ་རེད་པ། རྒྱ་གར་དང་ཁ་ཆེའི་ཡུལ་ལ་བུད་མེད་ལ་གང་འདྲ་བྱེད་ཀྱི་ཡོད་མེད་ དངོས་སུ་དང་ གནས་ཚུལ་ཐོང་ཐོང་པ་རེད་པ། འོ་ཛི། ཆག་གོ།