རྐང་སྤོལ་རུ་ཁག་ཅིག་གིས་དུས་བཅད་ཀྱི་གྲྭ་པ་བྱས།

ཐའེ་ལན་ཌིའི་རྐང་སྤོལ་རུ་ཁག་གིས་སྲོག་སྐྱོབ་དྲིན་ཆེན་ལ་བཀའ་དྲིན་ཞུ་ཆེད་དུས་བཅད་ཀྱི་གྲྭ་པ་བྱས།

བྲག་ཕུག་ནས་བཏོན་པའི་ཐའེ་ལན་ཌིའི་བྱིས་པ་ཚོས་ཁོ་ཚོ་ཉེན་ཁའི་གནས་ལས་བསྐྱབས་པའི་གོ་རིམ་ཁྲོད་སྟབས་མ་ལེགས་པར་རང་སྲོག་ཤོར་མཁན་དང་། རོགས་སྐྱོབ་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཆེད་མཉམ་དུ་དུས་བཅད་ཀྱི་གྲྭ་པ་བྱས་ཏེ་ཆོས་སྒོར་ཞུགས་ཡོད་འདུག

 བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། བྲག་ཕུག་ནས་བཏོན་པའི་རྐང་སྤོལ་རྩེད་མོ་བ་བཅུ་གསུམ་ཡོད་པའི་ནང་ནས་གཅིག་ཡེ་ཤུ་ཡིན་པས་ཐེངས་འདིའི་བྱེད་སྒོར་ཞུགས་མེད་པ་དང་། དེ་མིན་གྱི་རྩེད་མོ་བ་བཅུ་གཅིག་ཉིན་གྲངས་ ༩ རིང་ཆོས་སྒོར་ཞུགས་རྗེས་སློབ་གྲྭར་འགྲོ་རྒྱུ་ཡིན་པ་དང་། ཁོང་ཚོའི་རྐང་སྤོལ་དགེ་རྒན་དེ་ལོ་གཅིག་རིང་གྲྭ་པ་བྱས་ནས་འདུག་རྒྱུ་ཡིན་འདུག

བྱིས་པ་རྣམས་དགོན་པར་བསྡད་པའི་རིང་། ཐའེ་ལན་ཌི་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་ལས་ཁུངས་ཆེད་འཛུགས་བྱས་ཏེ། ཆིང་ལའེ་རྫོང་གི་རྫོང་དཔོན་གྱིས་མགོ་འཁྲིད་དེ། རྩེད་མོ་བ་དང་རྐང་སྤོལ་དགེ་རྒན་བཅས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་སོགས་ཀྱི་ཐད་འགན་ལེན་རྒྱུ་ཡིན་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༧/༣༠

Leave a Reply