ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་ཀྱིས་སྤྲད།

བོད་རང་སྐྱོང་ལྗོངས་ནང་རྒྱ་གཞུང་གིས་དྲ་རྒྱའི་དབུལ་སྐྱོར་ལས་གཞི་གཏིང་ཟབ་ཏུ་སྤེལ་ཆེད་གོ་སྐབས་གསར་པ་དང་ཆ་རྐྱེན་གསར་པ། སྟེགས་བུ་གསར་པ་ཞེས་པ་བསྐྲུན་ཏེ་ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་དུ་སྤྲད་ཡོད་འདུག
དེ་རིང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དབུས་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གཉིས་མཉམ་འབྲེལ་ཐོག ཞིང་འབྲོག་མང་ཚོགས་ལ་རྒྱ་ནག་རང་གིས་བཟོས་པའི་བོད་ཡིག་དང་རྒྱ་ཡིག་གཉིས་ལྡན་གྱི་ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་ཀྱིས་སྤྲོད་པའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་གཞོན་པ་་ཏིང་ཡས་ཤན་ཟེར་བ་དེས། ཕྱི་ལོ་ ༢༠༡༦ ལོར་དབུལ་ཕོངས་རྫོང་ཁག་ལྔ་ཡིས་དབུལ་ཞྭ་ཕུད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྫོང་ཁག་ ༢༥ ཡིས་དབུལ་ཞྭ་འཕུད་ཐུབ་པའི་ཆ་རྐྱེན་དུ་བསླེབས་ཡོད་ལ། བོད་ལྗོངས་ནས་ཁྱོན་མི་འབོར་འབུམ་ ༣ ལྷག་དབུལ་ཕོངས་ལས་གྲོལ་ཐུབ་ཡོད་སྐོར་བསྒྲགས་འདུག

ཁ་པར་གྱི་སྐོར་ལ་ཏིང་ཡས་ཤན་གྱིས། ད་ཐེངས་ཀྱི་ཚོགས་འདུ་ལྷ་སར་འཚོགས་པ་དེས་ཀྲུང་དབྱང་དྲ་རྒྱའི་གཞུང་དོན་ཁང་གི་དབུ་འཁྲིད་དང་རྒྱལ་ཁབ་ཕྱི་ནང་ཁེ་ལས་ཀྱི་རིགས་གཅིག་མཁས་པ་ལྷན་འཛོམས་ཀྱིས་བོད་ཀྱི་དྲ་རྒྱའི་དབུལ་སྐྱོར་ལས་དོན་ལ་སྐུལ་ལྕག་དང་། སྐུལ་འདེད་ཀྱིས་རང་ལྗོངས་ལ་ཕྱོགས་ཡོངས་ནས་དྲ་རྒྱའི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་གོ་སྐབས་གསར་པ་བསྐྲུན་པ་དང་། ཆ་རྐྱེན་གསར་པ་གཏོད་པ། སྟེགས་བུ་གསར་པ་གཏོད་པ་བཅས་བྱས་ཡོད། ཅེས་བརྗོད་འདུག

རྒྱ་ནག་བོད་སྐད་རླུང་འཕྲིན་དྲ་བའི་གནས་ཚུལ་ནང་། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ཁ་པར་དེས་ཞིང་འབྲོག་མང་ཚོགས་ཀྱི་དྲ་བ་དང་ཆ་འཕྲིན་གྱི་བདེ་འཇགས་འགན་སྲུང་ལྡན་ལ། འཚོ་བའི་དགོས་མཁོ་དང་འཚམ་པ། བོད་སྐད་ཡིག་གི་བཀོལ་སྤྱོད་སྟབས་བདེ་ཅན་ཡིན་པས། སྲིད་གཞུང་གི་དྲ་བ་དང་ཆ་འཕྲིན་ལས་ཁུངས་ཁག་དང་འབྲེལ་ཡོད་དྲ་རྒྱའི་ཁེ་ལས་ཀྱིས་ཁྱོན་རྒྱ་སྒོར་བྱེ་བ་ ༢ དང་ས་ཡ་ ༩ བཏང་སྟེ་སྐད་རིགས་གཉིས་ལྡན་གྱི་ཁ་པར་ཁྲི་༢ དེ་ཉོས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༣༡

Leave a Reply

One thought on “ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་ཀྱིས་སྤྲད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ལོ་རབས་ལྔ་བཅུའི་ནང་བོད་པ་ཚོའི་རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་་།
    དངུལ་དཱ་ཡངས་ཆར་པ་བབས་བབས་རེད་ཟེར་།
    དུས་དེང་སང་ཡིན་ན་རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་།
    ལག་ཁྱེར་སྐད་འཕྲིན་ཆར་པ་བབས་བབས་རེད་ཟེར་ཧཧ།
    བོད་མི་མང་ལ་མགོ་སྐོར་འདི་འདྲ་གཏོང་ཕོད་པ་ལག་ཁྱེར་ཟྐད་འཕྲིན་རིན་མེད་
    སྤྲད་ནས་བོད་མི་མང་དབུལ་ཕོང་ནས་ག་འདྲ་བྱས་ནས་སྒྲོལ་བ་རེད་འབྲེལ་བཤད་
    རྒྱོབ་་དང་ཧཧཧ