གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་ཚོཊ། 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་དེ་རིང་ནས་རྡེ་ར་ལྡུན་བདེ་སྐྱིད་གླིང་དུ་དབུ་འཛུགས་ཀྱིས་གྲོས་གཞི་དོན་ཚན་ ༡༡ ཐོག་གྲོས་བསྡུར་གནང་བཞིན་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་དེ་རིང་ཕྱི་ཟླ་ ༦ ནས་ ༡༠ བར་རྒྱ་གར་རྡེ་ར་ལྡུན་བདེ་སྐྱིད་གླིང་གི་པོ་ཏ་ལ་ཚོགས་ཁང་དུ་ཚོགས་བཞིན་ཡོད་པ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཅོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱི་གཙོས་བདེ་སྐྱིད་གླིང་ས་གནས་མགོ་འཛིན་དང་། གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཁག་ ༣༥ ནས་ཚོགས་མི་བཅས་མི་གྲངས་ ༡༥༠ མ་ཟིན་ཙམ་འཛོམས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་ཐར་ལགས་སུ་ཚོགས་འདུའི་སྐོར་དྲིས་པར་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་རེར་འགན་འཛིན་ལྷན་ཚོགས་ཐེངས་རེར་ཚོགས་སྲོལ་པ་ཡོད་ལྟར། ད་ལན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་དེ་ཆགས་ཡོད་པ་རེད། ཚོགས་འདུ་འདིའི་ཐོག་གྲོས་གཞི་དོན་ཚན་ ༡༡ ཡོད་པ་དང་། དེའི་ནང་དུ་ལས་པའི་ལས་བསྡོམས་ལ་བསྐྱར་ཞིབ་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུ་ཕྱཱའི་ཐོག་ཚོགས་པའི་ངོས་ནས་རྐང་འགན་ག་རེ་འཁུར་དགོས་མིན་དང་། ཚོགས་པའི་ལངས་ཕྱོགས་གཞིར་བཟུང་ཐོག་གཙོ་བོ་བོད་ནང་གི་གནས་སྟངས་དང་རང་ལུས་མེར་བསྲེགས། དེ་བཞིན་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་གཙོས་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་ཐབས་སོགས་ཀྱི་ཆེད་དུ་སྔར་ལྷག་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐབས་སྐོར་དང་། བཙན་བྱོལ་ནང་སྤྱི་ཚོགས་ཞབས་ཞུའི་གཙོས་ནད་མནར་དབུལ་ཕོངས་རྣམས་ལ་ལྟ་སྐྱོང་རོགས་རམ་ག་རེ་ཞུ་དགོས་པ་དང་། དེ་བཞིན་བོད་ཀྱི་གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་ཡོང་སླད་སྔར་ལྷག་གི་ཐབས་ཤེས་འཚོལ་སྡུད། ཕྱི་ལོ་ ༢༠༢༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་གཙིར་དབུས་དང་ས་གནས་གཉིས་ནས་ལས་རིམ་ག་རེ་བསྒྲིག་དགོས་སྐོར་སོགས་ལ་གྲོས་བསྡུར་གནང་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༠༦

Leave a Reply

3 thoughts on “གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་ཚོཊ། 

  1. བོད་ཀྱི་དུས་བབ་ཚང་གི་ བོད་ཀྱི་གཞོན་ནུ་ཚོགས་དུ་ ཐེངས་ ༤༩ པ་ཟེར་བ་དེ་ དུས་བབ་ནང་བཀོད་པ་སེམས་པ་གཏིང་ནས་སྐྱོ། 😔 🤢 ༧གོང་ས་མཆོག་གི་ལམ་སྟོན་ལ་འདོད་མོས་ མེད་མཁན་ཚོགས་པ་ཞིག་གི་ ༧རྒྱལ་བ་པཎ་ཆེན་གཉིས་ཀྱི་ ༧སྐུ་ཕྱཱའི་ཐོག་ འགན་ཁུར་བྱེད་ཀྱི་ཡོད་དོག་དོག་ གཏམ་བརྗོད་ཀྱི་ཚོགས་དུ་ཞིག ❗️🤔 ༧གོང་ས་མཆོག་ལ་མ་རེད་དོག་དོག་བྱས་དུས་ ༧སྐུ་ཕྱའི་ཐོག་ལ་འབྲལ་བ་ ❓❓❓😂🤣😂🤣😂🤣 😅🤪 ཨ་ཡོ་ ད་ཡིན་ན་ Joke སློང་གི་འདུག བོད་ཀྱི་ छोर दो only གཞོན་ནུ་ཚོགས་པ།

  2. ༄༅། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ ཐོག་འཚམས་འདྲི་བཀྲིས་
    བདེ་ལེགས་ཞུ་གི་ཡོད།

  3. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བཙན་བྱོལ་ནང་གཞོན་ནུའི་སྒྲིག་འཛུགས་གཉིས་དང་མདོ་སྟོད་ཆོལ་ཁའི་སྒྲིག་འཛུགས་གཉིས་འདུག་པ་འདི་
    དག་སྒྲིག་འཛུགས་གཅིག་ཏུ་གནས་དགོས་པ་དེ་བོད་དོན་བདེན་མཐའ་སེལ་ཐུབ་པའི་བོད་མིའི་ཆིག་བསྒྲིལ་གྱིས་སྟོབས་
    ཤུགས་ལ་སོང་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་
    ཚོགས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ནས་བཙན་བྱོལ་སྤྱི་ཚོགས་ནང་གཞོན་ནུའི་
    སྒྲིག་འཛུགས་གཅིག་དང་མདོ་སྟོད་ཆོལ་ཁའི་སྒྲིག་གཅིག་བཅས་བཟོ་ཐུབ་པའི་འགན་དབང་བཞེས་དགོས་པ་དེ་བོད་མིའི་
    ཆིག་བསྒྲིལ་གྱི་བླ་སྲོག་ཡིན་པའི་ངོས་འཛིན་དང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་
    བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབས་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བོད་མིའི་ཆིག་བསྒྲིལ་
    གྱིས་ནུས་པ་ལ་འགན་སྲུང་ཐུབ་པའི་ཡིད་ཆེས་དང་བཅས་བཀྲིས་བདེ་ལེགས་ཐུགས་རྗེ་ཆེ་བཀྲིན་ཆེ་།