སྨན་ཁང་དུ་མེ་སྐྱོན་ཚབས་ཆེན་བྱུང་།

ཐའེ་པའེ་སྨན་ཁང་གི་ནད་གསོ་ཁང་དུ་གློ་བུར་མེ་སྐྱོན་བྱུང་སྟེ་ཉུང་མཐར་ནད་པ་ ༩ རྐྱེན་འདས་དང་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བྱུང་ཡོད་འདུག

དེ་རིང་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༤།༣༦ སྟེང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་གསར་པའི་ནང་ཡོད་པའི་གཞུང་འབྲེལ་ཐའེ་པའེ་སྨན་ཁང་གི་ནད་ཁང་ཐོག་རྩེག་བདུན་པར་གློ་བུར་དུ་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། ཐའེ་ཝན་ནང་ཡོད་པའི་(Focus Taiwan)གསར་ཁང་གི་གནས་ཚུལ་ལྟར་ན། མེ་སྐྱོན་ཁྲོད་ཉུང་མཐར་ནད་པ་ ༩ རྐྱེན་འདས་སུ་ཕྱིན་པ་དང་། ནད་པ་ ༡༥ ལ་སྙིང་རྩ་འགག་ཡོད་ཀྱང་དེ་ལས་ནད་པ་བདུན་གསོན་ཐུབ་ཡོད། ད་ལྟའི་ཆར་རྨས་མ་རྣམས་སྨན་ཁང་གཞན་ཁག་ཏུ་བསྐྱལ་ཏེ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། བརྒྱུད་ལམ་གཞན་གྱི་གནས་ཚུལ་ལྟར་ན།  ནད་པ་༣༣ ཚུད་པའི་ཁྱོན་བསྡོམས་མི་༤༤ ཉེན་ཁ་ལས་ཐར་ཡོད་འདུག

མེ་གསོད་ལས་ཁུངས་ཀྱི་འགན་འཛིན་ཧང་ཊི་ཆེན་(Huang Te-ching) གྱིས་གསར་འགོད་པར། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་མུ་མཐུད་དུ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། མེ་གསོད་རུ་ཁག་གིས་མེ་དུས་ཐོག་ཏུ་གསོད་མ་ཐུབ་པའི་སྐད་ཆ་དེ་ངོས་ལེན་མེད་ཀྱང་། མེ་གསོད་འཕྲུལ་ཆས་དུས་ཐོག་ཏུ་འབྱོར་ཡོད་ནའང་མེ་ཤོར་སའི་ཁང་རྩེག་དང་བར་ཐག་ཅུང་རིང་བས་དེ་མ་ཐག་ཏུ་མེ་གསོད་ཐུབ་མེད་སྐོར་བརྗོད་འདུག

ཐའེ་ཝན་གྱི་ཆབ་སྲིད་པ་(Premier William Lai ) ཐའེ་ཝན་མི་མང་ལ་ང་ཚོས་གནས་ཚུལ་འདིའི་འབྱུང་རྐྱེན་ལ་བསྐྱར་ཞིབ་བྱེད་དེ། སླར་དོན་རྐྱེན་འདི་འདྲ་མི་འབྱུར་བར་སྔོན་འགོག་བྱེད་རྒྱུ་ཡིན། ཞེས་སེམས་གསོ་དང་འབྲེལ་ཏེ་དགོངས་དག་ཀྱང་ཞུས་ཡོད་སྐོར་བརྗོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༣

Leave a Reply

One thought on “སྨན་ཁང་དུ་མེ་སྐྱོན་ཚབས་ཆེན་བྱུང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཨ་ཁ་སྨན་ཁང་དུ་ནད་ལས་མཐར་བའི་ཚབ་
    ཏུ་སྨན་ཁང་དུ་ཤི་ཁར་ཕྱིན་པ་འདྲ་བོ་ཆགས་
    འདུག་ཨ་ཁ་ཨོམ་མ་ཎི་པདྨེ་ཧུང་་་་་་་
    ཧུང་་་་་་་་་་་་་་ཧུང་་་་་་་་་་ཧྲི་ནུབ་ཕྱོགས་
    བདེ་བ་ཅན་དུ་སྐྱེ་བ་ཤོག་ཨོམ་མ་ཎི་པདྨེ་ཧུང་
    ཧྲི།