རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་གནང་།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ ༧༢ འཁོར་བའི་ཉིན་མོ་སྲུང་གཙི་གནང་བ་དང་འབྲེལ་བོད་མི་ཚོས་རྒྱ་གར་ནང་དཔལ་ན་ལེནྡྲའི་ལྟ་གྲུབ་བསྐྱར་གསོ་ཡོང་ཐབས་དགོས་པའི་འབོད་སྐུལ་གནང་།
དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་ས་གནས་གང་སར་དབྱིན་ཇིའི་དབང་སྒྱུར་འོག་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༢ འཁོར་བའི་ཉིན་མོ་སྲུང་གཙི་གནང་བཞིན་ཡོད་པ་ལྟར། སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཐོག་ཁང་གི་མདུན་ཐང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་སྲི་ཞུ་ལས་བྱེད་ཁག་ཅིག་བཅས་འཛོམས་ཏེ་ཉིན་མོ་འདི་སྲུང་གཙི་གནང་སོང་།

རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་རྒྱ་གར་རང་བཙན་ཉིན་མོར་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་ཞུས་ཡི་ཡོད། རྩ་བའི་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་བདུན་ཅུ་དོན་གྲངས་ནང་། དཔལ་འབྱོར་ཐོག་ནས་འཛམ་གླིང་ནང་ཨང་ ༥ པ་ཆགས་ཡོད་པ་དང་། ཡི་གེ་འབྲི་ཀློག་གི་ཤེས་ཚད་ཐད་ནས་ཀྱང་སྔོན་ཆད་བརྒྱ་ཆ་ ༡༤ ཙམ་ནས་ད་ལྟ་བརྒྱ་ཆ་ ༧༤ ཙམ་ལ་བསླེབས་ཡོད་པ་རེད། དེ་བཞིན་ཆབ་སྲིད་ཐོག་ནས་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་ནང་ཚུད་པ་དེ། འདས་པའི་ལོ་བདུན་ཅུ་ལྷག་གི་ཧ་ལས་པའི་གྲུབ་འབྲས་ཆེན་པོ་རེད་བསམ་གྱི་འདུག དེ་བས་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མི་དང་བོད་དོན་ཆེད་དུ་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་འཛམ་གླིང་འདིའི་ནང་རྒྱལ་ཁབ་གཞན་ཡོད་པ་མ་རེད། དེ་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཞེས་གསུངས་སོང་།

བོད་མིས་རྒྱུན་འཛིན་བྱས་ཡོད་པའི་དཔལ་ན་ལེནྡྲའི་ལྟ་གྲུབ་རྒྱ་གར་ནང་བསྐྱར་གསོ་དགོས་སྐོར་ལ་ཁོང་གིས། ༧གོང་ས་མཆོག་ནས་དུས་རྟག་ཏུ་རྒྱ་གར་གྱི་དཔལ་ན་ལེནྡྲའི་ལྟ་གྲུབ་དེ་རྒྱ་གར་ནང་བསྐྱར་གསོ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུང་བཞིན་ཡོད་པ་ལྟར། ལྟ་གྲུབ་དེ་བོད་ནང་ལོ་ངོ་སྟོང་ཕྲག་རིང་མ་ཉམས་གོང་སྤེལ་བྱས་ནས་གནས་ཡོད་པས། དེ་རྒྱ་གར་ནང་དར་སྤེལ་བྱེད་རྒྱུ་གལ་ཆེན་པོ་རེད། དེའི་ཐོག་བོད་མི་ཚང་མས་ཐུགས་གནང་གནང་རོགས་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༦

Leave a Reply

2 thoughts on “རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་གནང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ག་འདྲ་བྱས་ནས་རག་འདུག་
    བོད་མི་ཚོའི་ཐུགས་སྣང་གནང་ནས་མ་འོང་བོད་ཀྱི་བདེན་མཐའ་སེལ་
    དགོས་པ་ནི་རྒྱ་གར་མི་མང་མཐུན་སྒྲིལ་གྱི་ཐོག་ནས་དབྱིན་ཇིའི་འོག་
    ནས་རང་བཙན་བླངས་ཡོད་པ་ལས་ནང་ཁུལ་གྱི་ཆིག་སྒྲིལ་གཏོར་ནས་
    རང་བཙན་རག་མེད་པ་ནས་ང་ཚོ་བོད་མི་ཚོའི་རྒྱ་གར་ལ་དཔེ་ལྟས་ནས་
    བོད་དོན་བདེན་མཐའ་སེལ་ཐུབ་པའི འགན་འཁུར་བཞེས་དགོས་པ་ལས་
    ནང་འཁྲུགས་དང་ཁ་མཆུ་རྒྱབ་ནས་བོད་དོན་བདེན་མཐའ་ནམ་ཡང་སེལ་
    མི་ཐུབ་ན་འགོ་མང་ཚང་དགོང་པ་བཞེས་དགོས་པའི་དུས་ལ་བབ་མི་འདུག་
    གམ་།