སྐུ་ཚབ་དོན་གཅོད་གཉིས་གསར་དུ་བསྐོས།

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུད་སིའི་སྐུ་ཚབ་དོན་གཅོད་དང་ཡུ་རོབ་སྤྱི་ཟུར་བསོད་ནམས་ཚེ་རིང་ལགས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུགབོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ནང་སྲིད་དྲུང་ཆེ་དགེ་གླིང་འཆི་མེད་རིག་འཛིན་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༠༥ ནས་ལས་ཁུར་མགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་སྐབས་ ༡༣ དང་ ༡༤ པའི་ཡུ་རོབ་སྤྱི་འཐུས་བསོད་ནམས་ཚེ་རིང་ལགས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག

ནང་སྲིད་དྲུང་ཆེ་དགེ་གླིང་འཆི་མེད་རིག་འཛིན་ལགས་ནི། ཕྱི་ལོ་ ༡༩༦༠ ལོར་པདྨ་བཀོད་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ལོར་རྡོར་གླིང་བོད་གཞུང་དབུས་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༨༧ ལོར་ BA ཐོན་རྗེས། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢ ཉིན་དྲུང་གཞོན་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་གསར་བསྐོ་གནང་བ་དང་། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༠ ཉིན་བཀའ་ཡིག་དྲུང་གཞོན་དུ་བསྐོས། ཕྱི་ལོ་ ༢༠༠༠ ཟླ་ ༡༡ ཚེས་ ༡༥ ནས་སྦིར་བོད་ཚོགས་བཟོ་གཞིས་ཀྱི་ས་གནས་མགོ་འཛིན་དང་མན་སྤར་ཕན་བདེ་གླིང་གི་ས་གནས་མགོ་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༢ ནས་ཟུང་དྲུང་གནས་རིམ་ཐོག་གནས་སྤར་དང་སྦྲགས་སྦེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན་དུ་གནས་སྤོས་གནང་།

ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༩ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༢ ལོར་ནང་སྲིད་དྲུང་འཕར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ནས་འཕྲོད་བསྟེན་ལས་ཁུངས་སུ་དྲུང་ཆེ་གསར་པ་བསྐོ་གཞག་མ་བྱུང་བར་དྲུང་ཆེ་ལས་ཚབ་ཏུ་བསྐོས།  ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ནང་སྲིད་དྲུང་ཚབ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༥ པ་ནས་ནང་སྲིད་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply

One thought on “སྐུ་ཚབ་དོན་གཅོད་གཉིས་གསར་དུ་བསྐོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    དོན་གཅོད་གཉིས་གསར་དུ་བསྐོས་པ་རེད་དམ་བརྗེ་ལེན་རྒྱབ་པ་རེད་།
    དོན་གཅོད་ལས་ཐོག་གཉིས་སྐོར་གསལ་བཤད་མེད་པ་ག་འདྲ་ཡིན་ནམ་།