སྒྲོལ་མ་ལྷ་མོས་སྙན་ངག་གྱེར་འདོན་གྱི་ཨང་དང་པོ་བླངས།

གངས་རྒྱན་མེ་ཏོག་རྟགས་མའི་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་ཐོག་ཁ་ཤག་སྒྱུ་རྩལ་བ་གྲགས་ཅན་སྨན་ལྷ་སྐྱབས་ལགས་སུ་དཔྱད་འདེམས་པའི་དམིགས་བསལ་གཟེངས་རྟགས་ཐོབ་ཡོད་འདུགཁ་སང་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ། གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་བསྡུས་ཡོད་པ་དང་། འགྲན་ཚོགས་ཐོག་བོད་དང་རྒྱ་ནག་གི་མི་རིགས་སློབ་གྲྭ་ཁག་ ༡༠ ལྷག་ནས་ཕུལ་བྱུང་འགྲན་ཞུགས་སློབ་མ་ ༣༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ཁྲོད་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་མ་སྒྲོལ་མ་ལྷ་མོར་ཨང་དང་པོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ལྷ་མོ་དབྱངས་ཅན་དང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་མ་པདྨ་བདེ་སྐྱིད་གཉིས་ལ་ཨང་གཉིས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་རྒྱ་མཚོ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་དབྱངས་ཅན་ལྷ་མོ། བོད་ལྗོངས་སློབ་ཆེན་གྱི་སློབ་མ་བློ་བཟང་ཚེ་རིང་གསུམ་ལ་ཨང་གསུམ་པ་ཐོབ་ཡོད་པ་དང་།  གཞན་ཡང་སློབ་མ་ ༡༠ ལ་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད་འདུག

མཛད་སྒོའི་ཐོག་ཁ་ཤག་སྒྱུ་རྩལ་བ་གྲགས་ཅན་རྒན་སྨན་བླ་སྐྱབས་ལགས་ཀྱིས་བྲིས་པའི་<<ལྷ་སའི་སྙན་ངག>>ཞེས་པར་རྩོམ་རིག་དཔྱད་འདེམས་ཚོགས་པའི་དམིགས་བསལ་གཟེངས་རྟགས་དང་། ཕག་མོ་དོན་གྲུབ་ཀྱིས་བྲིས་པའི་<<གཅན་ཆེད་འབར>>། གཡང་འབུམ་ཚེ་རིང་གིས་བྲིས་པའི་<<སྙན་ཚོམ་ལྷ་སའི་བག་ཆགས>>། མགོན་པོ་ཚེ་རིང་གིས་བྲིས་པའི་རང་མོས་སྙན་ངག་<<ཁྱེད་མཚོན་བྱེད་དུ>>། དེ་བཞིན་སྤེན་པ་དོན་གྲུབ་ཀྱིས་བྲིས་པའི་རང་མོས་སྙན་ངག་<<རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ>>། དབྱངས་འབུམ་ཚེ་རིང་གིས་བྲིས་པའི་ཚིགས་བཅད་སྙན་ངག་<<གཏེར་ལེན་ཁའི་རབ་བྱེད>>བཅས་ལ་སྐབས་ལྔ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་་ན་གཞོན་སྙན་ངག་པ་ཁྲི་སེམས་དཔའ་དང་ཐོ་རེངས་གཉིས་ལ་ཐེངས་འདིའི་གངས་རྒྱན་མེ་ཏོག་རྟགས་མའི་གདན་ཞུའི་རྩོམ་སྒྲིག་པའི་བྱ་དགའ་ཐོབ་ཡོད་འདུག

 གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། བོད་ནང་མཚན་སྙན་དང་ངོས་འཛིན་ཆེ་བའི་རྒྱལ་ཡོངས་རང་བཞིན་གྱི་སྙན་ངག་བྱ་དགའ་ཆེན་པོ་ཞིག་ཡིན་པ་དང་། རྩོམ་སྒྲིག་བྱ་དགའ་དེ་བརྒྱུད་བོད་ཡིག་ཐོག་སྙན་ངག་གསར་རྩོམ་ལ་གྲུབ་འབྲས་འབུར་ཐོན་ཅན་ལེན་མཁན་ཚོར་སྐུལ་མ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply