ཚེ་རིང་དབྱངས་སྐྱིད་ལགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་རྒས་ཡོལ་དུ་ཕེབས་ཏེ་ཚེ་རིང་དབྱངས་སྐྱིད་ལགས་འགན་འཛིན་དུ་བསྐོ་བཞག་གནང་འདུག

དེ་རིང་བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་ངོ་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་རྒས་ཡོལ་དུ་ཕེབས་ཏེ། དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་འགན་འཛིན་དུ་བསྐོ་བཞག་གནང་འདུག

ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་འདི་གའི་གསར་འགོད་པར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་རྒས་ཡོལ་ཕར་འགྱངས་ཀྱི་དུས་ཡུན་རྫོགས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཚེ་རིང་དབྱངས་སྐྱིད་ལགས་འགན་འཛིན་དུ་བསྐོ་བཞག་གནང་ཡོད་པ་བརྗོད་བྱུང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་གིས་ཚེ་རིང་དབྱངས་སྐྱིད་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེར་བསྐོ་བཞག་བྱུང་བ་དང་། ཟླ་འདིའི་ཕྱི་ཚེས་༢ ཉིན་ནས་དངོས་སུ་ལས་འཁུར་ཞུ་རྒྱུ་ཡིན་པའི་བཀའ་ཁྱབ་གནང་ཡོད་པ་རེད།

བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལོ་ ༦ རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ཧྲིལ་པོ་ ༣༨ རིང་ཞབས་ཞུ་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༢

Leave a Reply