སྣེའུ་གདོང་ཟམ་ཆེན་འགྲུབ་ལ་ཡོད་ཟེར།

རྒྱ་ནག་གཞུང་གིས་བོད་སྣེའུ་གདོང་ནས་སྟོད་ལུང་བདེ་ཆེན་བར་ཟམ་པ་རིང་པོ་ཞིག་རྒྱག་བཞིན་ཡོད་པ་དེ་ཟླ་འདིའི་ཟླ་མཇུག་ཏུ་འགྲུབ་ཀྱི་ཡོད་སྐོར་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༥ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༦ ལོར་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཤིང་རིང་ཚད་ལ་སྤྱི་ལེ་ ༤.༦ ཡོད་པའི་རྒྱལ་ས་ལྷ་སའི་སྐྱིད་ཆུའི་སྨད་རྒྱུད་ཀྱི་སྣེའུ་གདོང་ཟམ་ཆེན་ཟླ་འདིའི་ཟླ་མཇུག་ནས་ཤར་གཏོང་ཐུབ་ཀྱི་ཡོད་པ་དང་། ཟམ་པ་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཕྱི་ལོ་ ༢༠༠༩ ནས་ ༢༠༢༠ བར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད་ལས་གཞིའི་ཁྲོད། གྲོང་སྐོར་གཉིས་དང་། འཕྲེད་ཐིག་བདུན། གཞུང་ཐིག་དགུའི་འཆར་འགོད་ཟེར་བའི་ཁྲོད་ཀྱི་གཅིག་ཡིན་འདུག

ཟམ་པའི་སྤྱི་ཁྱབ་བཟོ་འགོད་པ་་ལི་ཡཱ་ཅུན་ཟེར་བ་ཞིག་གིས་གསར་འགོད་པར། ཟམ་པ་དེ་ནི་ཕྱི་ལོ་ ༢༠༡༦ ལོའི་ལོ་མགོ་ནས་ལས་གཞི་དངོས་སུ་མགོ་བརྩམས་ཡོད་པ་དང་། ད་ལྟའི་བར་མ་ཟམ་དང་ཟུར་ལམ་ ༤ བཅས་ལེགས་འགྲུབ་བྱུང་ཡོད། ད་ལྟ་མི་འགྲོ་ས་དང་ཟམ་སྟེགས་སོགས་ཞོར་གཏོགས་བཟོ་སྐྲུན་གྱི་ལས་གཞི་འགྲོ་བཞིན་ཡོད་པ་དང་། འཆར་གཞི་ལྟར་ན་ད་ལོའི་ཟླ་ ༡༢ པའི་ཟླ་མཇུག་ཏུ་ཚང་མ་ལེགས་འགྲུབ་ཐུབ་རྒྱུ་ཡིན་ལ། ཞིབ་བཤེར་རྩིས་ལེན་བྱས་རྗེས་རླངས་འཁོར་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོའི་ཟམ་ཆེན་བཟོ་སྐྲུན་ཚོགས་འདུའི་སྐབས་རང་སྐྱོང་ལྗོངས་ཟེར་བའི་མགོ་འཁྲིད་ཚོས་ཟམ་པ་དེ་ནི་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རིག་ལག་རྩལ་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ཁག་གིས་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་གཅིག་བསྡུས་བྱས་ནས་ལས་གཞིའི་རྣམ་གྲངས་ཚན་རིག་དང་མཐུན་ཞིང་། གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་རྒྱུ་འགན་སྲུང་བྱེད་དགོས་པ་དང་དམིགས་ཚད་ཁ་གསལ་བཟོ་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

སྤྱིར་རྒྱལ་ས་ལྷ་སའི་སྐྱིད་ཆུའི་སྟེང་དུ་དེ་སྔོན་ནས་ཨར་འདམ་གྱི་ཟམ་པ་གཉིས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་གིས་གྲོང་ཁྱེར་གྱི་དཔལ་འབྱོར་ཡར་རྒྱས་དང་གཞུང་ལམ་སྟབས་བདེ་ཡོང་བར་ཁ་གཡར་ནས་ལྷ་སའི་ཤར་ངོས་ཀྱི་སྐྱིད་ཆུའི་སྟེང་མ་དངུལ་རྒྱ་སྒོར་དུང་ཕྱུར་༢.༤༤༨ བཏང་ནས་རྔ་ཆེན་ཟམ་པ་ཟེར་བ་ཞིག་བཟོ་སྐྲུན་བྱས་ཡོད་པ་རེད།

འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་རང་གི་ཆེད་དུ་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་སྤེལ་བཞིན་ཡོད་པ་དང་། གནད་དོན་དེས་བོད་ཀྱི་གནས་རི་དང་གཏེར་རི། གཙང་བོ་སོགས་གང་བྱུང་བསྔོགས་པ་དང་རང་བྱུང་གི་ལྷན་སྐྱེས་ལ་བསྒྱུར་བཅོས་གཏོང་བ་སོགས་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་གཏོང་བཞིན་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་གྱི་ཉེར་ལེན་ལ་བརྟེན་ནས་བོད་ཁུལ་དུ་སྔོན་ཆད་བྱུང་མ་མྱོང་བའི་རང་བྱུང་གི་གོད་ཆག་རི་ཉུལ་བ་དང་། ས་འགུལ་བྱུང་བ། ཆུ་ལོག་རྒྱུག་པ། མཚམས་རེར་ཆར་བ་ཆེན་པོ་བབས་པ་དང་ལོ་རེར་ཐན་པ་ཡོང་བ་སོགས་རང་བྱུང་ཁོར་ཡུག་དོ་མི་མཉམ་པའི་གནས་སུ་གྱར་ཡོད་པ་རེད།

ཐེངས་འདིའི་སྣེ་གདོང་ཟམ་ཆེན་ཟེར་བ་དེ་སྣེའུ་གདོང་དང་སྟོད་ལུང་བདེ་ཆེན་བར་གྱི་འགྲོ་ལམ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཟམ་པའི་ཞིང་ཚད་ལ་རྨིད་ ༣༡ དང་དུས་གཅིག་ལ་འཕྲེད་དུ་རླངས་འཁོར་ ༦ ཤར་གཏོང་ཐུབ་སྐོར་བརྗོད་ཡོད་པ་དང་། ཟམ་པ་དེས་བཟོ་བཀོད་དེ་ལྷ་སའི་ས་གནས་ཀྱི་རིག་གནས་ཁྱད་ཆོས་གཙོ་བོར་བཟུང་ནས་ཨེ་ཤ་ཡའི་ཉི་འོད་བརྗོད་དོན་གཙོ་བོར་བྱས་ཏེ་སྒོར་དབྱིབས་ཀྱིས་བཟོས་ཡོད་པ་དང་། ཉི་ནུས་མ་ལག་སྤྱད་ཡོད་པས་མཚན་མོར་རང་འགུལ་གྱིས་གློག་འབར་གྱི་ཡོད་པ་མ་ཟད། གློག་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༠༧

Leave a Reply

2 thoughts on “སྣེའུ་གདོང་ཟམ་ཆེན་འགྲུབ་ལ་ཡོད་ཟེར།

  1. གཞུང་པ་ཚེ་དབང་ཁྱེད་རང་མིག་ཕྲ་མོ་ཞིག་རེད་འདུག སྤྱིར་ སྔ་མོ་ནས་ ཅོ་མའོ་ཡི་ ནམ་ཞིག་བོད་ཡར་རྒྱས་ཕྱིན་པའི་ཉིན་མོར་ ང་ཚོའི་བཅིངས་འགྲོལ་དམག་ ད་དུང་བོད་ལ་སྡད་རོགས་ཟེར་ན་སྡོད་ཀྱི་མ་རེད་ལབ་ཡོད། རྒྱ་དམར་གྱི་བོད་ལ་དེང་དུས་ཁང་པ་དང་། ཟམ་པ་ ལྕགས་ལམ་ ཁྲ་ཁྲ་ཟིང་ཟིང་ག་ཤས་ཞིག་བརྒྱབ་པ་ལ་ ལ་འདག་ཡ་ཡོད་མ་རེད། བོད་ཀྱིས་ས་བཅུད་འཁོར་ཡུག་ ཡོད་ཚད་ཚང་མ་ འབྲ་ས་ལ་འབྲུ། གཏོར་བཤིག་བཏང་ས་ལ་གཏོར་བཤིག་བཏང་། ཚང་མ་རྒྱ་ནག་ལ་བོར་ཚར་པ་རེད། རྒྱ་ནག་གློ་བུར་ཐོ་རྒྱག་ལ་ཡར་རྒྱས་གང་འདྲ་སེ་ཕྱིན་པ་རེད། ཅོ་མའོ་ཡི་སྔོན་ལ་ང་ཚོའི་བོད་ལ་ལམ་ཁ་ཞིག་བསྐྲུན། དེ་ནས་བོད་ནས་ང་ཚོ་ལ་རོགས་རམ་ཐོབ་ཀྱི་རེད་གསུངས་ཡོད། ད་དུང་རྒྱ་དམར་གི་བོད་དེ་སྐྱ་མདོག་མདོག་བརྩི་མ་སྤྲད་ན་ཡག་པོ་རེད། ཁ་ཆེ་རྒྱལ་ཁབ་ ཨཕ་གྷན་དང་། ཡེ་མན་སོགས་ལ་ལྟོས་དང་། ལུང་པ་སྐྱ་མདོག་མདོག་ ཁོ་རང་ཚོ་ནང་འཁྲུག་འཁོལ་ནས་སྡད་ཡོད། ཅོ་ཞི་ཅིན་ཕིང་གིས་རྨི་ལམ་ བོད་དེ་འབེད་རྩ་མེད་ཁོག་པ་ནང་བཞུར་ཡ་དེ་རེད། འཇོན་ན་ ང་ཚོའི་རྒྱ་ནག་ལ་ ཁྱེད་ཚོ་བོད་ལ་ཡར་རྒྱས་གཏོང་ས་ཡོང་རོགས་བྱེད་ཟེར་མཁན་སུ་རེད། གཉིས་པ་དེ་ སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་སྒྲུབ་གསུངས་པ་དེ་རེད། 1950 ང་གྲངས་ནས་ བོད་ནས་ཕར་ཅ་དངོས་ག་ཚད་འཁྱེར་བ་དེ་ཚོ་ཚུར་བརྩི་སྤྲོད་བྱེད་དགོས་ཡོད་ཟེར་ཡ་དེ་རེད། ད་དུང་ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་དང་། བོད་ཀྱོ་དུད་འགྲོ་སྲོག་ཆགས་མང་པོ་རང་སྲོག་འདོར་དདགོས་བྱུང་བ་རེད་པ། ད་ ཤལ་སྒོ་ཁང་པ་ག་ཤས་དང་། ཟམ་པ་ག་ཤས་ཞིག་ལ་ ལ་འདག་ས་རེད་པས་ ? !

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་ཡུལ་ཡར་རྒྱས་བཏང་ཚར་བ་དང་བོད་ཡུལ་བོད་མིར་
    རྩིས་སྤྲོད་དགོས་པ་དེ་དེ་སྔོན་མ་འོ་གི་ཁ་ནས་བཤད་པའི་
    གཏམ་དེ་དོན་ལ་གནས་པ་དགོས་པ་དེ་ད་ལྟའི་བརྒྱ་དཔོན་
    ཚོའི་ཤེས་དགོས་པ་བཅས།