རྔ་བ་ནས་མེར་བསྲེགས་གནང་འདུག

རྔ་བ་རྫོང་སོ་རུ་མ་ནས་ཡིན་པའི་བོད་མི་འབྲུག་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

དེ་རིང་རྔ་བ་རྫོང་སོ་རུ་མ་ནས་ཡིན་པའི་མིང་ལ་འབྲུག་ཁོ་ཞེས་པའི་ན་གཞོན་ཞིག་གིས། རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག

ད་ལྟའི་ཆར་འཆི་གསོན་གྱི་གནས་སྟངས་གང་ཡིན་དང་གང་དུ་རང་ལུས་མེར་བསྲེགས་གནང་བ་ཡིན་སོགས་ཤེས་གཏོགས་ཐུབ་ཀྱི་མི་འདུག

བོད་ནང་ནས་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན།  མེར་བསྲེགས་གནང་དུས་ཕལ་ཆེར་ཕྱི་དྲོ་ཙམ་ཞིག་ཡིན་པ་འདྲ་ཡང་གསལ་ཁ་མེད་པ་དང་། ད་ལྟ་ཁོང་གི་གནས་སྟངས་སོགས་ཅི་ཡིན་ཁྱོན་ནས་ཤེས་ཐབས་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོས་མེར་སྲེག་གནང་མཁན་གྱི་པར་ཞིག་བསྐུར་ནས་ན་གཞོན་འདི་རེད་འདུག ད་ལྟ་གནས་སྟངས་ཅུང་ཙམ་ཛ་དྲག་ཡིན་པས་སྟབས་བདེ་མ་རེད། གནས་སྐབས་ང་གཉིས་དྲ་འབྲེལ་གཅོད་ཀྱི་ཡིན་ཞེས་དེ་མ་ཐག་དྲ་འབྲེལ་བཅད་སོང་།

གསར་འགོད་པ  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༠

Leave a Reply

3 thoughts on “རྔ་བ་ནས་མེར་བསྲེགས་གནང་འདུག

  1. ༄༅། ཀླ་ཀློ་ཆོས་མེད་བརྩེ་མེད། བྱེད་སྟངས་སྡུག་ལ་བརྟེན་ནས།
    རང་གི་ལུས་པོ་འདི་ཡང་། དམར་པོའི་མེ་ལ་བསྒྲོན་སོང།
    སེམས་པ་གཏིང་ནས་སྐྱོ་སོང།
    མི་རབས་མི་རབས་ནས་གསོལ་བའི།
    ལྷ་སྲུང་རྣམས་གང་ན་བཞུགས་ཡོད།།
    སྐྱོབ་པའི་ནུས་པ་འདྲ་མི་འདུག་གམ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཨ་ཁ་ང་ཚོ་བོད་མིའི་ལས་དབང་་་་་་་བོད་ནང་རང་གི་རྒྱལ་ཁབ་དང་བོད་མི་རིགས་ཆེད་
    གཅེས་པའི་རང་ལུས་མེ་ལ་སྲེག་བཞིན་པའི་སྐབས་འདིར་ང་ཚོ་བཙན་བྱོལ་སྤྱི་ཚིགས་
    ནང་རང་གི་སྐུབ་ཀྱག་འཐབ་རྩོད་ཆེད་ཆོལ་ཞེན་དང་ཕྱོགས་གཏོགས་འོག་ནང་ཁུལ་
    རྩོད་གླེང་དང་ཁྲིམས་གཏུགས་སོགས་ལ་དུས་ཚོད་གཏོང་བཞིན་པ་ནི་གཞིས་བཞུགས་
    རྒྱ་ཆེ་མི་མང་གི་མདུན་ང་ཚོ་མགོ་ཡར་ཀྱག་ཕོད་ས་རེད་པས་་་་་་་་་་འགོ་མང་ཚང་མས་
    རང་གི་རང་ལ་ཞུ་དགས་ཡག་མོ་ཞིག་གཏོང་དགོས་པའི་དུས་ལ་སླེབས་མི་འདུག་གམ་
    ང་ཚོ་མི་ཡུལ་དུ་བཙན་བྱོལ་གྱི་སྒྲིག་འཛུག་བཙུགས་ནས་བསྡད་ཡོད་པ་དེ་ཚང་མས་མ་
    བརྗེད་པ་གནང་རོགས་ཐུགས་རྗེའི་གཟིགས།
    ཨོམ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་་ཧྲི་་་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་་་་་་་་ཧྲི

  3. ཨོ་ཧོ། དངོས་གནས་ཡིན་ནམ་ ❓❗️ཕངས་པ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། 🕯🙏 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེད་པ་རྣམས་སྐྱེད་འགྱར་ཤིང་། །སྐྱེད་བ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིག་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་བཛོད།། 🙏 ཨེ་མ། ཨེ་མ། 🕯🕯🕯😟😞😔😢😪