གཞོན་ནུ་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་།

བོད་རྔ་བ་རྫོང་ཁོངས་ནས་རང་ལོ་  ༡༦ ཙམ་ཡིན་པའི་གཞོན་ནུ་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་  ༩ དང་བོད་ཚེས་  ༢ཉིན་བོད་རྔ་བ་རྫོང་ཐོག་ཏུ་རང་ལོ་  ༡༦ ཙམ་ཡིན་པའི་བོད་རིགས་གཞོན་ནུ་དགེ་འདུན་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་ཞུ་བ་གཉིས་ཀྱིས། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག

གནས་ཚུལ་མཁོ་སྤྲོད་པས། ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་ཤེས་གཏོགས་བྱུང་སྟེ།  གཅིག་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་པ་དང་།  གཅིག་འབར་ཁམས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་།  ཁོང་གཉིས་ལས་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་བྱུང་།

ཡང་ཁོང་གིས། དགེ་འདུན་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་རྗེས་དཀར་བཟོད་པ་ཟེར་གྱི་ཡོད་པ་དང་། དེ་མིན་གྱི་ནང་མི་ཚོའི་མིང་གསལ་པོ་ཤེས་ཀྱི་མེད་ལ།  ད་ལྟ་ས་གནས་སུ་དམ་དྲག་ཆེ་བས་སྐད་འབོད་ག་རེ་གནང་ཡོད་དང་ཞལ་ཆེམས་དེ་འདྲ་བཞག་ཡོད་མེད། ནང་མིའི་གནས་སྟངས་ག་འདྲ་ཡིན་སོགས་ཞིབ་ཚགས་ཀྱི་གནས་ཚུལ་རག་ཁག་པོ་ཆགས་ཡོད་སྐོར་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༨/༡༢/༡༤

Leave a Reply