ཨ་རྒྱ་གཉིས་ཀྱིས་ཚོང་དོན་གྲོས་མོལ་མགོ་བཙུགས།

ཨ་རྒྱའི་ཚོང་དམག་གནས་སྐབས་རིང་མཚམས་འཇོག་གི་གྲོས་ཆོད་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར་ཨ་རྒྱ་བར་གྱི་བློན་ཆེན་རིམ་པའི་གྲོས་མོལ་ཚོགས་འདུ་བརྒྱུད་ཕྱོགས་གཉིས་ཀའི་འགལ་ཟླ་སེལ་ཐབས་བྱེད་ཀྱི་ཡོད་འདུགཁ་སང་ཕྱི་ཚེས་ ༣༠ ནས་ཉིན་གཉིས་ཀྱི་རིང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཕོ་བྲང་དཀར་པོའི་ཉེ་འཁྲིས་ཀྱི་ཨེ་སན་ཧོ་ཝར་(Elsenhowe Executive office)ལས་ཁུངས་ནང་། རྒྱ་ནག་གི་སྲིད་བློན་གཞོན་པ་ལོའུ་ཧེ་(Liu He)ཡིས་མགོ་འཁྲིད་པའི་རྒྱ་ནག་གི་འཐུས་ཚབ་ཚོགས་པ་དང་། ཨ་རིའི་ཚོང་དོན་མགྲིན་ཚབ་པ་རོ་བྷ་ཊི་ལའི་ཊི་ཧའི་ཛར་(Robert Lighthizer) གྱིས་མགོ་འཁྲིད་པའི་ཨ་རིའི་འཐུས་ཚབ་བར་ཨ་རྒྱའི་ཚོང་དམག་དང་འབྲེལ་བའི་བློན་ཆེན་རིམ་པའི་གྲོས་མོལ་ཚོགས་འདུ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གིས་ཨ་རིའི་ཁྱད་དུ་འཕགས་པའི་འཕྲུལ་ལས་ལག་རྩལ་དང་ཚོང་གཉེར་ཐབས་བྱུས་སོགས་རྐུ་འཁྱེར་བྱེད་བཞིན་པའི་གནད་དོན་དང་། དེ་བཞིན་ཕྱོགས་གཉིས་བར་ཚོང་དོན་སྒོ་ཁྲལ་འཕར་སྣོན་གྱི་དམག་འཁྲུག་མཚམས་འཇོག་ཇི་ལྟར་བྱེད་མིན་སོགས་ཀྱི་སྐོར་གྲོས་མོལ་བྱེད་ཀྱི་ཡོད་པ་མ་ཟད། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་དང་རྒྱ་ནག་གི་སྲིད་བློན་གཞོན་ལོའུ་ཧེ་གཉིས་ཐུག་འཆར་ཡོད་འདུག

ཐེངས་འདིའི་ཚོང་དོན་གྲོས་མོལ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ པར་ཨར་ཇིན་ཊི་ནའི་ནང་སྲིད་འཛིན་ཊོམ་ཕུ་ལགས་དང་ཞི་ཅིན་ཕིན་གྱི་བར་ཉིན་གྲངས་༩༠ རིང་ཨ་རྒྱའི་ཚོང་དམག་གནས་སྐབས་མཚམས་འཇོག་པའི་གྲོས་ཆོད་བཞག་རྗེས་ཀྱི་ཆེས་མཐོའི་གྲོས་མོལ་ཐེངས་དང་པོ་དེ་ཡིན་འདུག སྲིད་འཛིན་ཏོམ་ཕུ་ལགས་ཀྱིས་གལ་ཏེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ བར་ཕྱོགས་གཉིས་བར་གྲོས་མཐུན་མ་བྱུང་ཚེ། རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༢༠༠ ཡི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༥ ལ་སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། ཕྱོགས་གཉིས་ནས་དུས་བཀག་དེའི་ནང་ཚུད་འགྲིག་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། ཉེ་ལམ་ནས་རྒྱ་ནག་གི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(Huawei)ཡི་ནོར་དོན་སྤྱི་གཉེར་བ་མོང་ཝན་ཀྲུའུ་(Meng Wanzhou) ཡི་གནད་དོན་གྱི་རྐྱེན་པས་ཨ་རྒྱའི་བར་གྱི་འབྲེལ་བ་སྔར་བས་ཛ་དྲག་ཏུ་གྱུར་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་དང་། དེ་གའི་ནོར་དོན་སྤྱི་གཉེར་བ་མོང་ཝན་ཀྲུའུ་གཉིས་ཀྱིས་དངུལ་ཁང་གི་འགྲོ་ལུགས་ལ་སྒྲིག་འགལ་དང་། ཁྲིམས་ཞིབ་ཀྱི་ཐག་གཅོད་དང་བརྒྱུད་རིམ་ལ་རྩིས་མེད་བཏང་བ། དེ་བཞིན་ཚན་རྩལ་ཤེས་བྱ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད།

དབྱེ་ཞིབ་པ་མང་པོས་ཐེངས་འདིའི་གྲོས་མོལ་བརྒྱུད་གྲུབ་འབྲས་དམིགས་བསལ་གང་ཡང་འཐོན་རྒྱུ་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཚོང་གཉེར་བ་དང་ཚོང་དོན་དབྱེ་ཞིབ་པ་མང་པོས་ཨ་རྒྱའི་བར་འགྲིག་མཐུན་གྱི་གྲོས་ཆོད་ཅིག་གང་མགྱོགས་མ་བྱུང་ཚེ། ཨ་རྒྱ་གཉིས་གཙོས་པའི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་གནོད་སྐྱོན་ཆེན་པོ་ཐེབས་ངེས་པའི་ཞེད་སྣང་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༣༡

Leave a Reply

One thought on “ཨ་རྒྱ་གཉིས་ཀྱིས་ཚོང་དོན་གྲོས་མོལ་མགོ་བཙུགས།

  1. ཧ ཧ ཧ ཧ ཧ ཧ ཧ ང་བོད་པ་དཀྱུས་མ་ཞིག་ཡིན་པས་་་ ངའི་དུས་རྒྱུན་ལྡན་ནས་་་ ནུབ་ཕྱོགས་རྒྱལ་ཁབ་ ཨ་རི་དང་། ཡུ་རོབ་ཚོ་ ཆེ་སྟོབ་ཆེན་རྒྱལ་ཁབ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ ཡ་མཚན་པ་ཞིག་ལ་ ད་བར་ལོ་ངོ་མང་པོའི་རིང་ རྒྱ་དམར་གྱི་ མགོ་ལ་སྐྱག་པ་མ་བཏང་བར་ ཚད་ལས་འགལ་བ་སྤྲེལ་ལད་དང་ རྐུབ་ལ་བརྒྱུག་རྒྱུག་ ད་ དུས་དེང་སང་ཞི་ནས་འཐོམ་བསང་བཞིན་འདུག་ག དེ་དྲ་ཡིན་དུས་ ང་ཚོ་བོད་པ་ཚང་ སྤོབས་པ་བྱེད་མཆོག་པ་ཞིག་དང་། ༧གོང་ས་མཆོག་ནས་གསུངས་པ་་་ ང་ཚོ་བོད་པ་གྱོང་ཐག་ཆོད་ཡོད། བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།