ལྔ་དང་ལྔ་བཅུའི་སྐོར་ལ་བཀའ་ཤག་གི་གསལ་བཤད།

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply

One thought on “ལྔ་དང་ལྔ་བཅུའི་སྐོར་ལ་བཀའ་ཤག་གི་གསལ་བཤད།

  1. དབུ་མའི་ལམ་གྱི་བདག་དབང་བཀའ་ཤག་ལ་ཡོད་ཟེར། སྐད་ཆ་དེ་སུ་ཞིག་ལ་བཤད་ཀྱི་ཡོད་པ་རེད་དམ།འོ་ན་དབུ་མའི་ལམ་དེ་སྲིད་ཇུས་ཞིག་མ་ཡིན་ནམ། དེ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་མ་ཡིན་ནམ། ཅིའི་ཕྱིར་དཀའ་ཤག་ཁོ་ན་ལ་བདག་དབང་ཡོད་པ་རེད། དེ་ནི་དགོད་སྤྲོ་བ་ཞིག་རེད། མི་མང་གི་སྤྱི་འཐུས་ཀྱིས་སྲིད་ཇུས་དེ་འགྱུར་བ་གཏོང་མི་ཆོག་གམ།། དོན་དངོས་སུ་སྲིད་སྐྱོང་བློ་སེང་གིས་་དབུ་མའི་ལམ་ཅི་ཞིག་ཡིན་པ་ཤེས་ཀྱི་མེད་པ་འདྲ། གལ་ཏེ་དབུ་མའི་ལམ་ནི་དཀའ་ཤག་སྐབས་སྔོན་མའི་དུས་སུ་ཤོག་བུ་དཀར་པོ་ལ་ཡི་གེ་ནག་པོ་བྲིས་ནས་རྒྱ་ནག་དབང་འཛིན་པ་ཚོར་སྤྲད་ཟིན་པ་དེ་རེད། རྒྱ་ནག་ཕྱོགས་་ནས་དེ་ལ་ལོག་འགྲེལ་བྱས་པ་ལ་གསལ་བཤད་ཡང་གནང་ཡོད་པ་རེད། ད་ལྟའི་བཀའ་ཤག་ལ་དབུ་མའི་ལམ་ལ་ལོག་འགྲེལ་བྱེད་མཁན་རྒྱ་ནག་ལ་ཁ་འཁོར་ནས་དེབ་གཅིག་བཏོན་ཡོད་པ་མཐོང་མ་སོང་། གལ་ཏེ་སུ་ཞིག་གིས་དབུ་མའི་ལམ་ལ་ལོག་འགྲེལ་བྱེད་ཀྱི་ཡོད་ན་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་དགོས་པ་ལས་བམ་བཤད་དང་སྤྱི་བཤད་ཁོ་ནས་དུས་འདའ་ན་ཕན་པ་ཡོད་རྒྱུ་མ་རེད་དོ།