ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་།

སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ནས་ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་ཚབས་ཆེན་ཞེ་དྲག་བྱུང་མི་འདུག་པས་སེམས་འཁྲལ་མ་གནང་རོགས་ཞེས་གསུངས་བྱུང་།མདང་དགོང་མཚན་མོའི་ཆུ་ཚོད་༨།༣༠ ཡས་མས་སུ། སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་ནས་བཙུགས་གནང་བའི་ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་སྟེ། བཟོ་གྲྭའི་ཁང་པ་མང་ཆེ་བ་དང་ཐུག་པ་དོ་བོ་གང་འཚམ་ཞིག་ཚིག་ཡོད་ཀྱང་། ཉིན་གྲངས་ ༡༥ ཙམ་ནང་བསྐྱར་དུ་ལས་མགོ་འཛུགས་འཆར་ཡོད་འདུག་ལ། ད་ལྟའི་ཆར་ཐུག་པ་བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་བོད་མི་དང་ཡུལ་མི་བཅས་མི་གྲངས་ ༡༤ ཙམ་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་བཟོ་གྲྭའི་གནས་སྟངས་ག་འདྲ་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། མདང་དགོང་ཐུག་པ་སྐམ་སའི་ཁང་པར་མེ་འབར་ཏེ། ཐུག་པ་སྐམ་ས་དང་བཟོ་ས་ཡི་ཁང་པ་ཁག་ཅིག དེ་བཞིན་ཐུག་པ་དོ་བོ་ ༧༠ ཙམ་ལ་འཚིག་སྐྱོན་བྱུང་འདུག ཡིན་ནའང་། མི་ལ་གནོད་སྐྱོན་གང་ཡང་བྱུང་མི་འདུག་པས་སྐྱོན་ཆེན་པོ་ཞེ་དྲག་གང་ཡང་མི་འདུག ཁང་པ་བརྒྱབས་ནས་ལོ་ ༥༠ ལྷག་འགྲོ་ཡི་ཡོད་པས་ཧ་ཅང་རྙིང་པ་རེད།  ཁྱེད་རང་ཚོས་སེམས་འཁྲལ་གནང་དགོས་མ་རེད་ཐུགས་ལྷོད་ལྷོད་གནང་རོགས། ང་ཚོས་ག་ལེར་ག་ལེར་བྱས་ནས་ཉིན་གྲངས་ ༡༥ ཙམ་ནང་ཁང་པ་དེ་ཚོར་བཟོ་བཅོས་བརྒྱབ་ནས་མུ་མཐུད་ཐུག་པ་བཟོ་ཡོང་གི་རེད། ཅེས་གསུངས་བྱུང་།ཡབ་གཞིས་ནང་ཕྱག་ལས་གནང་མཁན་སངས་རྒྱས་ལགས་ཀྱིས་གསར་འགོད་པར། དུས་རྒྱུན་ང་ཚོ་མ་ཉལ་སྔོན་ལ་ངས་སྒེའུ་ཁུང་ནས་ཐུག་པ་བཟོ་གྲྭར་ལྟ་གི་ཡོད། མདང་དགོང་ཟ་མ་ཟོས་ཏེ་ཅིག་བལྟས་དུས་བཟོ་གྲྭའི་སྒེའུ་ཁུང་ནང་ནས་མེ་ལྕེ་མཆེད་ཀྱི་འདུག དེ་ནས་ལམ་སང་ང་ཚོ་མེ་གསོད་དུ་ཕྱིན་ཀྱང་ཁང་པའི་ཟུར་ངོས་ཚང་མ་ཤིང་ཡིན་པ་དང་། ཧ་ཅང་རྙིང་པ་ཆགས་ནས་སྐམ་པོ་ཡིན་སྟབས། མེ་གཏན་ནས་གསོད་ཐུབ་ཀྱི་མི་འདུག དེ་ནས་ང་ཚོ་མེ་གསོད་རུ་ཁག་ལ་སྐད་བཏང་སྟེ་སྐར་མ་ ༥ ཙམ་ནང་བསླེབས་ནས་མེ་གསོད་ཐུབ་སོང་། ཁང་པ་ཚིག་སོང་བ་རེད་མ་གཏོགས་ཐུག་པ་བཟོ་བྱེད་ཀྱི་འཕྲུལ་འཁོར་དང་གཟིམ་ཤག་སོགས་ལ་སྐྱོན་གང་ཡང་ཤོར་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། དེ་རིང་ཞོགས་པར་ས་གནས་གཞིས་མགོ་སྐུ་ངོ་ལགས་དང་དྲུང་ཆེ། ལས་བྱེད། དེ་བཞིན་ས་གནས་མདོ་སྨད་བཅས་ཀྱི་མི་གྲངས་ ༢༠ ལྷག་ཡོང་ནས་བཟོ་གྲྭ་ལ་གཙང་བཟོ་གནང་ཡོད་པ་དང་། རྒྱ་གར་ཁང་པ་རྒྱག་མཁན་ལ་སྐད་བཏང་ནས་ཁང་པ་གསར་དུ་རྒྱག་པར་འཆར་གཞི་བཟོ་ཡི་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་ཐོན་རིམ་གཉིས་པ། དེ་རིང་ནས་འཚིག་སྐྱོན་བྱུང་བའི་ཁང་པ་རྣམས་ལ་བཟོ་བཅོས་མགོ་འཛུགས་གནང་འདུག 

བསྐྱར་བཅོས།: ༢༠༡༩/༠༥/༠༦

Leave a Reply

2 thoughts on “ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམའ་

    བཀའ་ཁྲི་ཟུར་པ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་གི་བརྩམ་པའི་
    དེབ་ཀ་ལྦོན་འབུག་ཐུགས་བཟོ་འམ་ ( Noodle Maker in Kalonpung )
    ཟེར་བའི་དབྱིན་བོད་གཉིས་ཀ་ཀློག་པ་ཡིན་ལ་ཧ་ཅང་ཡག་པོ་བྲིས་འདུག་ལ་
    དེབ་དེ་ཀློག་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་ཤེས་རྟོགས་བྱུང་
    ན་སྐུ་ངོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་ད་ལམ་ཐུག་བཟོ་ལ་མེ་སྐྱོན་ཤོར་བ་བློ་ཕམ་དང་བཅས་
    གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད།