དྲག་ཆར་རྐྱེན་གྱིས་མི་གྲངས་ཁྲི་ ༩ གནས་སྤོ་བྱས།

རྒྱ་ནག་ནང་བསྟུན་མར་ཉིན་ཁ་ཤས་རིང་དྲག་ཆར་ཤུགས་ཆེར་བབས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཐེབས་ཡོད་པ་མ་ཟད་ད་དུང་མུ་མཐུད་ཆར་རླུང་གཡུག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
ཟླ་འདིའི་ཕྱི་ཚེས་ ༦ ནས་རྒྱ་ནག་གི་དབུས་དང་ལྷོ་བརྒྱུད་ས་ཁུལ་ཁག་ཏུ་དྲག་ཆར་བསྟུད་མར་བབས་ཏེ་ད་ལྟ་ད་དུང་འབབ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་མི་གྲངས་ ༦ རྐྱེན་འདས་དང་གཞན་མི ༡ བོར་བརླག་ཏུ་ཕྱིན་ཡོད་པ་དང་། མི་གྲངས་ཁྲི་ ༩ ཙམ་ཡུལ་དངོས་ནས་གནས་སྤོ་དང་།རྒྱ་ནག་ཀུང་ཤི་ (Guangxi) ས་ཁུལ་དུ་སྡོད་ཁང་ཁྲི་ ༢ ཙམ་ལ་གློག་ཆད་པ་དང་། ལམ་དང་ཟམ་པ། གཞན་འཛུགས་བསྐྲུན་ཁག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གནམ་གཤིས་བརྟག་དཔྱད་ཁང་གིས་གནས་ཚུལ་ལྟར་ན། ཅང་ཞིའི་ནང་དྲག་ཆར་འབབ་ཚད་མེ་ལི་མེ་ཊར་ ༦༨༨ (Millimeter) ཟིན་ཡོད་པ་དང་། ད་དུང་མུ་མཐུད་ཉིན་ ༤ ཙམ་རིང་དྲག་ཆར་འབབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པ་མ་ཟད། ད་དུང་ཐའེ་ཝན་མཚོ་གླིང་དང་རྒྱ་ནག་ཀོང་ཏུང་ཞིང་ཆེན་ (Guangdong)། ཧྥོ་ཅན་ཞིང་ཆེན་ (Fujian)།  ཅང་ཤི་ཞིང་ཆེན་ (Jiangxi) དང་ཡུན་ནན་ཞིང་ཆེན་ (Yunnan)། སི་ཁྲོན་ཞིང་ཆེན་ (Sichuan ) བཅས་ལ་དེ་རིང་ནས་ཆར་རླུང་གཡུག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། དྲག་ཆར་རྐྱེན་གྱིས་ད་ལྟའི་ཆར་རྒྱ་ནག་ཅང་ཤི་ཞིང་ཆེན་ (Jiangxi) ནང་ཆུ་ལོག་གིས་ཞིང་ས་ཧེཀ་ཊར་ ༡༠༨༠༠ (hectare) དང་སྡོད་ཁང་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པ་དང་། ཁྱོན་མི་གྲངས་ས་ཡ་ ༡།༤ ཙམ་ལ་དོ་ཕོག་དང་རྒྱ་སྒོར་དུང་ཕྱུར་ ༢༦ ལྷག་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་ཞིན་ཧྭ་གསར་ཁང་གིས་རྒྱལ་ཡོངས་གོད་ཆགས་མྱུར་སྐྱོབ་ཚན་པ་དང་ཛ་དྲག་འཛིན་སྐྱོང་ལྷན་ཁང་གཉིས་ཀྱིས་གནོད་སྐྱོན་ཐེབས་ཡུལ་ཁག་ཏུ་ཉལ་ཐུལ་ཁྲི་ ༢ དང་སྟབས་བདེ་ཉལ་ཁྲི་ ༡ ཙམ། དེ་བཞིན་སྨྱུག་གདན་དང་སྡོད་གུར་སྟོང་ ༢ ཙམ། དེ་བཞིན་ཉེར་མཁོའི་ཅ་དངོས་རིགས་བཅས་མཁོ་སྤྲོད་བྱས་ཡོད་སྐོར་བཀོད་འདུག

རྒྱ་ནག་ནང་ལོ་རེ་བཞིན་གནམ་གཤིས་དོ་མི་མཉམ་པ་དང་ཁོར་ཡུག་གཏོར་སྐྱོན་བྱེད་ཤུགས་ཆེ་བ། མཁའ་དབུག་འབག་བཙོག་སོགས་ཀྱིས་འབྱུང་ཁམས་ཀྱི་གནས་བབ་དོ་མི་མཉམ་པར་གྱུར་ཏེ་དྲག་ཆར་འབབ་པ་དང་རླུང་འཚུབ་གཡུག་པ། ཆུ་ལོག་རྒྱུག་པ། ས་ཡོམ་དང་ས་ཉུལ་རི་ཉུལ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་དྲག་ཆར་རྐྱེན་གྱིས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༩ ནང་འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་སྟེ། ཉུང་མཐར་མི་གྲངས་ ༤༡༥༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། དཔལ་འབྱོར་ཐད་རྒྱ་སྒོར་དུང་ཕྱུར་ ༢༥༥༡ གི་གྱོང་གུན་ཕོག་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༡

Leave a Reply

2 thoughts on “དྲག་ཆར་རྐྱེན་གྱིས་མི་གྲངས་ཁྲི་ ༩ གནས་སྤོ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    འབྱུང་བའི་གནོད་འཚེ་མི་གི་བྱེད་ལས་འོག།
    འབྱུང་བཞི་འཁྲུགས་ནས་དུས་མིན་ཆར་ཆུ་དང།
    འབྱུང་བཞི་འཁྲུགས་ནས་དུས་མིན་རླུང་ཚུབ་དང།
    འབྱུང་བཞི་འཁྲུགས་ནས་དུས་མིན་གངས་རག་དང།
    འབྱུང་བཞི་འཁྲུགས་ནས་སྔོན་མེད་ནད་གསར་དང།
    འབྱུང་བཞི་འཁྲུགས་ནས་ཆར་དུས་ཆར་མེད་དང།
    འབྱུང་བཞི་འཁྲུགས་ནས་མི་ནད་ཕྱུགས་ནད་སོགས།
    བྱེད་པོ་ཐམས་ཅད་འཇིག་རྟེན་མི་གི་བཟོས།
    འཇིག་རྟེན་སྡུག་བསྔལ་འཇིག་རྟེན་མི་གི་བཟོས།
    འཇིག་རྟེན་མི་ལས་སྡིག་པ་ཆེ་བ་མེད།
    འཇིག་རྟེན་མི་ལས་འདོད་ཆགས་ཆེ་བ་མེད།
    འཇིག་རྟེན་མི་ལས་ཧམ་པ་ཆེ་བ་མེད།
    འཇིག་རྟེན་འཇིག་ཏུ་འཇུག་མཁན་འཇིག་རྟེན་མི།

  2. ༄།རྒྱ་ནག་མི་མང་མི་གྲངས་ས་ཡ་ལྷག་ལ་དོ་ཕོག་ཐེག་ཡོད་ན་ཉལ་མཐུལ་ཁྲི་གཉིས་དང་སྡོད་གུར་སྟོང་གཉིས་གི་ཇི་ཙམ་ཕན་ཐོག་རྒྱུ་རེད།ད་ལྟ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལ་རྒྱུད་གཅིག་ལམ་གཅིག་གི་འཆར་གཞིའི་འགྲོ་གྲོན་བརྒྱ་ཆ་གཅིག་གནད་ཚེ་ཐེགས་པའི་རང་གི་མི་མང་ཐོག་གཏོང་ན་ཇི་ཙམ་ཕན་ཐོག་རྒྱུ་རེད།དམར་པོའི་སྲིད་གཞུང་འདིའི་འགོ་ཁྲིད་རྣམས་ཆབ་སྲིད་ཀྱི་རག་བཟི་བ་མིན་ན་ཅི་རེད།