དབྱིན་ཇི་རྒྱལ་མོའི་གཟེངས་རྟཊ་ཐོབ་སྐབས་བཀའ་དྲིན་དྲན་པའི་ཚོར་བ་ཤུགས་ཆེན་བྱུང་།

སེར་སྨད་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གིས་འདས་པའི་ལོ་ངོ་ ༢༤ ཙམ་རིང་དབྱིན་ཡུལ་དུ་ནང་བསྟན་ཆོས་ལུགས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་གཟེངས་སུ་ཐོན་པ་གནང་བར་ཆེ་བསྟོད་དུ་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་འབུལ་གཏན་འཁེལ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་དབྱིན་ཡུལ་ནས་སེར་སྨད་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་འབུལ་གཏན་འཁེལ་བ་ཡོངས་བསྒྲགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པ་ཐོག་སེར་སྨད་གྲྭ་ཚང་གི་འདུ་ཁང་དུ། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་བླ་སྤྲུལ་རྣམ་པ་སོགས་ཚང་འཛོམས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་། ཁ་སང་གྲྭ་ཚང་གི་ཕྱག་མཛོད་ཁང་དང་དབུ་མཛད་དགེ་བསྐོས་བཅས་ཀྱིས་མཁན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྲེལ་མཇལ་དར་བཅས་ཕུལ་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་མཁན་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་ག་རེ་བྱས་ནས་གནང་བ་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་འོག སེར་སྨད་གྲྭ་ཚང་དུ་ལོ་མང་རིང་དཔེ་ཆར་བལྟས་པ་དང་། ཕྱི་ལོ་ ༡༩༩༡ ལོར་ཡུ་རོབ་ཀྱི་ཧྥ་རན་སིར་ཕྱིན་ཏེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ནང་ལོ་ ༣ བསྡད་རྗེས། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ནང་ཞུགས་ཏེ། འདས་པའི་ལོ་ ༢༤ ཙམ་རིང་བོད་རིགས་དང་དབྱིན་ཇི་ཚོར་ནང་ཆོས་ངོ་སྤྲོད་བྱས་ཏེ་ཞབས་ཞུ་ཞུས་པ་སོགས་ལ་བརྟེན་ནས་གཟེངས་རྟགས་སྤྲད་པ་ཡིན་སྐོར་གསུངས་བྱུང་།

ཡང་དབྱིན་ཇི་རྒྱལ་མོའི་ཆེ་བསྟོད་གཟེངས་རྟགས་དེ་ཐོབ་པར་ཐུགས་ཚོར་ཅི་བྱུང་ཞུས་པར་རིན་པོ་ཆེ་མཆོག་གིས། ཕྱི་ཟླ་ ༥ ཚེས་ ༣ ཉིན་གློག་འཕྲིན་བརྒྱུད་ང་ལ་ཡི་གེ་ཞིག་འབྱོར་ཏེ། དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་ཐོབ་འདུག་པས་ལེན་འདོད་ཡོད་མེད་སོགས་དྲིས་འདུག ང་རང་གྲྭ་རྐྱང་ཞིག་ཡིན་པས་སྐབས་དེར་དེ་ལ་དོ་སྣང་དེ་ཙམ་བྱས་མེད། ཉེ་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞིས་བྱེས་བོད་མིས་བརྟན་བཞུགས་འབུལ་སྐབས་དབྱིན་ཇིའི་གཞུང་ཞབས་པ་ངོ་ཤེས་འགས་གཟེངས་རྟགས་དེ་ལེན་དགོས་པ་དང་། བོད་པ་དང་གྲྭ་པ། ནང་པའི་མིང་སོགས་ལ་ཕན་གྱི་ཡོད་པས་ངེས་པར་དུ་ལེན་དགོས་པ་བསྐུལ་སོང་བས་ལེན་རྒྱུ་བྱས་པ་ཡིན། ང་རང་སྒེར་ངོས་ནས་གྲྭ་པ་གྲྭ་རྐྱང་ཞིག་ལ་དཔུང་པར་འདོགས་རྒྱུ་ཞིག་ཡོད་ནའང་ཞེ་དྲགས་གང་ཡང་ཡོད་པ་མ་རེད། ཟླ་འདིའི་ཕྱི་ཚེས་ ༦ ཉིན་དངོས་སུ་གཟེངས་རྟགས་འཐོབ་མཁན་ཚང་མའི་མཚན་གཞུང་ཕྱིར་བསྒྲགས་བྱས་ཏེ་དབྱིན་ཡུལ་གྱི་ཚགས་པར་སོགས་ཀྱི་ནང་ཐོན་ཡོད་པ་རེད། སྐབས་དེར་སེམས་ནང་ཚོར་བ་ཞེ་དྲགས་བྱུང་མ་སོང་། དབྱིན་ཇི་དང་བོད་པའི་ཚགས་ཤོག་མང་པོས་དྲི་བ་འདྲི་ཡི་འདུག་པས་ཏན་ཏན་བོད་པའི་མིང་སོགས་ལ་ཕན་གྱི་ཡོད་པས་དེ་ཡག་པོ་རེད་བསམ་པ་ཞིག་བྱུང་། ང་ལ་ཚོར་བ་དྲག་པོ་དེ་འདྲ་སྐྱེ་ཡི་མི་འདུག ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་དང་བཀའ་སློབ། དགེ་རྒན་མང་པོའི་འོག་ལ་བསླབ་པ་སློབ་གཉེར་ཡག་པོ་བྱས་པ་དང་། ནུབ་ཕྱོགས་སུ་ཉམ་ཆུང་བྱས་པ་དང་ནང་ཆོས་གང་བསླབས་པ་དེ་གང་ཐུབ་ཀྱིས་ངོ་སྤྲོད་དང་བཤད་པ་ཡིན་སྟབས། དེ་ནི་ཁོང་ཚོའི་བཀའ་དྲིན་རེད་བསམ་པ་ཞིག་དང་བཀའ་དྲིན་དྲན་པའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་། ཞེས་གསུངས་བྱུང་།

སྤྱིར་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་དེ་ནི་ལོ་ལྟར་ཕྱི་ལུགས་ཀྱི་ལོ་སར་དང་དབྱིན་ཇི་རྒྱལ་མོའི་འཁྲུངས་སྐར་དང་བསྟུན་ཐེངས་གཉིས་ལ་སྤྲོད་ཀྱི་ཡོད་པ་དང་། དེ་ཡང་དམག་དོན་དང་སྤྱི་ཚོགས་ཞབས་ཞུ་སྟེ་ནད་གཡོག་དང་ཁོར་ཡུག སྨན་དང་ཆོས། ཉེན་རྟོག་དང་མེ་གསོད། འཕྲོད་བསྟེན་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་ཞབས་ཞུ་སྒྲུབ་མཁན་ལ་འབུལ་གྱི་ཡོད་པ་བཞིན། དབྱིན་ཡུལ་གྱི་གཟེངས་རྟགས་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནས་ལོ་མང་རིང་དབྱིན་ཡུལ་ནང་ནང་བསྟན་གྱིས་ཞབས་འདེགས་བསྒྲུབས་པར་ཆེ་བསྟོད་དུ་གཟེངས་རྟགས་དེ་འབུལ་རྒྱུ་ཐག་གཅོད་གནང་ཡོད་འདུག

ད་ལྟ་མཁན་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་ཡོད་པ་དང་། དུས་ཚོད་ཀྱི་རྐྱེན་པས་མཁན་རིན་པོ་ཆེ་མཆོག་ནས་ད་ལོར་ཆེ་བསྟོད་གཟེངས་རྟགས་དེ་བཞེས་ཐུབ་ཀྱི་མེད་སྟབས། རིན་པོ་ཆེ་མཆོག་དང་འབྲེལ་ཡོད་ལས་ཁུངས་བར་བཀའ་མོལ་གནང་སྟེ་ལོ་རྗེས་མར་གཟེངས་རྟགས་དེ་དངོས་སུ་བཞེས་རྒྱུ་ཡིན་འདུག

མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་བོད་སྤུ་ཧྲེང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ལོར་ཕ་མ་གཉིས་ཀྱིས་ཁྲིད་དེ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། དགུང་ལོ་ ༡༣ སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་སྨད་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༩ ལོར་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ནས་ལོ་ ༣ རིང་ལོན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་སྟེ་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཡོད་པ་དང་། ། ཕྱི་ལོ་ ༡༩༩༨ ལོ་ནས་ནང་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་སློབ་སྦྱོང་(Foundation of Buddhist Thoughts) ཟེར་བའི་དུས་ཡུན་ལོ་གཉིས་ཅན་གྱི་དེང་དུས་དང་མཐུན་པའི་སློབ་གཉེར་གྱི་ལས་གཞི་ཞིག་བཙུགས་ཡོད་པ་དང་། ད་བར་ལས་གཞི་དེར་རྒྱལ་ཁབ་འདྲ་མིན་ནས་འཛུལ་ཞུགས་བྱེད་མཁན་མི་གྲངས་༦༠༠༠ ཙམ་བྱུང་ཡོད་པའི་ཁྲོད། མི་གྲངས་ ༤༠༠༠ ལྷག་དངོས་སུ་སློབ་མཐར་ཕྱིན་ཡོད་འདུག དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་སེར་སྨད་ཐོས་བསམ་ནོར་གླིང་གི་མཁན་ཐོག ༩༡ པར་བཞུགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༥

Leave a Reply

3 thoughts on “དབྱིན་ཇི་རྒྱལ་མོའི་གཟེངས་རྟཊ་ཐོབ་སྐབས་བཀའ་དྲིན་དྲན་པའི་ཚོར་བ་ཤུགས་ཆེན་བྱུང་།

  1. བསོ་ནམས་རྒྱལ་མཚན།

    Hi ? Thubten Tsephel Lag. How are you ? ? क्या मेने कहा ❓? क्या तुम ने सुन्ना ❓ད་དུང་གུང་ཁྲན་ཏང་གི་དངུལ་ད་ཡང་གཟེངས་རྟགས་ཕུལ་ཡོད་རེད་ད་ ཧེ ཧེ མ་རེད་པས་ ❓རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་ ཧེ ཧེ དངུལ་ད་ཡང་ཆར་པ་བབ་བབ་ ཧེ ཧེ ?????

  2. བསོད་ནམས་རྒྱལ་མཚན།

    དབྱིན་ཇིའི་གཟེངས་རྟགས་ངོ་མ་དེ་་་ བོད་ས་མ་ཤོར་དགོང་ སྟག་སྒྲག་བླ་བྲང་དང་རྭ་སྒྲེང་བླ་བྲང་བར་དཀྲུག་ཤིང་ཕུལ་བ་རེད། དེ་ནས་ གཞུང་དང་། སེ་ར་ དགོན་པའི་དམག གཟེངས་རྟགས་གཉིས་པ་དེ་ དབྱིན་ཇིའི་ བོད་ཀྱི་ ཧི་མ་ལ་ཡ་དེ་ བོད་དང་རྒྱ་གར་གཉིས་བར་ རྒྱག་རེ་བླང་ཡ་བཞག་ཡོད། ཁྱེད་རང་ཚོ་སྒེར་སོ་སོ་གཟེངས་རྟགས་སུ་ལ་རགས་པ་ཡིན་ན་ ? སྐུ་མཁྱེན། ཐུགས་རྗེ་གཟིགས ? བོད་སྤྱིད་ལ་བསམ་བློ་བཏང་རོགས་གནང་། དབྱིན་ཇིའི་གཞུང་གིས་ རྒྱ་གར་ལ་་་ པ་ཀཱིས་ཏཱན། བར་མ། བོད་བཅས་ ཐུག་པ་འཁོལ་ཡ་བཞག་ཡོད། ? ? ?

    1. བསོད་ནམས་རྒྱལ་མཚན་ལགས།
      དེ་འདྲ་རང་ཨ་ཡིན། བསམ་པ་རྣལ་དུ་བཞག བོད་རང་གི་ལར་ཞེན་ལ་ཕྱོགས་པའི་ཞེན་པ་དཀར་པོ་དེ་འདྲ་ཨེ་ཡིན་ན་བསམ། དེང་སང་བོད་ནང་བཞས་པ་བཞས་མ་མང་པོ་དང་། ལུས་རྩལ་བའི་བོད་རིགས་མང་དག་ནས་རྒྱ་ནག་གི་བྱ་དགའ་ལེན་བཞིན་འདུག མ་འགྲིག་པ་རེད་དམ། གཉིས་ནས་དབྱིན་ཇིའི་བཙན་དབང་འོག་ལོ་རབ་མང་པོའི་རིང་དངོས་སུ་ཚུད་མྱོང་བའི་རྒྱལ་ཁབ་མང་པོའི་རྒྱལ་མོ་ལ་གུས་བསྐུར་ཞུས་བཞིན་འདུག་པ་དེ་ཚོ་ཆབས་སྲིད་མ་ཤེས་པ་རེད་དམ།
      གསུམ་ནས་ང་རྒྱལ་ཕྲ་དོག་གི་འཐབ་བརྩོད་དེ་ནུས་ཤུགས་ལྡན་པ་དང་། སྤྱང་དྲུང་ལྡན་པའི་འཐབ་རྩོད་རེད་དམ། བཞི་ནས་ད་ལྟ་བྱ་དགའ་གནང་བ་དེ་དགོས་པ་རྒྱུ་མཚན་མཁྱེན་ནམ། ས་ཁོད་སྙོམ་སར་ལྡིའུ་ཡི་འབུར་མེད་ན་རང་སྐྱིད་གཞན་སྨོན་ཡོང་བར་ཐེ་ཚོམ་མེད། ཁྱེད་འདྲ་བའི་གནས་ཚུལ་དེས་དུས་ནམ་དགེ་འདུན་ཆོས་འཕེལ་གྱི་སྐད་ཆ་ཞིག་དྲན། དེ་ནི། རྩད་བཅོད་པ་ལས་སྐྱོན་བརྗོད་སྨྲ་བ་ལ་དགའ་བ་འུ་ཅག་གི་བཤིས་ལུགས་ཡིན་གསུང་པ་དེ་རེད།