རྒྱ་མི་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་འགན་འཛིན་དུ་བསྐོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གི་གྲོང་གསེབ་ཞིང་ལས་ལྷན་ཁང་གི་མགོ་གཙོ་གཞོན་པ་ཆུ་ཏོང་ཡས་ཞེས་པ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་ལྷན་ཚོགས་ཀྱི་འགན་འཛིན་དུ་བསྐོས་འདུགཁ་སང་ཕྱི་ཚེས་ ༢༣ ཉིན། ཨེ་ཊ་ལི་ཡི་རྒྱལ་ས་རོམ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༩༤ ཡིས་འོས་བླུགས་པ་བརྒྱུད། རྒྱ་ནག་གི་གྲོང་གསེབ་ཞིང་ལས་ལྷན་ཁང་གི་མགོ་གཙོ་གཞོན་པ་ཆུ་ཏོང་ཡས་(Qu Dongyu)ཞེས་པ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་འབྲུ་རིགས་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་འདུག

ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་འབྲུ་རིགས་འགན་འཛིན་གྱི་འོས་ཁུངས་སུ་ཧྥ་རན་སིའི་ཞིང་ལས་ས་གཤིས་རིག་པ་བ་ལྕམ་ལན་ནེ་ལའེ་(Catherine Geslain-Laneelle) དང་། ཡུ་རོབ་མནའ་འབྲེལ་གྱི་བཟའ་ཅའི་བདེ་འཇགས་འགན་འཛིན། དེ་བཞིན་རྗོར་ཇེ་ཡ(Georgia)རྒྱལ་ཁབ་ཀྱི་ཞིང་ལས་བློན་ཆེན་ཟུར་པ་བཅས་ཡོད་པ་དང་། ཚོགས་མི་ཚོས་གསང་བའི་འོས་ཤོག་བླུགས་པ་བརྒྱུད་ལྕམ་ལན་ནེ་ལའེ་འོས་གྲངས་ ༧༠ དང་། རྗོར་ཇེ་ཡའི་ཞིང་ལས་བློན་ཆེན་ཟུར་པར་འོས་གྲངས་ ༡༢། རྒྱ་ནག་གི་འོས་མིར་འོས་གྲངས་ ༡༠༨ ཐོབ་དང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ནས་བཟུང་ཁོས་དངོས་སུ་ལས་འཁུར་ཞུ་རྒྱུ་ཡིན་འདུག

འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་ཁོང་གིས།  རྒྱལ་ཁབ་ཚང་མས་མཉམ་ཞུགས་ཀྱིས་ཁོ་ལ་འོས་བླུགས་པར་དགའ་ཚོར་བྱུང་སྐོར་དང་། མ་འོངས་པར་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཞིང་ལས་ལྷན་ཚོགས་ཀྱི་སྣེ་འཁྲིད་དེ། དྲང་བདེན་དང་གུ་ཡངས། ཕྱི་གསལ་ནང་གསལ་དང་དཀའ་ངལ་གང་ཞིག་འཕྲད་ཀྱང་བར་གནས་ཀྱི་ངོ་བོའི་སྟེང་ནས། འཛམ་གླིང་མི་མང་དང་ཞིང་བ་ཚོའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་འབྲུ་རིགས་ལྷན་ཚོགས་ཀྱི་དམིགས་ཡུལ་ལྟར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུགརྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་གཙོའི་རྒྱལ་སྤྱིའི་ཚོགས་པ་ཆེན་པོ་ཁག་གི་ནང་། རྒྱ་ནག་གི་མགོ་འཁྲིད་ཚོ་སླེབ་ཐབས་སུ་ནུས་ཤུགས་ཆེན་པོ་འདོན་ཐབས་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་ལྷན་ཚོགས་ཀྱི་མགོ་འཁྲིད་ལ་རྒྱ་ནག་གི་མགོ་འཁྲིད་ཅིག་བསླེབས་པ་མཉམ་འབྲེལ་རྒྱལ་ཚོགས་ཚུགས་ནས་ཐེངས་དང་པོ་ཆགས་ཡོད་པ་དང་། དེ་སྔོན་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་རྒྱ་མི་ཞིག་བསྐོས་ཡོད་ཀྱང་། སྔར་ལོ་རྒྱ་ནག་རང་གིས་འཛིན་བཟུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པའི་སྐོར་བརྗོད་འདུག

ཆུ་ཏོང་ཡས་ཕྱི་ལོ་ ༡༩༦༣ ལོར་རྒྱ་ནག་ཧེ་ནན་ཞིང་ཆེན་དུ་སྐྱེས་ཤིང་། རྒྱ་ནག་ཧེ་ནན་ཞིང་ལས་མཐོ་སློབ་ཏུ་རྒྱ་ནག་གི་ཞིང་ལས་ཚན་རིག་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོ་ནས་རྒྱ་ནག་གི་གྲོང་གསེབ་ཞིང་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པར་བཞག་ཡོད་འདུག  ཁོས་ལོ་མང་རིང་རྒྱ་ནག་ནང་ཞོག་ཁོག་རྒྱུད་འཛིན་འདེབས་ལས་དང་སྐྱེ་དངོས་ལག་རྩལ་ཞིབ་འཇུག་བྱས་ཡོད་པ་དང་། འཛམ་གླིང་ཞོག་ཁོག་ཐོན་ལས་ཀྱི་ཕུལ་བྱུང་བྱ་དགའ་ཡང་ཐོབ་མྱོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༤

Leave a Reply

2 thoughts on “རྒྱ་མི་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་འགན་འཛིན་དུ་བསྐོས།

  1. རྒྱ་ནག་གི་དམིགས་ཡུལ་འདི་ལྟར་འཛིན་བཞིན་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ངན་གཡོ་ཞིག་ལམ་འགྲོ་བྱུང་བ་དང་པོ་རེད། ད་དུང་འདི་དང་འདི་ལྟར་ངེས་པར་ཉི་མ་གཅིག་ལ་རྒྱ་ནག་དམར་གཞུང་འཛམ་གླིང་གི་དབུ་འཛིན་ལ་གྱུར་ཡོད་པ་དངོས་ཡོད་རེད། ངེས་པར་རང་དབང་ལྡན་པའི་རྒྱལ་ཁབ་ཚོའི་འབད་བརྩོན་མ་བྱས་ན་ཉི་མ་ཅིག་ལ་དམར་གཞུང་གིས་འཛམ་གླིང་དབང་འོག་ཏུ་བཅུག་སྲིད་པ་རེད།