རྩེད་འགྲན་གྱི་ཐབས་ལམ་ལ་བརྟེན་ནས་གློ་ནད་ཊི་བི་སྔོན་འགོག་བྱེད་ཀྱི་འདུག

གློ་ནད་ཊི་བི་སྔོན་འགོག་ཆེད་ཐེངས་དང་པོའི་བུད་མེད་རྒྱལ་ཡོངས་རང་བཞིན་གྱི་སིལ་སྤོལ་འགྲན་སྡུར་ཁྲོད་བོད་ཀྱི་བུད་མེད་སིལ་སྤོལ་རུ་ཁག་ ༧ མཉམ་ཞུགས་བྱས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩:༣༥ སྟེང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟུང་འབྲེལ་ཐོག དྷ་ས་གངས་ཅན་སྐྱིད་གཤོངས་སིལ་སྤོལ་ཐང་དུ། བོད་མིའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་བི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་པའི་སྐོར་སྤྱི་ཚོགས་ནང་གོ་རྟོགས་སོགས་སྤེལ་ཆེད། གློ་ནད་ཊི་བི་སྔོན་འགོག་ཆེད་རྒྱལ་ཡོངས་རང་བཞིན་གྱི་བུད་མེད་སིལ་སྤོལ་འགྲན་བསྡུར་ཐེངས་དང་པོ་ཞེས་པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་རྩེད་མོ་རིགས་འགྲན་བསྡུར་བྱེད་བཞིན་པ་དེ་ཆབ་སྲིད་ཀྱི་འབྲེལ་ལམ་ཡག་པོ་ཡོང་ཆེད་ཡིན་ན་ཡང་། ང་ཚོས་རྩེད་མོ་འགྲན་བསྡུར་བྱེད་པ་དེ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་པོ་ཡག་ཆེད་ཡིན་སྐོར་གསུངས་སོང་།

དེ་ཡང་དཔལ་ལྡན་དོན་གྲུབ་ལགས་ཀྱིས།  དེ་རིང་འདིར་བོད་ཀྱི་ལོ་རྒྱུས་ཁྲོད་བུད་མེད་རྒྱལ་ཡོངས་རང་བཞིན་གྱི་སིལ་སྤོལ་ཐེངས་དང་པོ་དེ་རྩེ་བཞིན་ཡོད་པ་རེད། རྩེད་མོ་དེ་རྩེ་དགོས་པའི་དམིགས་ཡུལ་གཙོ་བོ་ཕྱི་ལོ་ ༡༩༧༠ ནས་ ༡༩༨༠ བར་བོད་པའི་སྤྱི་ཚོགས་ཁྲོད། གློ་ནད་ཊི་བི་ན་མཁན་ལོ་ན་ ༥༠ ནས་ ༦༠ བར་རྒན་པ་མང་པོ་ཡོད་ན་ཡང་། དེ་ནས་རིམ་བཞིན་མི་སོ་སོའི་ཟས་བཅུད་བསྟེན་སྟངས་དང་སྤྱོད་པ་འཁུར་སྟངས་སོགས་ལ་བརྟེན་ནས་ད་ལྟའི་ཆར་གློ་ནད་ཊི་བི་ན་མཁན་ལོ་ན་ ༡༨ ནས་ ༣༥ བར་གྱི་ན་གཞོན་ནང་ཤུགས་ཆེན་པོ་ཡིན་པ་དང་། རྩ་བའི་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་རྩེད་མོ་རིགས་འགྲན་བསྡུར་བྱེད་བཞིན་པ་དེ་ཆབ་སྲིད་དང་འབྲེལ་ལམ་ཡག་པོ་ཡོང་ཆེད་ཡིན་ན་ཡང་། ང་ཚོས་རྩེད་མོ་འགྲན་བསྡུར་བྱེད་པ་དེ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་པོ་ཡག་ཆེད་ཆགས་ཡོད་སྐོར་གསུངས་སོང་།དེ་བཞིན་རྩེད་འགྲན་གོ་སྒྲིག་ཚོགས་པའི་དེ་འབྲེལ་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་གནང་པའི་ནང་། གློ་ནད་ཊི་བི་ཁ་གཏད་དུ་བུད་མེད་སིལ་སྤོལ་འགྲན་བསྡུར་ཐེངས་དང་པོའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། ལས་གཞིའི་དམིགས་ཡུལ་གཙོ་བོ་བོད་པའི་སྤྱི་ཚོགས་ནང་ད་ལྟའང་གློ་ནད་ཊི་བིའི་ནད་གཞི་ཁྱབ་བརྡལ་འགྲོ་བཞིན་ཡོད་པར་སོང་། ལས་གཞི་འདི་བརྒྱུད་ཊི་བི་ནད་གཞིའི་སྐོར་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་མ་ཟད། བུད་མེད་ན་གཞོན་ཁྲོད་རྩེད་རིགས་ལ་དོ་སྣང་སླེབས་ཐབས་དང་། རྒྱུན་ལྡན་འཚོ་བའི་ཁྲོད་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་དང་མ་འོངས་པར་ང་ཚོའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྤྱི་ཡོངས་ནས་ཡར་རྒྱས་གཏོང་ཐབས་དང་། བུད་མེད་ནུས་སྟོབས་གོང་འཕེལ་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་སྐོར་བཀོད་འདུག

ཐེངས་འདིའི་རྩེད་འགྲན་ཁྲོད་བལ་ཡུལ་དང་སྦེལ་ཀོབ། ལྡེ་ར་ལྡུན། དྷ་རམ་ས་ལ། བོད་ཁྱིམ་སུ་ཇཱ་དང་གོ་པལ་པུར། སྨན་རྩིས་ཁང་བཅས་བུད་མེད་རྩེད་འགྲན་རུ་ཁག་ ༧ མཉམ་ཞུགས་བྱས་འདུག་པ་དང་། རྩེད་འགྲན་དེ་རིང་ནས་ཕྱི་ཚེས་ ༦ བར་གྱི་ཉིན་གྲངས་ ༥ རིང་བྱེད་ཀྱི་ཡོད་པ་དང་། ལས་གཞི་འདིར་དཔལ་འབྱོར་གྱི་རོགས་སྐྱོར་གནང་མཁན་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༠༢

Leave a Reply

One thought on “རྩེད་འགྲན་གྱི་ཐབས་ལམ་ལ་བརྟེན་ནས་གློ་ནད་ཊི་བི་སྔོན་འགོག་བྱེད་ཀྱི་འདུག

  1. ༄།གཞིས་ཆགས་ཁག་ནས་བུའི་རྩེད་འགྲན་རུ་ཁག་མང་པོ་ཞིག་ཡོང་བཞིན་ཡོད་ཀྱང་དེ་རིང་བུ་མེད་རྩེད་་འགྲན་པ་དེ་ཙམ་མེད་པ་ཅི་ཞིག་གི་མ་འགྲིག་ཡིན་ནམ་།བུ་མེད་ནུས་སྟོབས་ཚན་པ་དང་བུ་མེད་ཚོགས་པ།ད་དུང་ཕོ་མོ་འདྲ་གཉམ་དང་བུ་མེད་ཐོབ་ཐངས་རྩོད་ལེན་པའི་བུ་མེད་ཁྱོད་རྣམས་པ་ག་རེ་བཤད་རྒྱུ་ཡོད།བུ་མེད་ལ་ཐོབ་ཐངས་མེད་པ་རེད་དམ་་་་ཕོ་མོ་འདྲ་མཉམ་མེད་པ་རེད་དམ་་་་ཕོ་མོ་དབྱེར་འབྱེད་རེད་དམ་་་་སྐྱེས་པས་མ་འགྲིག་པ་རེད་དམ་སུའི་མ་འགྲིགཔ་རེད་།།