བློ་ཕམ་ཆེན་པོའི་ཐོག་ནས་སྐུའི་འཁྲུངས་སྐར་མཛད་སྒོ་ཕྱིར་འཐེན་བྱས།

བལ་ཡུལ་གཞུང་གིས་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་བར་ཆོག་མཆན་སྤྲད་མེད་པ་མ་ཟད་མཛད་སྒོར་བཅར་མཁན་ལ་ཁང་པའང་གཡར་མི་ཆོག་པའི་བཀའ་བཏང་ཡོད་འདུག

སང་ཉིན་ཕྱི་ཚེས་ ༦ ཉིན་བལ་ཡུལ་རྒྱལ་འཕགས་ས་གནས་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༤ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་འཆར་ཡོད་ཀྱང་། བལ་གཞུང་གིས་ཆོག་མཆན་མ་སྤྲད་པར་བརྟེན་བློ་ཕམ་ཆེན་པོའི་ཐོག་ནས་མཛད་སྒོ་ཕྱིར་འཐེན་མི་ཞུ་ཐབས་མེད་བྱུང་སྐོར་གསལ་བསྒྲགས་གནང་འདུག

འདི་གའི་གསར་འགོད་པས་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་ལགས་ལ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེ་གའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ངོས་ནས་འཁྲུངས་སྐར་སྲུང་གཙིའི་གྲ་སྒྲིག་འཐུས་ཚང་ཞུས་ཏེ་རྗེས་ཕྱོགས་རྙོག་དྲ་མི་ཡོང་བའི་ཆེད་དུ་འདི་ག་ལས་ཁུངས་ནས་ས་གནས་རྫོང་དཔོན་ལ་ཡིག་ཐོག་ནས་ཆོག་མཆན་ཞུས་ཡོད་ཀྱང་། ཉིན་གཅིག་གཉིས་སྔོན་ནས་ས་གནས་རྫོང་དཔོན་ལས་ཁུངས་ཀྱིས་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་འཚོག་ན་མི་འགྲིག་སྐོར་བརྗོད་པ་མ་ཟད། འདི་ལོའི་གཞུང་འབྲེལ་མཛད་སྒོ་དེ་བལ་ཡུལ་འཕངས་པ་ཤིང་ཀུན་གྱི་གློ་བའི་དགོན་པར་འཚོག་གཏན་ཁེལ་ཡོད་སྟབས། དེར་ཁང་པ་གཡར་མཁན་རྣམས་ལ་ཡང་གཡར་མི་ཆོག་པའི་བཀའ་བཏང་ཡོད་སྐོར་དང་། འདི་ལོར་བལ་གཞུང་གིས་སྐུའི་འཁྲུངས་སྐར་གོ་སྒྲིག་ཞུ་རྒྱུར་དམ་དྲག་བྱས་པར་བརྟེན། བལ་ཡུལ་དོན་གཅོད་ལས་ཁུངས་ནས་བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་ཁང་གཙོས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་ཐེངས་འདིའི་གནས་ཚུལ་སྙན་གསེང་ཞུས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ཉེ་ཆར་ཞིག་ནས་བལ་ཡུལ་གཞུང་གིས་བོད་པའི་ཐོག་ལ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ནི། གཙོ་བོ་དེང་སྐབས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་དེ་རྒྱ་ནག་ལ་ཕྱོགས་སྐྱོད་དུ་ཕྱིན་ཡོད་པ་དང་། གཉིས་ནས་བལ་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་ལ་མགྲོན་འབོད་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཡིན་སྲིད་སྐོར་བརྗོད་བྱུང་།

བལ་ཡུལ་དོན་གཅོད་ལས་ཁུངས་ཀྱི་གསལ་བསྒྲགས་ཡི་གེའི་ནང་། སྤྱི་ནོར་༧གོང་ ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་བཞི་ཕེབས་པའི་ ༧སྐུའི་འཁྲུངས་སྐར་ཡུལ་གྲུ་ཀུན་ལ་དགའ་དད་སྤྲོ་གསུམ་སྒོ་ནས་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་མུས་བཞིན། འདི་ག་བལ་ཡུལ་རྒྱལ་འཕགས་ས་གནས་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་གྲ་སྒྲིག་སྔར་རྒྱུན་བཞིན་འཐུས་གཙང་ཞུས་ནའང་། བློ་ཕམ་ཤིན་ཏུ་ཆེ་བ་ཞིག་ལ་བལ་གཞུང་ཕྱོགས་ནས་ྋསྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ན་མི་འགྲིག་པའི་བཀའ་ནན་བྱུང་བ་བཞིན། འདི་ལོའི་ྋསྐུའི་འཁྲུངས་སྐར་སྲུང་བརྩི་ཡི་མཛད་སྒོ་ལ་དམ་དྲག་ཡོང་གཞི་ངེས་གཏན་ལ་སོང་། བབས་ལྷིང་གཏན་གསུམ་མཛད་གལ་ཆེ་བས་འདི་ལོའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཕྱིར་འཐེན་མི་ཞུ་ཐབས་མེད་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་གྱི་གློ་བ་དགོན་པར་ཚུགས་འཆར་ྋསྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཕྱིར་འཐེན་ཞུས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་སྤེལ། ཞེས་བཀོད་འདུག

འདས་ལོར་སྐུའི་འཁྲུངས་སྐར་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་དེ་ཇའོ་ལ་ཁེལ་(Jawalakhel )ས་གནས་སུ་ཚོགས་ཡོད་པ་དང་། སྐབས་དེར་ཇའོ་ལ་ཁེལ་ས་གནས་གོ་སྒྲིག་ཚོགས་ཆུང་གིས་ཇའོ་ལ་ཁེལ་ས་གནས་རྫོང་དཔོན་ལས་ཁུངས་ལ་ཡིག་ཐོག་ནས་ཆོག་མཆན་ཞུ་སྐབས། འབྲེལ་ཡོད་ལས་ཁུངས་ནས་ལབ་གླེང་གང་ཡང་མེད་པའི་ཐོག་ནས་ཆོག་མཆན་སྤྲད་ཡོད་ཀྱང་། ས་གནས་སུ་བདེ་འཇགས་དམག་མི་སོགས་འགྲེམ་འཇོག་བྱས་ཡོད་འདུག འདས་པའི་ལོ་ཤས་ནས་བཟུང་ལོ་འཆར་ཅན་ལྟར་བལ་གཞུང་གིས་གསུམ་བཅུའི་དུས་དྲན་དང་རྒྱལ་བའི་འཁྲུངས་སྐར་ཉིན་མཆོད་རྟེན་བྱ་རུང་ཁ་ཤོར། རྒྱ་ནག་གཞུང་ཚབ་མདུན་དུ་སོགས་སུ་དམག་མི་ཧ་ཅང་མང་པོ་འགྲེམ་འཇོག་བྱས་ཏེ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༠༥

Leave a Reply

3 thoughts on “བློ་ཕམ་ཆེན་པོའི་ཐོག་ནས་སྐུའི་འཁྲུངས་སྐར་མཛད་སྒོ་ཕྱིར་འཐེན་བྱས།

  1. སྤྱིར་ས་གནས་འདྲ་མིན་ན་༸གོང་ས་མཆོག་གི་སྐུ་འཁྲུངས་སྐར་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད་ཁྱེད་ཚོས་ཡང་ཞུས་ཐུབ་ན་དགེ་མཚན་རེད། འོན་ཀྱང་གཙོ་བོ་ནག་ཕྱོགས་མགོ་འཕངས་མཚོ་ནས་བལ་བོ་གཡོ་འོག་ཏུ་ཚུད་ཚར་ཡིན་ཙང་བྱེད་ཐུབ་མེད་པ་རེད། དེ་འདྲ་སོང་ཙང་ངེས་པར་བོད་མི་ཚོ་མཐུན་ལམ་བྱས་ནས་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱས་ནས་ཉི་མ་གཅིག་ལ་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་སྐར་བྱེད་ཐུབ་པ་ཞིག་དགོས་པ་རེད་དེ་ངེས་པར་བོད་མི་ཞིག་ཡིན་ན་སེམས་ནས་བརྗེད་མི་ཉན་པ་ཞིག་རེད་ངེས་པར་བུ་ཕྲུག་ཚོ་ལ་སློབ་སྦྱོང་སྤྲོད་ནས་སེམས་ལ་འཇོག་དགོས་པ་ཞིག་རེད། བོད་རྒྱལ་ལོ། ༸གོང་ས་མཆོག་ཁྲི་ལོ་ཤོག

  2. ༧གོང་ས་མཆོག་སྐུ་གསེར་གཙོ་མ་ལྟ་བུའི་ལྷ་མེར། གསུང་དུང་སྒྲ་ལྟ་བུན་ལྷན་ནེར། ཐུགས་གཡེང་བ་མེད་པའི་བྱམས་སྙིང་རྗེ་འོད་སྣང་ལྟ་བུའི་ལྷ་ངེར་ངང་ལ་བཞུགས་ཡོད་པ་ལགས། བལ་པོས་༧གོང་ས་མཆོག་ཉིན་མཛད་སྒོར་ལ་བཀག་འགོག་ལ་སེམས་ཕམ་དགོས་དོན་ཡོད་མ་རེད། བལ་གཞུང་ཁོ་རང་སྙིང་རྗེ་དང་དམར་པོ་དབང་འོག་ཏུ་ཚུད་དེ་རང་དབང་ཉིན་རེ་བཞིན་འགྲིབ་བཞིན་པ་ལ་སྙིང་རྗེ་སྐྱེ་དགོས་གལ་ལགས། ༧ གོང་ས་མཆོག་གི་འཁྲུངས་སྐར་ངོ་མ་དེ་ཁང་གི་བཀའ་སློབ་ལམ་སྟོན་བཞིན། བྱམས་དག་སྙིང་རྗེ་ཡར་རྒྱས་གཏོང་ཐབས་དེ་མ་ཐུབ་ནའང་། གཞན་ལ་གཡོ་རྒྱུ་དང་། གནོད་སེམས་དང་། གཡེན་སྦྱོར་སོགས་རྩ་ནས་མ་གནང་ན་བླ་སློབ་དམ་གཙང་ངང་ནས་ཁོད་སྐུ་ཚེ་བརྲན་རྒྱུ་ལ་ཕན་། དེ་མུན་དེང་དྲ་རྒྱའི་དུས་རབ་ལ་། གཡོ་རྒྱུ་ངན་སེམས་ཁོག་ལ་བཅང་ནས་། རང་དབང་དང་རང་དབང་དང། མང་གབོ་མང་གཙོ་ཟེར་ནས་རང་མི་དགའ་ས་དེར་དངོས་ཤུགས་རྒྱུད་ནས་གཡོ་ངན་རིགས་དེ་མ་གནང་ན་བོད་མི་ལས་དབང་དེ་བཟང་དུ་འགྲོ་དེ་མིན་རང་མེད་རོག་མེད་ངང་བོད་ཅེས་ཙམ་མིང་དེའང་རླག་ཉེན་ཆེའོ། དེང་སང་ཡུ་་ཊུབ་ནང་་་tibetstat ཟེར་མཁན་མི་སྨྱོན་པ་དེས་ཉེ་སྔོན་སེར་སྨད་རིན་པོ་ཆེ་ཞིག་ལ་བུད་མེད་དཀའ་ཉོག་གཡོག་པ་རིགས་མགོ་མ་ཚོས་ནའང་། སེ་པེན་ཨ་ཅ་དེས་ཁ་ལ་རྒྱུགས་ཏེ་ངན་སེམས་དེ་རིགས་མ་གནང་ན་དགེ། མ་གཞི་ མི་ལ་རང་བཙན་ཟེར་བ་དེས། མཁས་དབང་ཟམ་གདོང་རིན་པོ་ཆེར་བཀུར་འདེབས་ཞུ་ཡག་གཞན་མེད་ཙང་་་ཁོང་མཁས་དབང་མིང་དེ་ཐོབ་ཐང་ཡོད་མ་རེང་ཟེར་ཡག་འདྲ་བོ་བཤད་པ་དེར་བརྟན་བརྟན་ཤུགས་ཀྡན་ཚོགས་པའམ་གང་རུང་ལག་འབྲེལ་ཡོད་པ་མངོན་རྟགས་རེད། བྱས་ཙང་ོད་མི་གཞན་རྣམས་སོསོའི་ཁ་དག་ལག་པ་ལ་དྲན་ཤེས་བརྟན་པོས་ངང་ནས་ཕན་ཐོགས་རིགས་འདུག་ན་གནང་རོག།གནོད་པའི་རིགས་དེ་མ་གནང་རོག་ཞུ་ཡག་ཡིན།

  3. ༄།བལ་ཡུལ་ལུང་པ་འདི་བཞིན་རང་བཙན་རྒྱལ་ཁབ་ཞིག་མ་ཡིན་པ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་རང་སྲིད་རང་སྐྱོང་་ཞིག་རེད་འདོད་།ཡང་མིན་ན་ཐབས་སྡུག་ཤོས་ཀྱི་རྒྱལ་ཁབ་ཡ་ངལ་ཞིག་རེད།།