དབང་འདུས་ཞེས་པའི་སྐྱེས་པ་ཞིག་ཉེན་རྟོག་པས་འཛིན་བཟུང་བྱས།

སི་ལི་གྷུ་རི་མཐའ་སྲུང་དྲག་ཆས་ཉེན་རྟོག་པས་རྒྱ་དཀར་ནག་གཉིས་ཀྱི་ལག་ཁྱེར་ཡོད་པའི་དབང་འདུས་ཟེར་བའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཏེ་རྒྱབ་ལྗོངས་སོགས་ལ་འདྲི་རྩད་བྱེད་བཞིན་ཡོད་འདུགལྷོ་ཨེ་ཤ་ཡའི་ཁུལ་གྱི་གསར་ཁང་ཨ་ནི་(Ani)དང་། འབྲས་ལྗོངས་ཀྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་མཐའ་སྲུང་དྲག་ཆས་ཉེན་རྟོག་པས། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སི་ལི་གྷུ་རི(Siliguri)ཁུལ་ནས་མིང་ལ་དབང་འདུས་ཟེར་བའི་མི་ཞིག་འཛིན་བཟུང་བྱས་ཡོད་འདུག་ལ། གསར་ལམ་དུ་མི་དེའི་འདྲ་པར་ཁག་ཅིག་ཐོན་པའི་ནང་མགོ་སྐྲ་ཐུང་ཐུང་དང་སྟོད་གོས་ཕུ་ཐུང་ཅན་སེར་སྐྱ་གྱོན་པའི་དབང་འདུས་ཟེར་བ་དེ་དགེ་འདུན་པ་ཞིག་འདྲ་བོ་འདུག

གསར་ལམ་གྱི་གནས་ཚུལ་ནང་། རྒྱ་གར་དབུས་གཞུང་གི་མཐའ་སྲུང་དྲག་ཆས་ཉེན་རྟོག་པས་ས་མཚམས་ཁུལ་དུ་རྟོག་ཞིབ་བྱེད་སྐབས། རྒྱ་ནག་གི་ཡུལ་སྐོར་ལག་འཁྱེར་ནང་དུ་སི་ཁྲོན་ཞིང་ཆེན་ནས་ཡིན་ཞིང་མིང་ལ་དབང་འདུས་ཟེར་བའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱེད་སྐབས་མི་དེའི་ལག་ནས་ཨ་སྒོར་ ༡༡༠༠༠ ལྷག་དང་། རྒྱ་སྐོར་ ༡༥༥༤། ཧིན་སྒོར་ ༤༤༠༠༠། དེ་བཞིན་ཧོང་ཀོང་དང་ཐའེ་ཝན་གྱི་སྒོར་ ༦༠ ལྷག་ལག་སོན་བྱུང་ཡོད་པ་མ་ཟད། རྒྱ་ནག་གི་ཡུལ་སྐོར་ལག་ཁྱེར་དང་། རྒྱ་གར་ཨ་དྷར་དཔང་ཡིག(Aadar card)དང་། འོས་བསྡུའི་ལག་འཁྱེར་ཤིག་བཅས་ཡོད་འདུགཉེན་རྟོག་པས་ལག་སོན་བྱུང་བའི་ཨ་དྷར་དཔང་ཡིག་དང་འོས་བསྡུའི་ལག་འཁྱེར་ནང་མི་དེའི་མིང་ལ་ཐུ་ན་ཐན་ཧྥུ་ན་ཅག་བླ་མ་(Thunathen Funechak Lama)དང་། སྡོད་གནས་རྡོར་གླིང་གི་མི་རིག་(Mirik) ཅེས་པའི་གྲོང་སྡེ་ཡིན་པ་བཀོད་ཡོད་འདུག དྲག་ཆས་ཉེན་རྟོག་པས་ཁོ་པར་རྒྱ་སྐད་ཤེས་མིན་འདྲི་རྩད་བྱེད་སྐབས། རྒྱ་སྐད་ཤེས་ཀྱི་མེད་སྐོར་ལན་འདེབས་བྱས་འདུག་ཀྱང་། ཁ་པར་ནང་སྔོག་བཤེར་བྱེད་སྐབས་ཁོས་རྒྱའི་སྐད་ཡིག་ཐོག་ནས་འཕྲིན་ཐུང་འབྲེལ་གཏུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

གོང་བརྗོད་གསར་ལམ་དུ་སི་ལི་གྷུ་རི་ནི་མཐའ་མཚམས་སུ་ཁེལ་བའི་སྲིད་དོན་སོགས་ཀྱི་ཚོར་བ་སྐྱེན་པའི་ས་ཁུལ་ཞིག་ཆགས་ཡོད་སྟབས། ད་ལྟའི་ཆར་ཉེན་རྟོག་པས་དབང་འདུས་ཟེར་བའི་མི་དེའི་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་བྱེད་མུས་ཡིན་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༢༣

Leave a Reply

One thought on “དབང་འདུས་ཞེས་པའི་སྐྱེས་པ་ཞིག་ཉེན་རྟོག་པས་འཛིན་བཟུང་བྱས།

  1. རྒྱ་ནག་གི་ཕྱིར་སྐྱོད་ལག་འཁྱེར་ཟེར་ན་འདྲ་གང་ལྟར་འངི་ནི་དིལླའི་རྒཞུང་ཚབ་ཀས་བོད་འགྲོ་སྐྱོད་ཆོག་པའི་ལག་འཛིན་དེ་ཡིན་པའི་བཟོ་འདུག་བ། passport རེད་མི་འདུག་ travel document ལབ་དུས་ད་འདྲ་ཞིག་ཡིན་པ་འདྲ། ད་འགྲོ་ལམ་བཥིན་དུ་མ་འགྲོ་ན་གསར་འགྱུར་བ་སུས་ཡིན་དཀའ་ལས་ཡོད་རེད། དུས་ནམ་དུས་རྒྱ་ནག་གི་ཡིག་ཟུར་ཙམ་རྒྱ་གར་སྐོར་སྲུང་བ་ལ་མཐོང་ན་དེ་ནས་ཐར་ཁག་པོ་རེད། མང་པོ་ཞིག་རྒྱ་མིའི་ཧྲི་ཝིན་ཊི་ཟེར་དང་རྒྱ་གར་སྐྱབས་བཅོལ་གཉིས་མཉམ་དུས་ཉར་ན་མེ་ཆུ་གཉིས་མཉམ་དུ་བཞག་པ་བཟོ་འངྲ་རེད་