པཱ་ཀི་སི་ཐན་གྱིས་རྒྱ་གར་གཞུང་ཚབ་པ་ཕྱིར་འཕུད་བཏང་སྟེ་འབྲེལ་ལམ་ཡོངས་སུ་གཅོད་རྒྱུ་ཡིན་ཟེར།

རྒྱ་གར་གཞུང་གིས་ཇ་མུ་ཀཱ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པའི་བཀའ་རྒྱ་བསྒྲགས་པར་བརྟེན་པཱ་ཀི་སི་ཐན་གཞུང་ནས་རྒྱ་གར་ལ་འབྲེལ་ལམ་ཡོངས་རྫོགས་གཅོད་རྒྱུ་ཡིན་པ་བསྒྲགས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་གཞུང་གིས་ཇ་མུ་ཀྰ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་ཏེ་ཐད་ཀར་དབུས་གཞུང་གི་སྟངས་འཛིན་འོག་བཅུག་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་པར་བརྟེན། ཀྰ་ཤི་མིར་ཁུལ་དུ་ངོ་རྒོལ་ཟིང་འཁྲུག་དང་། ཡུལ་གཉིས་བར་རྩོད་གཞི་ཆེ་རུ་ཕྱིན་ཡོད་པ་ལྟར། ཁ་སང་པཱ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱིས་ཀྰ་ཤི་མིར་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཟིང་ཆ་བསླངས་ཡོད་པའི་སྐྱོན་བརྗོད་དང་སྦྲགས། ཡུལ་དེའི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་པ་ཕྱིར་འཕུད་གཏང་རྒྱུ་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་སོགས་འབྲེལ་ལམ་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག

པཱ་ཀི་སི་ཐན་གཞུང་གི་གསལ་བསྒྲགས་ནང་།  ང་ཚོའི་གཞུང་ཚབ་པ་གསར་པ་མོ་ཡེ་ནོ་ཧ་ཁུ་(Moin-ul-Haq)ཡིས་ལྡི་ལི་རུ་གཞུང་ཚབ་པ་གསར་པའི་ལས་གནས་ད་དུང་མགོ་བརྩམས་མེད་ཀྱང་། ད་ལྟ་ཁོ་ལྡི་ལི་རུ་འགྲོ་མ་དགོས་པར་རྒྱ་གར་གྱི་གཞུང་ཚབ་པ་ཨ་ཇེ་བྷ་ས་རེ་ཡ་(Ajay Bisaria)ལགས་པཱ་ཀི་སི་ཐན་ནས་འགྲོ་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཐག་གཅོད་འདི་ནི་པཱ་ཀི་སི་ཐན་གྱི་སྲིད་བློན་ཨམ་རན་ཁན་ལགས་ཀྱིས་སྣེ་འཁྲིད་པའི་རྒྱལ་སྲིད་བདེ་འཇགས་ལྷན་ཁང་གི་འཐུས་མི་ཚོ་འདུ་འཛོམས་བྱས་པ་བརྒྱུད་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ། པཱ་ཀི་སི་ཐན་གྱི་སྲིད་བློན་ཨམ་རན་ཁན་ལགས་ཀྱིས། ང་ཚོའི་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཚང་མ་བེད་སྦྱོད་བྱས་ཏེ། ཀྰ་ཤི་མུར་ཁུལ་དུ་གདུག་རྩུབ་ཆེ་བའི་རྒྱ་གར་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་རྐུབ་བརྡོལ་གྱི་ཡིན། ཞེས་བརྗོད་འདུག

དེ་རིང་ཉིན་རྒྱབ་ཏུ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། པཱ་ཀི་སི་ཐན་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཐག་གཅོད་ལ་རྒྱ་གར་གཞུང་བློ་ཕམ་ཡོད་པ་དང་། ཉེ་སྔོན་རྩ་ཁྲིམས་དོན་ཚན་ ༣༧༠ དང་འབྲེལ་བའི་དོན་དག་ཁག་ནི་རྒྱ་གར་གྱི་ནང་སྲིད་ཡིན་པས། འདས་མ་ད་གསུམ་གང་ཡིན་རུང་རྒྱ་གར་རྩ་ཁྲིམས་ཀྱིས་ནམ་ཡང་མངའ་ཁུལ་གྱི་བདག་དབང་གླེང་བཞིན་ཡོད། དེར་བརྟེན། རྩ་ཁྲིམས་དེར་ཐེ་གཏོགས་ཀྱི་འཇིགས་སྣང་བསྐྲུན་པའི་དམིགས་ཡུལ་ལེགས་འགྲུབ་འབྱུང་མི་སྲིད། ཅེས་བརྗོད་འདུག

ཨ་རིའི་ཝ་ཤིན་ཊོན་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་ཀྰ་ཤི་མུར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་ཏེ། ཀྰ་ཤི་མུར་མངའ་ཁུལ་གཉིས་སུ་ཕྱེས་བ་དང་། ཀྰ་ཤི་མིར་གྱིས་རང་འགུལ་ཐག་གཅོད་དང་རྒྱལ་དར་སྒྲེང་འཛུགས་སོགས་ཀྱི་ཐོབ་ཐང་ལ་གཏོར་བརླག་གཏོང་གི་ཡོད་སྟབས། པཱ་ཀི་སི་ཐན་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྰ་ཤི་མུར་ཐོག་བཞག་པའི་གྲོས་ཆོད་བརྒྱུད་རྒྱ་གར་གཞུང་ནས་ཇ་མུ་ཀྰ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་ཡི་ཐག་གཅོད་བསྐྱར་ཞིབ་དགོས་པར་གནོན་ཤུགས་སྤྲོད་འཆར་ཡོད་འདུག

ཡང་ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མགྲིན་ཚབ་པས་ཊི་ཝེ་ཊིར་སྟེང་། ང་ཚོས་རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཀྰ་ཤི་མིར་ཁུལ་གྱི་འབྲེལ་ལམ་ཡོངས་བཀག་སྡོམ་བྱས་པ་དེས་ཁུལ་དེའི་མི་མང་གི་དམངས་གཙོའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སེམས་འཚབ་ཡོད། ཅེས་བརྗོད་ཡོད་པ་རེད།

ཟླ་འདིའི་ཟླ་མགོ་ནས་བཟུང་རྒྱ་གར་གཞུང་གིས་ཇ་མུ་ཀྰ་ཤི་མུར་ཁུལ་དུ། དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་ཁུལ་དེའི་ཆབ་སྲིད་ཀྱི་མགོ་འཁྲིད་ཁག་ཅིག་བཟང་བཙོན་འོག་བཅུག་པ་དང་ཡུལ་སྐོར་བ་ཕྱིར་ལོག་བཏང་བ་སོགས་རྒྱུན་ལྡན་མིན་པའི་འགྱུར་བ་བཏང་རྗེས། ཕྱི་ཚེས་ ༥ ཉིན་ཡོངས་གྲགས་ཐོག་ཇ་མུ་ཀྰ་ཤི་མུར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུའི་གསར་བསྒྲགས་སྤེལ་ཏེ། ད་སྔ་ཀྰ་ཤི་མུར་ཁུལ་གྱི་དྲ་རྒྱ་དང་ཁ་པར་སོགས་ཀྱི་འབྲེལ་ལམ་བཀག་འགོག་བྱས་ཡོད་སྟབས། ཀྰ་ཤི་མིར་ཁུལ་གྱི་མི་མང་སྟོང་ཕྲག་མང་པོའི་འཚོ་གནས་ལ་གྱོང་གུད་དང་དམིགས་བསལ་གནས་བབ་སྒྱུར་བཅོས་བཅས་ཀྱི་ཐད་རྒྱ་གར་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༠༨

Leave a Reply

2 thoughts on “པཱ་ཀི་སི་ཐན་གྱིས་རྒྱ་གར་གཞུང་ཚབ་པ་ཕྱིར་འཕུད་བཏང་སྟེ་འབྲེལ་ལམ་ཡོངས་སུ་གཅོད་རྒྱུ་ཡིན་ཟེར།

  1. ཚེ་དབང་བསོད་ནམས་ལགས། བོད་པས་ཁ་ནས་བཤད་སྟངས་ལྟར་སྨོན་ལམ་རྒྱོབས་། སྨོན་ལམ་རྒྱབ་ཀྱི་ཡིན་སོགས་ཤ་སྟག་བཤད་ནས་་རྨོངས་དད་ཆེ་དྲག་ནས་ལས་དོན་
    ནམ་ཡང་མི་འགྲུབ། སྨོན་ལམ་བརྒྱབ་ནས་བསྡད་པར་བརྟེན་བོད་དེ་རྒྱས་ཟས་པ་རེད།
    སྨོན་ལམ་རྐྱང་རྐྱང་བརྒྱབ་ནས་ཅི་ལ་ཕན། གཏན་ནས་མི་ཕན། སྔར་ཡང་ཕན་མེད། ད་ཡང་མི་ཕན།
    མ་འོངས་པ་ལའང་ཕན་ཐབས་མེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    ས་འབྲེལ་དང་ཆོས་ལུགས་རིག་གཞུང་སྐད་ཡིག་སོགས་དང་ལོ་རྒྱུས་རང་བཞིན་གྱི་
    འབྲེལ་བ་གཏིང་ཟབ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་དེང་དུས་ཀྱིས་སྒོ་ཚོན་འཇིག་རྟེན་
    རྩ་མེད་བཟོ་རྒྱུའི་མགྲན་བསྡུར་ནང་ཚུད་པའི་རྒྱལ་ཁབ་གཉིས་གདོང་ཐུག་མ་ཡོང་བའི་སྨོན་ལམ་
    རྒྱག་རྒྱུ་དེ་ཐེག་པ་ཆེན་པོའི་ཆོས་མཁས་ལེན་མཁན་གྱིས་ནང་པ་ཚང་མས་ལས་འགན་
    ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།