རྒྱལ་སྤྱིའི་གླུ་དབྱངས་འགྲན་སྡུར་ཁྲོད་བོད་མི་ཞིག་ལ་ཨང་གཉིས་པ་ཐོབ།

ལྷོ་ཀོ་རི་ཡའི་སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་གླུ་གཞས་འགྲན་སྡུར་སྟེང་བོད་ཀྱི་གཞས་པ་རང་བྱུང་རྡོ་རྗེ་ལགས་སུ་ཨང་རིམ་གཉིས་པའི་བྱ་དགའ་ཐོབ་ཡོད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་ལྷོ་ཀོ་རི་ཡའི་ཇེ་རྗོ་(jeju)གླིང་ཕྲན་གྱི་སྒྱུ་རྩལ་ལྟེ་གནས་སུ། སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་གླུ་གཞས་འགྲན་སྡུར་(The 14th Jeju International Brass Competition)ཚོགས་ཡོད་པ་དང་། འགྲན་ཚོགས་དེའི་ཐོག་ཨ་རི་དང་ཁ་ན་ཌ། ཝེ་ཐི་ནམ། ཨུ་རུ་སུ། རྒྱ་གར། ལྷོ་ཀོ་རི་ཡ། རྒྱ་ནག  ཧོང་ཀོང་སོགས་ནས་གཞས་པ་གཞས་མ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་བོད་རིགས་གཞས་པ་རང་བྱུང་རྡོ་རྗེ་ཞེས་པ་ཞིག་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་བྱུང་རྡོ་རྗེ་ལགས་ཆུང་དུས་ནས་གླུ་གཞས་སྒྱུ་སྩལ་ཀྱི་ལས་རིགས་ལ་དགའ་བ་ཆེན་པོ་ཡོད་པ་དང་། ཁོང་བོད་ཁུལ་གྱི་རིག་རྩལ་སྤྲོ་ཚོགས་མང་པོར་མཉམ་ཞུགས་བྱས་ཏེ་ལྟད་མོ་བ་མང་པོའི་དགའ་བསུ་ཐོབ་པའི་གསར་སྐྱེས་གཞས་པ་ཞིག་ཡིན་པ་དང་། ཁོང་གི་ཚབ་མཚོན་གླུ་གཞས་ནི་ཞིང་འབྲེག་བུ་མོ་དང་ཆང་གཞས་སོགས་ཡོད་འདུག
གཞས་པ་རང་བྱུང་རྡོ་རྗེ་ལགས་ནི་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་གཡུ་གཞོང་རྐང་ཚ་དཔོན་ཚང་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཧྲང་ཧེ་མཉམ་འབྲེལ་ཀུན་ཕན་ཚོང་ལས་ཁང་གིས་གདན་ཞུ་བྱས་པ་ལྟར་ཧྲང་ཧེ་གླུ་དབྱངས་སློབ་གླིང་ནས་སློབ་སྦྱོང་བྱས་ཡོད་པ་དང་། ད་ལྟའི་ཆར་མུ་མཐུད་རྒྱ་ནག་ཀང་ཞི་སྒྱུ་རྩལ་སློབ་གླིང་དུ་རོལ་མོའི་གཞུང་ལུགས་ཐད་སློབ་གཉེར་བྱེད་ཀྱིན་ཡོད་འདུག ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་ན་ཆུང་བྱིས་པའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཀྱི་མདོ་ལ་རིང་མོའི་སྐྱ་རེངས་ཞེས་པའི་སྟེང་ཞུགས་པ་ནས་མི་མང་གིས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་འདུག

ཁོང་གིས་ཕྱི་ལོ་ ༢༠༡༦ ལོར་ཆང་གཞས་དང་ལམ་དཀར་པོ་ཞེས་པའི་བོད་སྐད་ཀྱི་གླུ་དབྱངས་བརྩམས་ཆོས་གཉིས་འགྲེམས་སྤེལ་བྱས་ཡོད་པ་དང་། ལོ་དེར་རྒྱ་ནག་གི་ཀུན་སྤྱོད་དང་སྒྱུ་རྩལ་ཟུང་ལྡན་ཞེས་པའི་རིག་རྩལ་འགྲན་སྡུར་ཁྲོད་། རྒྱ་ནག་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་སྐབས་བཅུ་གསུམ་པ་དང་ཀུང་ཞིའི་སྒྱུ་རྩལ་མི་སྣའི་ཁོངས་ནས་གསེར་གྱི་རྟགས་མ་སོགས་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཉི་ཧོང་ཊོག་ཡོ་རྒྱལ་སྤྱིའི་གླུ་དབྱངས་འགྲན་སྡུར་སྟེང་རྒྱལ་སྤྱིའི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་འདུག

ལྷོ་ཀོ་རི་ཡའི་ཇེ་རྗོ་གླིང་ཕྲན་གྱི་རྒྱལ་སྤྱིའི་གླུ་དབྱངས་འགྲན་སྡུར་དེ་ནི་ལོ་རེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གླུ་གཞས་སྒྱུ་རྩལ་བ་ཚོ་དྲག་འདེམས་ཀྱིས་འཚོགས་བཞིན་ཡོད་པ་ཞིག་ཡིན་འདུག་ལ།  གླུ་གཞས་འགྲན་སྡུར་མཉམ་དུ་རིག་གནས་དང་སྒྱུ་སྩལ་འགྲེམས་སྟོན་སོགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༡༩

Leave a Reply

3 thoughts on “རྒྱལ་སྤྱིའི་གླུ་དབྱངས་འགྲན་སྡུར་ཁྲོད་བོད་མི་ཞིག་ལ་ཨང་གཉིས་པ་ཐོབ།

  1. རྒྱ་དམར་གཞུང་ནས་ མི་རིགས་འདྲ་མཉམ་བཤད་པ་ནང་བཞིན་ རྒྱ་ནག་གི་སྲིད་བློན་བོད་པ་ཞིག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བོད་པ་ཞིག རྒྱ་ནག་གི་ནང་སྲིད་བློན་ཆེན་བོད་པ་ཞིག རྒྱ་ནག་གི་བདེ་སྲུང་བློན་ཆེན་བོད་པ་ཞིག རྒྱ་ནག་གི་ཤེས་རིག་བློན་ཆེན་བོད་པ་ཞིག རྒྱ་ནག་གི་དཔལ་འབྱོར་བློན་ཆེན་བོད་པ་ཞིག ནམ་ ❓❗️❗️❗️བོད་པ་གཞས་གཏོང་མཁན་ལ་བྱ་དགའ་ ? ? ???

  2. ཕུ་ནུ་ཁྱེད་དང་ཁྱེད་འདྲ་བས་བདག་ལ་སྤོབས་པ་འབྱིན་པ་དེ་ནི་ང་ཁོ་ན་ག་ལ་ཡིན་ཏེ། གངས་དཀར་ཏེ་སི་སོགས་གནམ་གྱི་ཀ་བ་དང་། མཚོ་སྔོན་པོ་སོགས་གཡུའི་མན་ཌལ་ལ་སོགས་པའང་དགའ་ངུའི་ཐལ་མོ་འབྲུག་སྟོང་སྒྲ་ལྟར་འདེབས་བཞིན་པ་ཡིན་ན། གངས་ཕྲུག་ཁྱེད་གངས་སེང་ཨ་མའི་འོ་མ་འཇོ་བ་གོ་ཆོད་པས་ཁྱེད་སྤོབས་པ་ཅིའི་ཕྱིར་མི་བགྱིས་ཏེ། ཤིན་ཏུ་བགྱིད་པར་འོས་སོ།།