གནས་མཆོག་རྡོར་གདན་དུ་འགད་རྫས་བཞག་པའི་དོཊ་ཡོད་གཏེ་བོ་འཛིན་བཟུང་བྱས།

འདས་ལོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཉེ་འཁྲིས་སུ་འགད་རྫས་བཞག་པའི་གནད་དོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ནུབ་བྷང་གྷལ་ནས་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུགདེ་རིང་རྒྱ་གར་གྱི་(India Today)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདས་ལོའི་ལོ་མགོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་སྒོ་ཆེན་བཞི་པའི་ཉེ་འཁྲིས་སུ་འགད་རྫས་བཞག་པའི་གནད་དོན་དང་འབྲེལ་ཏེ། རྒྱ་གར་ནུབ་བྷང་གྷལ་མངའ་སྡེ(West Bengal)ནས་ཡིན་པའི་དོགས་ཡོད་ཉེས་ཅན་ཚང་མ་འཛིན་བཟུང་བྱས་ཟིན་ཡོད་སྐོར་བསྒྲགས་འདུག་ཀྱང་། ད་ལྟའི་བར་གནད་དོན་དེ་དང་འབྲེལ་ནས་དོགས་ཡོད་ཉེས་ཅན་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་མེད་སོགས་གསལ་བོ་བརྗོད་མི་འདུག

ཁ་སང་རྒྱ་གར་གྱི་ཀ་ལི་ཀ་ཏ་མངའ་སྡེའི་ཉེན་རྟོག་དམིགས་བསལ་ལས་དོན་རུ་ཁག་གིས་ཅིན་ནའེ་གྲོང་ཁྱེར་(Chennai)ནང་ནུབ་བྷང་གྷལ་ནས་ཡིན་པའི་རང་ལོ་ ༣༥ ཡིན་པའི་མིང་ལ་ཨ་སཱ་དྷུ་ལཱ་ཤེག་(Asadullah Sheikh)ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་དེ་འབྲེལ་དོགས་ཡོད་གཞན་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག་ལ། ཉེན་རྟོག་པ་ཞིག་གིས་ཨ་སཱ་དྷུ་ལཱ་ཤེག་ཟེར་བ་དེ་འདས་ལོའི་འགད་རྫས་ཀྱི་གནད་དོན་ནང་ཞུགས་ཡོད་པ་དང་། ཁོ་ནི་རྡོར་གདན་གྱི་འགད་རྫས་དོན་རྐྱེན་དེའི་ནང་གི་མི་སྣ་གཞན་དག་ལ་སྦྱོང་བརྡར་སྤྲོད་མཁན་གཙོ་བོའང་ཡིན་པ་མ་ཟད། དྲག་སྤྱོད་ཀྱི་བྱ་འགུལ་གཞན་གྱི་ནང་དུའང་ཞུགས་ཡོད་པའི་དོགས་པ་ཡོད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མའི་ནང་ཀ་ལི་ཀ་ཏའི་གྲོང་ཁྱེར་དམིགས་བསལ་ཉེན་རྟོགས་ལས་དོན་རུ་ཁག་གིས།  ཨ་སཱ་དྷུ་ལཱ་ཤེག་ཟེར་བ་དེའི་ལག་རོགས་མིང་ལ་མོ་ཧཱ་མཌ་ཨ་བྷུལ་ཀ་ཤེམ་(Mohammed Abul Kashem)དང་། རང་ལོ་ ༢༢ ཡིན་པའི་དོགས་ཡོད་གཞན་ཞིག་འཛིན་བཟུང་བྱས་ཡོད་ཡོད་པ་དང་། འདྲི་རྩད་བྱས་པ་བརྒྱུད་ཨ་སཱ་དྷུ་ལཱ་ཤེག་ (Asadullah Sheikh)གི་ལས་གཞི་ཁག་དང་ཀ་ལི་ཀ་ཏ་དང་ཅིན་ནའེ་གྲོང་ཁྱེར་བར་གྱི་འགྲོ་སྐྱོད། དེ་བཞིན་ལག་ཁྱེར་རྫུན་མ་ཞིག་གི་ཐོག་ཅིན་ནའེ་གྲོང་ཁྱེར་ནང་གནས་སྡོད་བྱེད་ཀྱི་ཡོད་པ་སོགས་གསལ་བོ་ར་འཕྲོད་བྱུང་ཡོད་སྐོར་བརྗོད་འདུག

ཨ་སཱ་དྷུ་ལཱ་ཤེག་ (Asadullah Sheikh)་ལ་ཅིན་ནའེ་ཉེན་རྟོག་པས་འདྲི་རྩད་བྱེད་བཞིན་ཡོད་འདུག་ལ། མི་འགྱངས་བར་ཀ་ལི་ཀ་ཏའི་ནང་མུ་མཐུད་འདྲི་རྩད་ཆེད་འཁྲིད་ཀྱི་ཡོད་འདུག་ལ། ཀ་ལི་ཀ་ཏའི་ལཱལ་བྷ་ཛར་(Lalbazar)ཞེས་པའི་ཉེན་རྟོག་པ་ཞིག་གིས། ཀ་ལི་ཀ་ཏའི་ཉེན་རྟོག་དམིགས་བསལ་ལས་དོན་རུ་ཁག་གིས། བྷང་ལཱ་ཌི་ཤིའི་ཇ་མཱཌ་ཨལ་མུ་ཇཱ་ཧི་དྷིན་(Jamaat-ul-Mujahideen Bangladesh)ཟེར་བའི་དྲག་སྤྱོད་ཚོགས་པའི་ལྐོག་བྱུས་འོག འདས་ལོའི་རྡོར་གདན་འགད་རྫས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ནུབ་བྷང་གྷལ་མངའ་སྡེའི་དོགས་ཡོད་ཚང་མ་འཛིན་བཟུང་བྱས་ཟིན་སྐོར་བརྗོད་འདུགའདས་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་གྱི་ཕྱི་དྲོར། གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་དུ། མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་ཁྲིར་མཇལ་ཁ་ཞུ་བཞིན་པའི་སྐབས་སུ། གློ་བུར་དུ་གསུང་ཆོས་ར་བའི་ཕྱི་ལོགས་ཀྱི་སྤྱི་ཐབ་ཕྱོགས་ནས་འབར་གས་ཀྱི་སྒྲ་ཞིག་གྲགས་ཡོད་པ་དང་། དེ་མ་ཐག་རྒྱ་གར་བདེ་སྲུང་ཉེན་རྟོག་པས་༧གོང་ས་མཆོག་གི་བཞུགས་ཁྲི་གཙོས་གསུང་ཆོས་ར་བའི་ཕྱི་ནང་ཡོངས་ལ་ཞིབ་བཤེར་བྱེད་སྐབས། མཆོད་རྟེན་ཆེན་མོའི་སྒོ་རྟགས་གྲངས་ ༤ པའི་ཉེ་འགྲམ་ནས་ལྗིད་ཚད་སྤྱི་རྒྱ་ ༡༠ རེ་ཡོད་པའི་འགད་རྫས་གཉིས་ལག་སོན་བྱུང་ཡོད་པ་རེད།

རྒྱ་གར་ཉེན་རྟོག་ཕྱོགས་ནས་དྲག་སྤྱོད་དེའི་རྒྱབ་ན་བྷང་ལཱ་ཌི་ཤིའི་དྲག་སྤྱོད་ཚོགས་པ་ (Jamaat-ul-Mujahideen Bangladesh) ཡོད་སྐོར་བརྗོད་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་ ༢ འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྐབས། ཁོ་གཉིས་ཀྱིས་འགད་རྫས་འཇོག་དགོས་དོན་ནི། འབར་མའི་རོ་ཧིན་གྷ་ཡའི་ཁ་ཆེ་བ་ཚོར་ནང་པ་གཞུང་གིས་དྲག་གནོན་བྱས་པ་དེར་འཁོན་ལན་སློག་ཆེད་རྡོ་རྗེ་གདན་དུ་འགད་རྫས་ ༨ འཇོག་པའི་འཆར་གཞི་བསྒྲིགས་པ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༡

Leave a Reply

One thought on “ གནས་མཆོག་རྡོར་གདན་དུ་འགད་རྫས་བཞག་པའི་དོཊ་ཡོད་གཏེ་བོ་འཛིན་བཟུང་བྱས།

  1. ཚེས་བཅུ་སྒྲོལ་མ

    འཛམ་གླིང་འདིར་ནང་ཞི་བདེ་མིན་པའི་རྒྱལ་ཁབ་དང་ས་ཁུལ་ནི་ཁ་ཆེ་གནས་སྡོད་ཡོད་སར་སྨོས་མེད་རེདལ་མི་གསོད་ཁྲག་སྦྱོར་བྱེད་བཞིན་པ་མ་ཚད་འཛམ་གླིང་འདིར་་ལ་ཆེ་དཀའ་ངལ་བཟོས་མཁན་དག་ཡང་ཁ་ཆེ་བ་རེད།