བོད་མི་རྒས་ཡོལ་རྣམས་དགོན་པར་འགྲོ་མི་ཆོག

ཉེ་སྔོན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བརྡ་ཐོ་ཞིག་བཏང་སྟེ་དགོན་པར་མཆོད་མཇལ་དང་སྐོར་བར་འགྲོ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མཁན་གྱི་རྒས་ཡོལ་རྣམས་ཀྱི་མིང་ཐོ་བསྡུ་རུབ་བྱེད་ཀྱི་ཡོད་འདུགབརྡ་ཐོ་དེ་ཟླ་ཚེས་ག་དུས་སྤེལ་མིན་གསལ་བོ་མེད་ཀྱང་དེའི་ནང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ སྔོན་དུ་འབྲེལ་ཡོད་ལས་ཁུངས་ནས་རྒས་ཡོལ་རྣམས་ཀྱི་མིང་དང་། ཁོང་ཚོ་སྐོར་བར་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་པའི་སྙན་ཐོ་ས་གནས་ཀྱི་དམར་ཤོག་ཚོགས་པའི་རྒས་ཡོལ་ལྟ་སྐྱོང་ལས་ཁུངས་ལ་སྤྲོད་དགོས་སྐོར་བཀའ་བསྒྲགས་ཡོད་འདུག་པ་མ་ཟད།  འབྲེལ་ཡོད་ལས་ཁུངས་ཁག་ནས་དྲང་བདེན་ཀྱི་ཐོག་ནས་རྟོག་ཞིབ་དང་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། དམར་ཤོག་ཚོགས་མི་རྒས་ཡོལ་དང་གཞུང་ཞབས་རྒས་ཡོལ་རྣམས་དགོན་པ་སོགས་ལ་སྐོར་བར་འགྲོ་བའི་སྣང་ཚུལ་བྱུང་གི་ཡོད་མེད་ལ་རྟོག་ཞིབ་བྱེད་དགོས་སྐོར་དང་། རྒས་ཡོལ་ཞུས་ཟིན་པའི་གཞུང་ཞབས་ནང་སྐོར་བ་བྱེད་པ་ནི་གྲངས་ལས་འདས་པ་དང་རྒྱ་ཆེན་པོ་ཡིན་པ། དམར་ཤོག་ཚོགས་མི་རེ་འགས་མངོན་གསལ་དོད་པོ་དང་ཡང་རེ་འགས་དོགས་ཟོན་ངང་ (semi-openly) སྐོར་བར་འགྲོ་ཡི་ཡོད་སྐོར་བརྗོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། ཟླ་སྔོན་མར་ཏང་གི་སྒྲིག་གཞི་ལ་གསར་དུ་བཟོ་བཅོས་བྱས་པ་ཞིག་བསྒྲགས་ཏེ་ཏང་གི་སྒྲིག་གཞི་ཇེ་དམ་དང་། ཏང་གི་དམིགས་ཡུལ་གཙོ་བོ་དང་དང་པོར་བཟུང་ཐོག ཏང་གི་སློབ་གསོ་དོན་འཁྱོལ་བྱེད་པ་གཏན་འབེབ་བྱས་ཏེ་ཤུགས་སྣོན་བྱེད་ཀྱི་འདུག དེང་སྐབས་སྐོར་བ་ལ་འགྲོ་བ་ཙམ་དུ་མ་ཟད། གནས་སྐོར་ལ་འགྲོ་བའི་རིགས་ལའང་བཀག་སྡོམ་ཤུགས་ཆེན་པོ་བྱེད་ཀྱི་འདུག ངས་བལྟས་ན་འདིའི་ནང་སྐོར་བ་བཀོད་པ་དེ་ཉེ་འཁོར་གྱི་དགོན་པ་སོགས་ལ་སྐོར་བ་བྱེད་པ་ཙམ་ལ་གོ་བ་མིན་པར། ཏང་ཡོན་དང་སྒྲིག་གྲས་ལས་བྱེད། དཔོན་པོ་དང་དེ་དག་གི་ནང་མི་དང་འབྲེལ་ཡོད་མི་སྣ་རྣམས་གནས་ཆེན་ཁག་ལ་མཇལ་སྐོར་དུ་འགྲོ་བ་སོགས་ཚང་མ་ཚུད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གནས་ཚུལ་དེ་དང་འབྲེལ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྤེལ་པའི་གནས་ཚུལ་ནང་། རྒྱ་ནག་ནང་ལོགས་དང་བོད་ནང་དམར་ཤོག་ཚོགས་མི་རྣམས་ཆོས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པའི་སྒྲིག་ཁྲིམས་བཟོས་ཡོད་ནའང་། དམར་ཤོག་ཚོགས་པས་མི་མང་དང་གཞུང་ཞབས་དཀྱུས་མ་རྣམས་ཆོས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱས་ན་ཉེས་ཆད་གཅོད་པ་ནི་གཞི་རྩ་མེད་པ་ཞིག་རེད། བོད་རང་ལྗོངས་ཀྱི་གཞུང་ཞབས་ཕལ་མོ་ཆེ་ནི་དམར་ཤོག་ཚོགས་མི་མིན་སྐོར་བརྗོད་འདུགཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་ལྷ་སའི་ཁུལ་དུ་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ་རེད། འདས་ལོར་ལྷ་ས་དང་མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་། སློབ་མ་རྣམས་དབྱར་ཁའི་གུང་གསེང་གི་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་མི་ཆོག་པ་དང་། དེ་བཞིན་བོད་སྐད་ཡིག་དང་ནང་ཆོས་སྐོར་གྱི་ཟབ་སྦྱོང་འཛིན་གྲྭར་མཉམ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། སློབ་ཕྲུག་གི་ཕ་མར་བཙན་དབང་གིས་ཆོས་ཀྱི་བྱེད་སྒོར་ཞུགས་སུ་མི་འཇུག་པའི་ཡི་གེར་མིང་རྟགས་འགོད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༢

Leave a Reply

2 thoughts on “བོད་མི་རྒས་ཡོལ་རྣམས་དགོན་པར་འགྲོ་མི་ཆོག

  1. ཚེས་བཅུ་སྒྲོལ་མ།

    བོད་ནང་གི་གནས་སྟངས་འདི་ལྟར་རེད།བཙན་བྱོལ་ནང་ལ་ཡོད་པའི་བོད་མི་འགའ་ཤས་ཀྱིས་དམངས་གཙོ་ཁ་ལ་ཁྱེར་ནས་གང་བྱུང་མ་བྱུང་བྱེད་དང་དྱེད་བཞིན་དེར་བློ་ཕམ་རང་བཞིན་རེད་།བོད་ནང་གི་གནས་སྟངས་སྐོར་གསར་འགྱུར་འགོད་མཁན་གྱི་གསར་གནས་བཀོད་པ་ཡིན་ན་དོ་སྣང་བྱེད་མཁན་མི་འདུག་ལ་བསམ་ཚུལ་བཏོན་མཁན་ཡང་ཧ་ལམ་ཡོག་མ་རེད་ཟེར་བཤད་ཆོག་གི་འདུག
    བོད་མི་ནང་ཁུངས་ལ་ཁྱོད་ཤི་ང་གསོན་དང་རྐུབ་བཀྱག་།ཡང་ན་གཅིག་ནས་གཅིག་ལ་གནོད་སྐྱེལ་ཇི་ལྟར་བྱེད་བཞིན་འདུག
    མཐར་ན་ཨ་རིའི་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ཁང་དུ་ངོ་རྒོལ་སྐད་འབོད་་བྱས་པ་མ་ཚད་བརྙན་ཐུང་ཡང་སྤྱི་ཚོགས་དྲ་རྒྱ་ཐོག་བཀྲམས་ཡོག་རེད།
    བོད་མི་ཚོས།མགོ་ནང་ཀླད་པ་ཡོད་ན་བསམ་བློ་འཐོངས།

  2. གཞུང་པ་ཚེ་དབང་བསོད་ནམས་

    ནག་ཕྱོགས་ཀླ་ཀློའི་མི་སྲུན་བླང་དོར་མིག།
    ཆོས་མེད་གུང་ཁྲན་སྨོན་ལམ་ལོག་པའི་འཐུ།
    དམ་སྲི་རྒྱལ་པོ་མི་རུ་སྐྱེས་པ་ནས།
    སྨོན་ལམ་ལོག་པས་བོད་ཡུལ་ཀླ་ཀློར་རྒྱུར།