ཁ་སྐོང་བཀའ་བློན་འོས་འདེམས་ཀྱི་གནད་དོན་གླེང་སློང་གནང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༧ པའི་སྔ་དྲོར། གྲོས་ཚོགས་ཚོགས་དུས་སྔོན་མའི་སྐབས་སྤྱི་འཐུས་གྲོས་ཚོགས་ཀྱིས་མང་མོས་འོས་བསྡུ་བརྒྱུད་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཁ་སྐོང་བཀའ་བློན་དུ་འདེམས་ཐོན་བྱུང་བ་གསལ་བསྒྲགས་གནང་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འོས་གྲངས་ཚང་མེད་པའི་གསར་འགོད་གསལ་བསྒྲགས་གནང་སྟེ། དམ་འབུལ་ངོས་བཞེས་གནང་མེད་པའི་གནས་སྟངས་དེ་གྲོས་ཚོགས་ཚོགས་དུས་འདིའི་ཐོག་གཙང་མ་བཟོ་དགོས་སྐོར་གསུངས་སོང་བ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་ནས་འོས་འཕངས་ནས་ཐག་གཅོད་བྱུང་བ་དེ་མ་འགྲིག་པ་ཞིག་ཏུ་ངོས་འཛིན་རྩ་བ་ནས་གནང་གི་མེད་ལ། དམ་འབུལ་གནང་མིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་ལས་ང་ཚོས་གནད་དོན་དེའི་ཐོག་ཐེ་གཏོགས་བྱས་ན་འགྲིག་གི་མེད་སྐོར་གསུངས་སོང་།སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་གྲོས་ཚོགས་སྔོན་མའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཇི་བཞིན། སྐབས་དེའི་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་བ་ལྟར། སྤྱི་འཐུས་གྲོས་ཚོགས་ཀྱི་འོས་བསྡུ་བརྒྱུད་དཔལ་ལྡན་ཚོགས་གཙོ་མཆོག་གིས་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་དང་། རྗེས་སུ་གནད་དོན་དེའི་ཐད་གླེང་ཕྱོགས་བྱུང་བ་དང་གྲོས་ཚོགས་འཐུས་མི་ཚང་མས་བཞུགས་མོལ་ཚོགས་འདུ་ཚོགས་ནས་གླེང་སློང་སྐབས་ཚང་མས་འགྲིག་ཡོད་པ་ཐག་བཅད་ཡོད་ན་ཡང་།འདེམས་ཐོན་བྱུང་བའི་བཀའ་བློན་ཁོང་གིས་དམ་འབུལ་ཐུབ་མེད་པ་དང་། མདོར་བསྡུས་ན་བཅའ་ཁྲིམས་ཀྱི་དགོངས་དོན་ཇི་བཞིན་འགྲོ་བཞིན་ཡོད་པ་ཡིན་ན་བཀའ་བློན་འདེམས་ཐོན་བྱུང་རྗེས། དེ་བཀག་རྒྱུའི་ཐོབ་ཐང་ཡོད་པ་ཞིག་བཅའ་ཁྲིམས་ནང་དུ་མེད་པ་དང་། གལ་ཏེ་གནད་དོན་ཁྲིམས་ལུགས་དབང་འཛིན་གྱི་བྱེད་སྟངས་ལྟར་བཅའ་ཁྲིམས་དང་མཐུན་གྱི་ཡོད་པ་ངོས་ལེན་བྱས་པ་ཡིན་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་འགལ་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་ཡིན་པ་དང་། ཡང་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་འགྲིག་ཡོད་ན་ཁྲིམས་ཞིབ་ཁང་གི་ཐག་གཅོད་བཅའ་ཁྲིམས་དང་འགལ་ཡོད་པ་རེད། དེ་གཉིས་ལས་གཅིག་མ་གཏོགས་འགྲོ་ས་གང་ཡང་མེད་པས་གནད་དོན་གཉིས་འགྲིག་པ་ཡིན་པ་འགྲོ་ས་མེད་སྟབས། གནད་དོན་དེ་ཡིན་ལ་མིན་ལ་བྱས་ནས་བཞག་པ་མ་ཡིན་པར་སྤྱི་འཐུས་ཚོགས་གཙོ་ནས་བཟུང་སྤྱི་འཐུས་ཚང་མས་འགན་འཁུར་ནས་ཐེངས་འདིའི་གྲོས་ཚོགས་དང་བསྟུན་གཙང་མ་བཟོ་དགོས་སྐོར་གསུངས་སོང་།

དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མང་ཚོགས་དང་བརྒྱུད་ལམ་ཁག་གིས་སྐད་ཆ་དྲིས་པའི་སྐབས། ད་ལྟ་བར་དུ་གནས་ཚུལ་དེ་ག་འདྲ་སོང་ཡོད་པ་དང་ལངས་ཕྱོགས་ག་འདྲ་ཡིན་པ། སྤྱི་འཐུས་རྒྱུན་ལས་ནང་དུ་ཐག་གཅོད་ག་རེ་བྱུང་ཡོད་པ་རེད་ཅེས་ན། ད་ལྟ་བར་དུ་བཅའ་ཁྲིམས་ཀྱི་དགོངས་དོན་གཞིན་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན། སྲིད་སྐྱོང་མཆོག་གིས་བཀའ་བློན་མཚན་འདོན་གནང་བ་བཞིན་སྤྱི་འཐུས་གྲོས་ཚོགས་ནས་འོས་འཕངས་བ་དང་། འོས་འཕངས་བ་ནང་བཞིན་ཚོགས་གཙོའི་འདེམས་ཐོན་བྱུང་བ་གསལ་བསྒྲགས་བྱས་པ་དང་། དེའི་རྗེས་དམ་འབུལ་གནང་མིན་དེ་སྲིད་སྐྱོང་ལ་དབང་ཡོད་མ་རེད་ལ། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྣམ་པ་ཚོར་ཡོད་པ་མ་རེད། དམ་བཅའ་གནང་མིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ལ་ཡོད་པ་དང་། དམ་འབུལ་གནང་མིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་ལས་ང་ཚོས་གནད་དོན་དེའི་ཐོག་ཐེ་གཏོགས་བྱས་ན་འགྲིག་གི་མེད་པ་དང་། ད་ལྟ་བར་དུ་ང་ཚོས་ངོས་ནས་འོས་འཕངས་ནས་ཐག་གཅོད་བྱུང་བ་དེ་འགྲིག་པ་ཞིག་ལས་མ་འགྲིག་པ་ཞིག་ཏུ་ངོས་འཛིན་རྩ་བ་ནས་གནང་གི་མེད།ཅེས་གསུངས་སོང་།བཀའ་བློན་འདེམས་ཐོན་བྱུང་བའི་ཉིན་དེ་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་འོས་གྲངས་ཚང་ཡོད་མེད་གསལ་འདེབས་གནང་ཡོད་པ་མ་ཟད། སྤྱི་འཐུས་ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། བཀའ་ཤག་ཁྲིམས་ཞིབ་ཁང་དུ་བཅར་ནས་བཀའ་བསྡུར་དང་བཀའ་དྲུང་ཡིག་ཚང་ནས་དམ་འབུལ་ཞུ་སྐུལ་འབྱོར་ཡོད་ཀྱང་ཁྲིམས་ཞིབ་ཁང་ནས་དམ་འབུལ་ངོས་བཞེས་གནང་མེད་པ་དང་།  ཕྱི་ཟླ་ ༤ ཚེས་ ༤ ཉིན་ཁྲིམས་ཞིབ་ཁང་ནས་བསྐྱར་དུ་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ། བཀའ་བློན་འོས་འདེམས་དེ་བཅའ་ཁྲིམས་དོན་ཚན་ ༢༢ པར་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་དུ་དོན་ཚན་ ༤༩(༡) ནང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་དེ་དག་དོན་གནད་ཐ་དད་དང་། མཚམས་འཛིན་ཐ་དད་ཀྱི་ཚད་བཀག་ཆ་རྐྱེན་ཡིན་སྟབས། གཅིག་གིས་གཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ་བར། བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང༌། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་གྲངས་ཆ་(གསུམ་ཆ་གཉིས་)ཡིན་ལ། དམའ་མཐའ་འམ་ཉུང་མཐའི་གྲངས་ཚད་རྩིས་བསྐོར་གྱི་ཆ་རྐྱེན་དུ་བཞག་པའི་གྲངས་ཆ་དང་། བརྒྱ་ཆ་གཉིས་ཨང་རྩིས་ཀྱི་འགྲོ་ལུགས་དང་། སྐབས་བབ་ལས་དོན་གང་གི་ཆ་ནས་ཀྱང་ཐ་དད་ཡིན། གལ་སྲིད་དོན་ཚན་འདི་གཉིས་ཕན་ཚུན་རིགས་བསྒྲེས་ཏེ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཐོབ་ནའང་འགྲིག་པའི་ཐག་གཅོད་གནང་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་རྡོག་རོལ་ཚབས་ཆེན་འགྲོ་ངེས་པ་མ་ཟད། འདེམས་ཐོན་གང་ཟག་དེར་གྲོས་ཚོགས་ནས་མང་མོས་ཙམ་ཡང་ཐོབ་དགོས་དོན་མེད་པའི་ཁྲིམས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟ་བུར་འགྱུར་རྒྱུ། གྲངས་ཆ་རྩིས་བསྐོར་གྱི་གནས་སྐབས་སུའང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་དོན་ཚན་ ༤༩(༡) ཡི་ཆ་རྐྱེན་དང་། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ཏུ་གསུམ་ཆ་གཉིས་ཡན་ཞེས་བཞག་ཡོད་པའི་ཆ་རྐྱེན་གཉིས་མཉམ་བསྲེ་དང་རིགས་བསྒྲེ་བྱེད་ཐབས་མེད་པ་དང་། བཀའ་བློན་གྱི་འོས་བསྡུ་དེ་ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ (21×100÷43=48.84%)ལས་ལོན་མེད་པས། སྤྱི་འཐུས་གྲོས་ཚོགས་ནས་གནང་བའི་ཐག་གཅོད་དེ་ཁྲིམས་ཞིབ་ཁང་ནས་ངོས་ལེན་ཞུ་ཐབས་སྐོར་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ་སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང༌ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན། ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༢༧

Leave a Reply

5 thoughts on “ཁ་སྐོང་བཀའ་བློན་འོས་འདེམས་ཀྱི་གནད་དོན་གླེང་སློང་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    བཙན་བྱོལ་སྤྱི་ཚོགས་ནང་འགོ་འདྲེན་དང་ཕྱོགས་གཏོགས་ཆབ་སྲིད་མི་ཡོང་ཆེད་མ་འོངས་བཀའ་བློན་བདུན་
    ཉིན་བརྒྱ་དུས་གཅིག་ལ་བསྐོ་ཐུབ་པའི་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་
    གྲོས་ཚོགས་ཀྱི་ཐུགས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།