ཁ་མཆུ་ཨང་ ༢༠ པའི་མཐའ་མའི་བཅད་ཁྲ།

བསྐྱར་བཅོས།: ༢༠༡༩/༡༠/༡༤

Leave a Reply

19 thoughts on “ཁ་མཆུ་ཨང་ ༢༠ པའི་མཐའ་མའི་བཅད་ཁྲ།

  1. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་

    ཁ་མཆུ་ཨང་ ༢༠ ཞེས་པ རྒྱ་ནག་དམར་གཞུང་གཙོ་བོར་བྱས་པའིབཙནབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་ཀྱིས་གཟེངས་སུ་ཐོན་པའི་མཛད་འཕྲིན་རྣམས་སྤྱིར་འཛམ་གླིང་ནང་དང་ལྷག་པར་དུ་བོད་མིའི་སྤྱི་ཚོགས་གངསར་འབུར་ཐོན་ལེབམཐོང་དང་ཡོངས་སུ་བསྒྲགས་ཡོད་མོད་ཀྱང་ དེར བཟློགས་ཏེ་གཞི་མེདརྐྱོན་བརྗོད་སྣ་ཚོགས་ཞིག་འོག་ མི་སྒེར་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲིམས་ལ་སྦྱར་བ་མ་ཚད་མཐར་བདེནཔ་སྤུ་ཙམ་མི་འདུག་ཞེས་ཞུ་སྦྱོརཔ་སྤེན་པ་ཚེ་རིང་ལ་རྒྱལ་ཁ་སྤྲད་ནས་བཅད་ཁྲ་བཏང་བ་རེད་ དེའི་སྐོར་སྤྱི་ཚོགས་དྲ་ལམ་གང་སར་སྒྲགས་བོད་སྒྲགས་དང་བོད་ཀྱི་བདེན་མཐའ་གསལ་བ་ལསལྷག་པའི་དགའ་ཚོརདང་ང་རྒྱལཚད་འགལ་བྱ་བཞིནའདུག࿒མོད་།
    འོན་ཀྱང་གནས་ཚུལ་གསར་པ་ཞིག་ནི་ ཉེ་སྔོན་སྤེནཔཚེ་རིང་ཁ་མཆུ་ཐོབ་ཟིན་རྗེས་༧གོང་ས་མཆོག་མཇལ་ཁ་སྙེན་གསེང་ཞུ་སྐབས་མཇལ་ཁ་ཕར་བཞག་༧གོང་ས་མཆོག་གིས་མི་དེ་ངའིགཡས་གཡོན་ལ་ཡང་འཁྲིད་མ་ཡོང་གསུངས་པའི་གནས་ཚུལ་རྣམས་སྦས་གང་ཐུབ་བྱ་གི་འདུག་བ་། གལ་སྲིད་མཇལ་ཁ་ཐོབ་ཡོད་ན་ད་ཚོད་སྤྱི་ཚོགས་དྲ་ལམ་ཁག་དང་གསརགནས་ཁག་བཅས་ནང་ཚ་ཚ་འུརའུར་ཐོག་རྒྱ་བསྒྲགས་བོད་བསྒྲགས་བྱ་རྒྱུ་ཡིན་པ་ཐེ་ཚོམས་ག་ལ་ཡོད་།
    ཨ་རྫི་དེ་འདྲའི་ཡིད་སེམས་སྐྱོ་བ་ལ་ ང ཚོའི་བཙན་བྱོལ་གི་སྒྲིགའཛུགས་འདི་ལ་ཁ་མཆུ་གཅིག་མཐུད་གཉིས་མཐུད་། མི་མངཉམས་ཆུང་ཞིག་གིས་གཞུང་ལ་ཁ་མཆུ་གཙུགས་ཐུབ་ཀྱི་མ་རེད་ལ་ གཙུགས་ཀྱི་ཡངམ་་རེད་ གལ་སྲིད་གཙུགས་ནའང་ས་གནས་གཞིས་འགོ་བདེ་དོན་ཡན་ལ་འགྲོ་ཐུབ་ཀྱི་མ་རེད་། ད དབང་ཆ་འཐབ་གཙོད་དང་ སོ་སོས་བྱེད་མི་ཐུབ་ གཞན་གྱིས་བྱས་པ་ལ་དགའ་སྒོམས་མེད་པར་ཁྲགས་དོགས་དང་ངན་སེམས་སྐྱེས་ནས་གཞུང་ལ་ཁ་མཆུ་རིམ་པ་བཞིན་འཛུགས་འཆར་འདུག་ཟེར་གོ་ཡོངས་དུས་༧གོང་ས་མཆོག་ཁ་དང་ལག་ལྟར་བཞུགས་པའི་སྐབས་ལ་འདི་འདྲ་བའི་མང་གཙོ་དང་ཁྲིམས་ལུགས་དབང་འཛིན་ཡིན་པ་ལ་སྦྱར་ནས་ཡ་རབས་དང་བཟང་སྤྱོདཡོངས་སུ་བྲལ་བའི་མཐའ་ཤལ་གྱི་ལས་ངན་འདི་འདྲ་ཅི་ཞིག་ཡིན་ནམ་?????

  2. ཚེ་བརྟན་འགྱུར་མེད།

    ཐུགས་རྗེ་ཆེ་ལགས།

    ད་རེས་བཀའ་ཤག་ནས་ཁ་མཆུ་ཨང་ ༢༠ ཐོག་ཐག་གཅོད་གནང་བ་དེ་གང་ལེགས་དང་རྒྱལ་ཁ་དང་ལྡན་པ་ཞིག་ལ་ངས་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

    དེ་སྔ་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་གནང་རྗེས་ནང་བཀའ་མཆོག་གིས་གསར་འགོད་པར་བཀའ་ལན་ནང་བཀའ་ཤག་གིས་དགོངས་འཆར་རྗེས་སུ་གནང་རྒྱུ་ཕེབས། དེ་སྐབས་ནས་ང་རང་ལ་བཀའ་ཤག་གིས་ད་རེས་ཀྱི་ལན་དེ་ལྟར་ཞིག་གནང་ན་བསམ་པའི་རེ་བ་སྐོམ་པ་ཆུ་འདོད་ངང་ཡོད། སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་འགའ་རེས་འདི་ཆབ་སྲིད་ཁྲབ་རེད་ཅེས་ཁྱོག་བཤད་ཡོང་ངེས། གང་ལྟར་ཡང་འགྲུབ་བྱ་གསལ་བཤད་གནང་བར་སྨན་བཞིན་པ་ལོས་ནས་འོང།

    རྒྱལ་ཁ་དང་ལྡན་པ་ནི་རང་གཞུང་གི་ཆེ་མཐའི་ལས་ཁུང་ཞིག་གིས་བཀའ་བཅད་ལ་ངོས་ལེན་ཡོད་མིན་དང་མི་དམངས་མང་པོ་ཞིག་ནས་ཀྱང་འདོད་ཁེངས་མེད་པའི་རྣམ་པ་གསལ་ངེས་ཡོད་པར་མ་བལྟོས་པ་ཁྲིམ་ཁང་གི་ཆེ་མཐོང་དང་རང་ཁེངས་ལས་རྒྱལ་ཁབ་གལ་ཆེ་དྭང་དུ་བླངས་བ་ལ་རྣལ་གནས་རྣམས་ཀྱི་ཡིད་གུས། གཞན་སྤེན་ཚེ་ལགས་ནས་ཁྲིམ་ཐོབ་པར་དགའ་སྣང་མེད་ཐུགས་ས་རང་གཞུང་ཡིན་པའི་གསལ་བཤད་དེ་ཨོག་སྟོང་ཡན་གྱི་གཏམ་དང་གཞན་སྐུག་པའི་ངན་གཡོ་ལས་མ་འདས། བོད་གཞུང་ལ་ཐུགས་པ་དེ་བར་ཤེས་མེད་དམ།

    ཡང། ངག་དབང་ནོར་བུ་ཅན་ནས་གསུངས་པ་བཞིན་གནས་ཚུལ་གཞན་ཡང་ཡོད་འདུག་པ་འདིར་བཀོད་རྒྱུ་མིན། བློ་ཟུར་བོར་གནས་པའི་གསར་ཤོག་ཞིག་མིན་པ་ཚོད་དཔག་ཐུབ། ང་ལ་དྲི་བ་ཞིག་ཡོད། ཁ་མཆུ་ཨང་ ༢༠ བཀའ་ཤག་བཀའ་ལན་དེ་གསར་ཤོག་ནང་བཀོད་མི་དགོས་དོན་ཅི་བྱས་སམ།

    1. ༄༅། །ཚེ་བརྟན་འགྱུར་མེད་ལགས་ནས་བཀའ་གནང་བར་ལྗགས་ལེན་འབུལ་རྒྱུར། ཁ་མཆུ་ཨང་ ༢༠ པར་བཀའ་ཤག་གི་བཀའ་ལེན་གསར་ཤོག་ནང་མ་བཀོད་ཞུ་གིས་ཡོད་པ་མ་རེད། གནས་ཚུལ་ཚང་མ་སྦས་གསང་མེད་པར་གཅིག་མཚུང་བཀོད་དགོས་པ་ལས་གནས་ཚུལ་འགའ་ཤས་སྦས་གསང་བྱས་འགའ་ཤས་འཕེལ་ཆེར་ཟླ་བ་ཁ་མགྱངས་ཀྱིས་རྒྱ་དྲགས་བོད་དྲགས་བྱས་ན་དྲང་བདེན་མིན་འདུག་ཞུས་པ་རེད། གསར་བཀོད་པ་ཞུ་ན་ཕྱོགས་གཉིས་སུ་མ་ལྷུང་བར་བློ་ཟུར་དུ་བཞག་ནས་ཕྱག་ལས་གནང་མཁན་ཞིག་ལ་ངོས་འཛིན་ཞུ་དགོས་པ་བསམ་གྱི་ཡོད།

  3. ༄༅། །ཁ་མཆུ་ཨང་ ༢༠ པའི་མཐའ་མའི་བཅད་ཁྲ་འདིའི་བརྙན་ཐུང་འདི་དུས་ཡུན་ག་ཚད་བར་བཞག་དགོས་རེད། དེ་མིན་གནས་གནས་ཚུལ་གསར་པ་དོན་ཟུར་སྤེན་པ་ཚེ་རིང་༧གོང་ས་མཆོག་མཇལ་ཁ་སྙེན་གསེང་ཞུ་སྐབས་༧གོང་ས་མཆོག་གི་ཞལ་ངག་ནས་མཇལ་ཁ་ཕར་ཞག་མི་དེ་ངའི་གཡས་གཡོན་ལ་ཡང་འཁྲིད་མ་ཡོང་གསུངས་པའི་གནས་ཚུལ་གོ་ཐོས་འདུག་པ་རྣམས་རྦས་གང་ཐུབ་དང་ཁ་མཆུའམ་ཧམ་མཆུ་ཨང་ ༢༠ པ་འདི་རྒྱ་དྲགས་བོད་དྲགས་བྱེད་བཞིན་པ་འདི་ཚོ་བློ་ཟུར་དུ་གནས་པའི་གསར་འགོད་པ་མིན་པ་བརྒྱ་ཆ་བརྒྱ་རེད་འདུག