ཁ་མཆུ་ཨང་ ༢༡ པའི་ཐོག་མའི་ཉན་ཞིབ།

དེ་རིང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གསལ་བསྒྲགས་གནང་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་བགྲེས་ཡོལ་སྐལ་བཟང་ཕུན་ཚོགས་ཀྱིས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དབང་འདུས་ཚེ་རིང་དང་བཀའ་དྲུང་ཚེ་རྒྱལ་གཉིས་བརྒྱུད། ནང་སྲིད་ལས་ཁུངས་དང་བཀའ་ཤག་ལ་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ཁ་མཆུ་བཙུགས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་ཞུ་སྦྱོར་བ་སྐལ་བཟང་ཕུན་ཚོགས་ལ་གུན་གསོ་དགོས་རྩོད་བྱ་རྒྱུའི་ཐོབ་ཐང་ཡོད་མེད་ཐད་ཐོག་མའི་ཉན་ཞིབ་གནང་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༩/༡༡/༠༡

Leave a Reply

6 thoughts on “ཁ་མཆུ་ཨང་ ༢༡ པའི་ཐོག་མའི་ཉན་ཞིབ།

  1. གཞུང་པ་ཚེ་དབང་བསོད་ནམས

    ད་གང་ཤེས་ཧ་མི་གོ་འདུག་ཕོ་འགའ་རེའི་ལྔ་དང་ལྔ་བཅུ་གླེང་གི་འདུག་ཕོ་འགའ་རེའི་དྲུག་དང་དྲུག་བཅུ་གླེང་གི་འདུག་ཕོ་འགའ་རེའི་དབུ་ལམ་གླེང་གི་འདུག་ཕོ་འགའ་རེའི་རང་བཙན་གླེང་གི་འདུག་ཕོ་འགའ་རེའི་བདེན་པའི་ཨུ་ཚུགས་གླེང་གི་འདུག་ཕོ་འགའ་རེའི་རང་ཐག་རང་གཅོད་གླེང་གི་འདུག་དོན་ངོ་མ་བོད་མིའི་ཆིག་སྒྲིལ་གཏོར་རྒྱུ་ཙམ་དོན་ངོ་མ་རང་མིང་གྲགས་ཐབས་ཙམ་ཧཧཧ།

  2. བཀྲ་སྒྲོལ་མ།

    རང་དབང་ལུང་པ་རེད་ཟེར་བ་དང་དམངས་གཙོ་རང་དབང་ཁ་ལ་ཁྱེར་ནས་སྒེར་གྱིས་ཁེ་ཕན་ཁོ་ན་ལས་སྤྱིར་དགོངས་པ་མ་བཞེས་པ་བློ་ཕམ་རེད།བོད་ནང་དུ་རང་རིགས་སྤུན་ཟླ་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།་ཕྱི་ལོག་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དུས་རྟག་དུ་མཐུན་སྒྲིལ་མ་བྱེད་ན།རང་བཙན་དང་དབུ་མའི་ལམ་རྩོད་ཟེར་བ་ཕར་རོལ་སྤང་རྒྱན་རེད།བོད་རང་དབང་དགོས་ཟེར་བ་དེར་ཚང་མ་ལ་འོས་འགན་ཡོག་རེད་སྙམ།ཡིན་ན་ནང་ཁུངས་རྩོད་ལན་བྱེད་རྒྱུ་དང་ཁ་མཆུ་རྒྱག་ཡ་གལ་ཆེ་བ་མཐོང་གིས་ཡོད་ན་དེ་ནས་གང་ཡང་ཞུ་རྒྱུ་མེད།།