ང་ཚོ་ཡར་ལོངས་ཞེས་པ་དེ་མུ་འབྲེལ་གློག་བརྙན་ཞིག་ཏུ་བཟོ་རྒྱུ་ཡིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་འཛམ་གླིང་གི་མི་སྣ་གྲགས་ཅན་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ང་ཚོ་ཡར་ལོངས་ཞེས་པའི་གློག་བརྙན་དེ་མུ་འབྲེལ་གློག་བརྙན་ཞིག་ཏུ་བཟོ་འཆར་འདུགཟླ་འདིའི་ཕྱི་ཚེས་ ༡༤ ཉིན་དུས་བཀག་ (Deadline) དྲ་བའི་ནང་བཀོད་པའི་གནས་ཚུལ་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོ་བོར་གྱུར་བའི་འཛམ་གླིང་གི་གྲགས་ཅན་མི་སྣ་འགར་བཅར་འདྲི་ཞུས་ཏེ་བཟོས་པའི་དངོས་བྱུང་གློག་བརྙན་ང་ཚོ་ཡར་ལོངས་ཞེས་པ་མུ་འབྲེལ་བརྙན་འཕྲིན་གློག་བརྙན་དུ་བཟོ་རྒྱུ་ཡིན་འདུག

མུ་འབྲེལ་གློག་བརྙན་དེ་ནི་ཨ་རིའི་གློག་བརྙན་འཁྲབ་འཁྲིད་པ་དང་འཁྲབ་སྟོན་གོ་སྒྲིག་པ་སི་ཊི་ཝན་ཁན་ཊོར་ (Steven Cantor) ལགས་ཀྱིས། ཁོང་རང་གི་གློག་བརྙན་བཟོ་བསྐྲུན་ཁང་ (Stick Figure Entertainment) བརྒྱུད་སྤྱི་ཚོགས་འཛུགས་བསྐྲུན་གློག་བརྙན་ཁང་ (Social Construct Films) གཉིས་དང་། ཁེ་གཉེར་བ་ཁེ་ཊི་མེ་ལོ་ཎི་ (Kate Maloney) དང་སི་ཊོ་རི་ཝོག་སི་དུས་དེབ་ (Storyworks) གཙོ་གཉེར་བ་བཅས་མཉམ་འབྲེལ་ཐོག འཛམ་གླིང་མཇུག་སྒྲིལ་གྱི་ཡོད། ད་ནི་ཡར་ལངས་བའི་དུས་ལ་བབ་ཡོད། ཅེས་བའི་མུ་འབྲེལ་བརྙན་འཕྲིན་གློག་བརྙན་དེ་ཕབ་བསྐྲུན་བྱ་རྒྱུ་ཡིན་འདུག

ང་ཚོ་ཡར་ལོངས་ཞེས་པའི་གློག་བརྙན་དེའི་སྔོན་འགྲོའི་གསལ་བསྒྲགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་གི་ཆ་ཤས་ཤིག་བཀོད་པའི་ནང་། ང་ཚོར་དཀའ་རྙོག་གསར་པ་མང་པོར་འཕྲད་ཀྱི་ཡོད་ནའང་། དེར་ང་ཚོའི་བསམ་བློ་གཏོང་སྟངས་ནི་རྗེས་སུ་ལུས་པ་ཞིག་ཡིན་པ་རེད། ཅེས་གསུངས་འདུག

མུ་འབྲེལ་གློག་བརྙན་དེའི་ནང་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་རྙོག་ཆེ་ཁག་སེལ་ཐབས་དང་། སྒྲིག་འཛུགས་དང་ཚོགས་སྡེ་དེ་དག་ལ་ཆེད་མཁས་པ་དང་མཁོ་ཆས། འབྲེལ་བ་བྱེད་ཐབས་སོགས་ཡོད་འདུག་པས། ཆེད་མཁས་པ་དག་གིས་ས་གནས་ཀྱི་དཀའ་རྙོག་ལ་བལྟས་ཏེ་འཛམ་གླིང་སྤྱིའི་དཀའ་རྙོག་སེལ་ཐབས་ལ་དམིགས་ཀྱི་ཡོད་འདུག མུ་འབྲེལ་གློག་བརྙན་དེར་ལྟ་མཁན་ཚོས་ཀྱང་གལ་སྲིད་གློག་བརྙན་དེའི་ནང་གི་ཐབས་ལམ་དག་རང་ཉིད་ཀྱི་སྤྱི་ཚོགས་ནང་ལག་བསྟར་གྱིས་དཀའ་རྙོག་སེལ་འདོད་ཡོད་ཚེ་ལམ་སྟོན་དང་དེ་འབྲེལ་གྱི་མཁོ་ཆས་སྐྲུན་རྒྱུ་ཡིན་འདུག

ང་ཚོ་ཡར་ལོངས་ཞེས་པའི་དངོས་བྱུང་གློག་བརྙན་དེ་ནི་འཁྲབ་འཁྲིད་པ་ཀེ་ཊི་མེ་ལོ་ཎི་ (Kate Maloney) ལགས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་ཕབ་བསྐྲུན་བྱས་ཤིང་། དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་གཞོན་ཨ་མི་ན་མོ་ཧཱ་མཌ་ (Amina Mohammed) ལགས། རྒྱལ་སྤྱིའི་ལྷམ་བཟོ་ཚོང་ཁང་ཊོམ་སིའི་ལྷམ་ (TOMS Shoes) གི་སྤྱི་གཉེར་བ་བྷེ་ལེག་མའེ་ཁོ་སི་ཀེ་ (Blake Mycoskie)། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (NBA) ཀྱི་རྩེད་འགྲན་པ་གྲགས་ཅན་ཁག་ཅིག་སོགས་ལ། བཅར་འདྲི་ཡི་ལམ་ནས་གྲུབ་འབྲས་ལ་སྤྱི་ཚོགས་རང་བཞིན་གྱི་ལྟ་སྟངས་ཅི་ཡིན་དང་། འཛམ་གླིང་གི་དཀའ་རྙོག་ཆེ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཐད་གཙོ་འདོན་གྱིས་འཁྲབ་འཁྲིད་བྱས་ཡོད་འདུག

ལས་གཞི་དེའི་ནང་ཆ་ཤས་ལེན་མཁན་སི་ཅ་ཛི་ (Schutz) ཡིས། ཨ་རིའི་མངའ་སྡེ་ཁོ་ལོ་ར་ཌོ་ (Colorado) ནང་སེམས་ངར་སློང་བའི་གློག་བརྙན་དེར་བལྟས་པ་ནས་བཟུང་། དེར་དེ་ལས་དམིགས་ཡུལ་ཆེ་བ་ཞིག་དང་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡོད་པ་ཚོར་བྱུང་། གློག་བརྙན་དེས་ང་ཚོ་ལ་ཡོད་པའི་དཀའ་རྙོག་སེལ་བའི་ཐབས་ལམ་ཙམ་ངོ་སྤྲོད་བྱེད་པ་མིན་པར། འཛམ་གླིང་གི་དཀའ་རྙོག་རྣམས་སེལ་ཐབས་བྱེད་ཀྱི་ཡོད་པས། ལས་གཞི་འདིའི་ཆ་ཤས་ཤིག་ཏུ་གྱུར་པར་ཧ་ཅང་དགའ་པོ་བྱུང་། ཞེས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༦

Leave a Reply