བྲག་འགོ་ནས་ལོ་ཁྲི་བཅུ་ལྷག་གི་སྟ་རེ་ཞིག་རྙེད།

སི་ཁྲོན་བྲག་འགོ་ནས་གནའ་བོའི་རྡོ་ཆས་རིགས་མང་པོ་ཞིག་རྙེད་པའི་ཁྲོད་ལོ་ངོ་ཁྲི་བཅུ་ལྷག་ཙམ་སོན་པའི་སྟ་རེ་ཞིག་ཡོད་སྐོར་བཤད།
ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་སྲིབ་མོ་གྲོང་རྡལ་ངར་མེ་གྲོང་ཚོ་ནས་ལོ་ངོ་ཁྲི་བཅུ་ལྷག་ཙམ་གྱི་རྡོ་བཟོས་སྟ་རེ་ཞིག་གསར་རྙེད་བྱུང་ཡོད་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་བཞི་པར་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས། སི་ཁྲོན་ནུབ་རྒྱུད་དུ་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་སྐབས། བྲག་འགོ་རྫོང་ཁོངས་ནས་རྡོ་ཆས་རྙིང་པའི་ས་ཚིགས་དྲུག་རྙེད་པའི་ཁྲོད། སྲིབ་མོ་གྲོང་རྡལ་ངར་མེ་གྲོང་ཚོ་དང་། ཉི་མོ་ཡུལ་ཚོ་བྲག་མདའ་གྲོང་ཚོའི་ནས་རྡོ་བཟོས་སྟ་རེ་ཞིག་གསར་རྙེད་བྱུང་ཡོད་པ་དང་། ད་ཐེངས་ཀྱི་གསར་རྙེད་བྱུང་བའི་སྟ་རེ་ནི་མིག་སྔར་ས་རིམ་ཟིན་ཐོ་ཡོད་པའི་སྟ་རེ་དག་ལས་ས་བབ་མཐོ་ཤོས་དེ་ཡིན་པ་དང་། སྟ་རེ་སྔོག་འཚོལ་བྱས་པ་དེས་བོད་དུ་མིའི་རིགས་གནས་སྤོ་དང་བརྗེ་རེས། མི་དང་ས་ཆའི་བར་གྱི་འབྲེལ་བར་རིམ་འགྱུར་བྱུང་སྟངས་སོགས་ལ་གོ་བ་གསར་པ་ལེན་པར་གལ་ཆེའི་རིག་གཞུང་དོན་སྙིང་ལྡན་ཡོད་སྐོར་བཤད།

བྲག་འགོ་ནས་སྔ་རྗེས་སུ་ལོ་ཁྲི་ལྔ་ཡིན་པའི་གནའ་མིའི་འགྱུར་རྡོ་དང་། ལོ་ཁྲི་གཉིས་དང་ཕྱེད་ཡིན་པའི་རྡོ་ཆས་གསར་མའི་གནའ་ཤུལ། དེ་བཞིན་ལོ་ངོ་སྟོང་ཕྲག་དུ་མ་ལོན་པའི་རྡོའི་པུར་སྒམ་གྱི་བང་སོ་བཅས་གསར་རྙེད་བྱུང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༢

Leave a Reply

One thought on “བྲག་འགོ་ནས་ལོ་ཁྲི་བཅུ་ལྷག་གི་སྟ་རེ་ཞིག་རྙེད།