སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གྲོས་ཆོད་ལ་རྒྱ་གར་གཞུང་ནས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་བཅར་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མཁན་པོ་དང་བླ་མ་སྐུ་ཚབ་རྣམས་ཀྱིས་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐད་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དོན་ཚན་གསུམ་བཞག་གནང་འདུགཉེ་སྔོན་བཞུགས་སྒར་དྷ་རམ་ས་ལར་ཚོགས་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་བཅར་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མཁན་པོ་དང་བླ་མ་སྐུ་ཚབ་རྣམས་ཀྱིས་ཟུར་ཚོགས་ཤིག་བསྡུས་ཏེ། བཙན་བྱོལ་བོད་མིའི་ཆོས་ཚོགས་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་གཏན་འབེབ་གནང་པའི་དོན་ཚན་གསུམ་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པའི་གྲོས་ཆོད་དོན་ཚན་གསུམ་བཞག་སྟེ། མ་འོངས་པར་ཧི་མ་ལ་ཡའི་མི་མང་ངོས་ནས་རྒྱ་གར་གཞུང་ནས་གྲོས་ཆོད་དེར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་ཡིག་འབུལ་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལག་བསྟར་འགན་འཛིན་བྱང་ཆུབ་ཆོས་ལྡན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་ཚོགས་ཆེན་སྐབས་དམིགས་བསལ་གྲོས་ཆོད་བཞག་པ་དེ་ཚོ་གལ་ཆེན་ཞེ་དྲགས་རེད་ཤག  དེ་ལ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཤག་བསམ་ནས་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་ཏེ་གྲོས་ཆོད་བཞག་པ་ཡིན། ང་ཚོ་ཧི་མ་ལ་ཡའི་ས་ཁུལ་ག་པར་ཕྱིན་པ་ཡིན་ན་ཡང་མ་འོངས་པར་སྐད་ཆ་བཤད་པ་ཡིན་ན་བཤད་བདེ་པོ་ཡོང་རྒྱུ་དང་། གནད་དོན་ཁ་ཤས་ཤིག་ཁ་གསལ་པོ་ལྟ་བུ་ཆགས་ཆེད་གྲོས་ཆོད་བཞག་པ་རེད། ཅེས་དང་། ཧི་མ་ལ་ཡའི་ས་ཁུལ་ལ་འབྲེལ་བ་བྱས་པ་ཡིན་ན། ང་ཚོས་ག་རེ་བྱེད་དགོས་པ་རེད་ཟེར་དུས་མང་ཆེ་བར་གསལ་པོར་བཤད་རྒྱུ་མི་འདུག ཆོས་ཚོགས་སྟེང་གི་གྲོས་ཆོད་དེ་དག་བོད་ཀྱི་ཆོས་ལུགས་ཁག་གི་དབུ་འཁྲིད་ཚོས་སྤྱི་མོས་ཀྱི་ཐོག་ནས་བཞག་པ་རེད་ལ། དེར་ང་ཚོ་ཚོགས་འདུ་ཐོག་སླེབས་བསྡད་པའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཐུས་མི་ཚང་མས་རུག་རུག་བྱས་ཏེ་རྒྱབ་སྐྱོར་གྲོས་ཆོད་བཞག་ཡོད་པ་རེད། ཅེས་གསུངས་བྱུང་།

ཡང་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གསར་འགོད་པར། སྤྱིར་ད་ལྟའི་ཚོགས་འདུ་དེའི་སྐོར་དམིགས་བསལ་མེད་ཀྱང་། ཧི་མ་ལ་ཡའི་མི་མང་ངོས་ནས་རྒྱ་གར་གཞུང་ལ་དེའི་ཐད་སྐད་ཆ་བཤད་ན་དྲག་རྒྱུ་རེད། རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་དགོངས་པ་དང་བསྟུན་ནས་འགྲོ་དགོས་ཀྱི་ཡོད་པ་དང་གཞུང་གི་ལངས་ཕྱོགས་རེད། དེར་བརྟེན། ང་ཚོས་རྒྱ་གར་གཞུང་ལ་སྐད་ཆ་བཤད་རྒྱུ་དེ་ཁག་པོ་ཞེ་དྲགས་མ་རེད། ཡིན་ན་ཡང་། ད་ལྟ་ལམ་སེང་ཡར་ཞུ་བྱེད་ཐུབ་ཀྱི་མེད་སྟབས། ང་ཚོས་གཞི་ནས་ཡར་མར་འབྲེལ་བ་བྱས་ཏེ་ཚོགས་འདུ་ཞིག་ཚོགས་ཏེ་ཡར་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ང་ཚོས་བསྐོས་པའི་འབྲེལ་མཐུད་པ་རྣམས་ཀྱིས་ཡར་མར་འབྲེལ་བ་བྱས་ཏེ་ཚོགས་འདུ་གྲ་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།

ཐེངས་འདིའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཐུས་ཚབ་རྣམ་པའི་ཟུར་ཚོགས་ཐོག་ལ་དྭགས་ཁྲིག་སེ་དགོན་པའི་ཁྲིག་སེ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་དང་། རྟོགས་ལྡན་རིང་པོ་ཆེ་མཆོག སྤི་ཏི་ནས་སེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག སྒོ་མང་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག རྒྱུད་སྟོད་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག གཞན་ཡང་རྟ་དབང་དགོན་པའི་མཁན་རིན་པོ་ཆེ་རྒྱ་འབུམ་སྤྲུལ་སྐུ་མཆོག ཚེ་མཆོག་གླིང་རིན་པོ་ཆེ་བསྟན་འཛིན་དགེ་ལེགས་མཆོག ཀོ་པན་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་ཉིད་མཆོག ས་སྐྱ་སྤྱི་སོ་འཇམ་དབྱངས་འཕྲིན་ལས་མཆོག བླ་མ་ཆོས་འཕེལ་བཟོད་པ་མཆོག བཀའ་བརྒྱུད་མཁན་པོ་ཀརྨ་དགེ་འདུན་མཆོག  སྐུ་ཞབས་ཐུབ་བསྟན་བྱང་ཆུབ་མཆོག དགེ་བཤེས་མ་བྱང་ཆུབ་རྒྱལ་མོ་མཆོག ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་བཅས་ལྷན་བཞུགས་གནང་ཡོད་འདུག

ཟུར་ཚོགས་ཐོག་སྤྱི་མོས་བྱུང་བའི་གྲོས་ཆོད་ནང་། རི་བོ་ཧི་མ་ལ་ཡའི་ཁུལ་གྱི་སྐྱེ་འགྲོ་རྣམས་དང༌། དེ་ཁུལ་གྱི་ཆོས་དང་རིག་གཞུང་སོགས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་སུ། ྋགོང་ས་རྒྱལ་དབང་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། བདག་ཅག་རི་བོ་ཧི་མ་ལ་ཡའི་ས་ཁོངས་སུ་གནས་པའི་ནང་ཆོས་ཉམས་ལེན་པ་ཀུན་ནས་ཀྱང་མ་གྲོས་བསམ་པ་གཅིག་མཐུན་དང་མ་སྐུལ་དང་བླངས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་མ་ཟད། དོན་འདི་ནི་བདག་ཅག་རི་བོ་ཧི་མ་ལ་ཡའི་ས་ཁོངས་སུ་གནས་པའི་ནང་པ་ཡོངས་ཀྱི་མངོན་འདོད་མཐར་ཐུག་ཀྱང་ཡིན་པས། བདག་ཅག་ཧི་མ་ལ་ཡའི་མི་མང་རྣམས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ། ཞེས་དང་། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེ་ལ་རི་བོ་ཧི་མ་ལ་ཡའི་ཁུལ་གྱི་མི་མང་ནས་ཀྱང་ངོས་འཛིན་དང་དད་མོས་བྱ་ཐབས་རྩ་བ་ནས་མེད་ཅེས་གསལ་བསྒྲགས་བྱ་རྒྱུ་ཡིན། དེ་བཞིན་བདག་ཅག་རི་བོ་ཧི་མ་ལ་ཡའི་ས་ཁོངས་སུ་གནས་པའི་ནང་ཆོས་ཉམས་ལེན་པ་ཀུན་གྱིས་དོན་འདི་ལ་རྒྱབ་སྐྱོར་མཐར་ཕྱིན་པ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག་ཅིང་། གྲོས་ཆོད་ཀྱི་གཤམ་དུ་རྒྱ་གར་དང་བལ་ཡུལ་ཁོངས་ཀྱི་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་ཆོས་ཉམས་ལེན་པའི་དམིགས་བསལ་ཚོགས་འདུའི་ཚོགས་བཅར་བའི་མཚན་ཐོ་དང་མཚན་རྟགས་བཅས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༥

Leave a Reply

3 thoughts on “སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གྲོས་ཆོད་ལ་རྒྱ་གར་གཞུང་ནས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

  1. བསོད་ནམས་རྒྱལ་མཚན།

    😂😂😂 👍 སྐུ་མཁྱེན་ ཐུགས་རྗེ་གཟིགས། Joke མ་བསླང་རོགས། ༧གོང་ས་མཚོག་ལ་ཡིད་ཆེས་མེད་མཁན་ཚོ་ ༧རྒྱལ་བའི་ཡང་སྲིད་ཐོག་ལ་འབྲས་དཀར་མ་ཁྲབ་རོགས། སོ་སོ་ངོས་ནས་ལྷག་བསམ་རྣམ་དག་དང་སེམས་གདིང་ནས་ཡིད་ཆེས་པའི་འདད་པ་ཡོད་ན་ ༧ཡང་སྲིད་བརྗོད་མི་དགོས་པ་རེད། Don’t be ask. पूछो मत འོ་ཛི། ༧ཁོང་གི་ག་དུས་ཡིན་ན་གསུང་གི་འདུག་ག -> བདག་གིས་ལུས་དང་དེ་བཞིན་ལོངས་སྤྱོད་་་ ཇི་སྲིད་ནམ་མཁའ་གནས་པ་་་་་ དང་ ས་སོགས་འབྱུང་བ་ཆེན་པོ་་་་་ བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི།་་་་་ དེ་རིང་དེ་ ཞུ་བ་པོ་དེ་ ཁ་མདོག་དཀར་དམར་ཁྱོན་ནས་མཐོང་མ་མྱོང་མཁན་གཅིག་གི་ཞུ་གི་ཡོད། ༧གོང་ས་མཆོག་ བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ངོ་ལེན་མེད་པ་ལ་ ཡང་སྲིད་ལ་རྒྱབ་སྐྱོར། 😂😂😂 ཅོ་ཚོ་ དཀོན་མཆོག་ Joke མ་བསླང་། སྔ་མོ་ རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་ཚོའི་ མེ་ ཆུང་ཐོག་ནས་གསོད་དགོས། གོ་མ་མྱོང་བས། ? འོ་ཛི་ 🙀

  2. བསོད་ནམས་རྒྱལ་མཚན།

    😂😂😂 👍 སྐུ་མཁྱེན་ ཐུགས་རྗེ་གཟིགས། Joke མ་བསླང་རོགས། ༧གོང་ས་མཚོག་ལ་ཡིད་ཆེས་མེད་མཁན་ཚོ་ ༧རྒྱལ་བའི་ཡང་སྲིད་ཐོག་ལ་འབྲས་དཀར་མ་ཁྲབ་རོགས། སོ་སོ་ངོས་ནས་ལྷག་བསམ་རྣམ་དག་དང་སེམས་གདིང་ནས་ཡིད་ཆེས་པའི་འདད་པ་ཡོད་ན་ ༧ཡང་སྲིད་བརྗོད་མི་དགོས་པ་རེད། Don’t be ask. पूछो मत འོ་ཛི། ༧ཁོང་གི་ག་དུས་ཡིན་ན་གསུང་གི་འདུག་ག -> ཇི་སྲིད་ནམ་མཁའ་གནས་པ་་་་་ དང་ ས་སོགས་འབྱུང་བ་ཆེན་པོ་་་་་ བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་་་་་ དེ་རིང་དེ་ ཞུ་བ་པོ་དེ་ ཁ་མདོག་དཀར་དམར་ཁྱོན་ནས་མཐོང་མ་མྱོང་མཁན་གཅིག་གི་ཞུ་གི་ཡོད། ༧གོང་ས་མཆོག་ བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ངོ་ལེན་མེད་པ་ལ་ ཡང་སྲིད་ལ་རྒྱབ་སྐྱོར། 😂😂😂 ཅོ་ཚོ་ དཀོན་མཆོག་ Joke མ་བསླང་། སྔ་མོ་ རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་ཚོའི་ མེ་ ཆུང་ཐོག་ནས་གསོད་དགོས། གོ་མ་མྱོང་བས། ? འོ་ཛི་ 🙀

  3. བསོད་ནམས་རྒྱལ་མཚན།

    😂😂😂 👍 སྐུ་མཁྱེན་ ཐུགས་རྗེ་གཟིགས། Joke མ་བསླང་རོགས། ༧གོང་ས་མཚོག་ལ་ཡིད་ཆེས་མེད་མཁན་ཚོ་ ༧རྒྱལ་བའི་ཡང་སྲིད་ཐོག་ལ་འབྲས་དཀར་མ་ཁྲབ་རོགས། སོ་སོ་ངོས་ནས་ལྷག་བསམ་རྣམ་དག་དང་སེམས་གདིང་ནས་ཡིད་ཆེས་པའི་འདད་པ་ཡོད་ན་ ༧ཡང་སྲིད་བརྗོད་མི་དགོས་པ་རེད། Don’t be ask. पूछो मत འོ་ཛི། ༧ཁོང་གི་ག་དུས་ཡིན་ན་གསུང་གི་འདུག་ག ཇི་སྲིད་ནམ་མཁའ་གནས་པ་་་་་ དང་ ས་སོགས་འབྱུང་བ་ཆེན་པོ་་་་་ བདག་དེ་རིང་སྐྱོབས་པ་ཐམས་ཅད་་་་་ དེ་རིང་དེ་ ཞུ་བ་པོ་དེ་ ཁ་མདོག་དཀར་དམར་ཁྱོན་ནས་མཐོང་མ་མྱོང་མཁན་གཅིག་ཞུ་གི་ཡོད། ༧གོང་ས་མཆོག་ བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ངོ་ལེན་མེད་པ་ལ་ ཡང་སྲིད་ལ་རྒྱབ་སྐྱོར། 😂😂😂 ཅོ་ཚོ་ དཀོན་མཆོག་ Joke མ་བསླང་། སྔ་མོ་ རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་ཚོའི་ མེ་ ཆུང་ཐོག་ནས་གསོད་དགོས། གོ་མ་མྱོང་བས། ? འོ་ཛི་ 🙀