བལ་ཡུལ་གྱིས་རྒྱ་ནག་གི་མི་སེར་ ༡༢༢ འཛིན་བཟུང་།

བལ་ཡུལ་གཞུང་གིས་དྲ་ལམ་སྒྲིག་ཁྲིམས་གཏོར་བརླག་དང་དངུལ་དངོས་རྐུ་འཁྱེར་གྱི་དོགས་གཞིའི་འོག་རྒྱ་ནག་གི་མི་སེར་འབོར་ཆེན་འཛིན་བཟུང་དང་མི་གྲངས་ ༨༠༠ ཙམ་ཉེས་ཅན་དོགས་གཞིའི་ལྟ་རྟོག་འོག་བཞག་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་བལ་ཡུལ་གཞུང་གིས་བསྒྲགས་པའི་གནས་ཚུལ་ཞིག་གི་ནང་། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་བལ་ཡུལ་གཞུང་གིས་རྒྱ་ནག་གི་མི་སེར་གྲངས་ ༡༢༢ དྲ་ལམ་སྒྲིག་ཁྲིམས་གཏོར་བརླག་དང་དངུལ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཐེངས་འདིའི་འཛིན་བཟུང་ནི་བལ་ཡུལ་ནང་ཉིན་གཅིག་རིང་ཕྱི་མི་འཛིན་བཟུང་བྱས་པ་མི་གྲངས་མང་ཤོས་དེ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་དེ་དག་ནི་རྒྱལ་མཚམས་ལས་བརྒལ་བའི་དྲ་ཐོག་ནས་དངུལ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་བཟུང་བྱས་ཡོད་པས་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གནད་དོན་དེའི་ཐད། བལ་ཡུལ་རྒྱལ་སའི་ཉེན་རྟོག་སྤྱི་ཁྱབ་ཞིབ་འཇུག་པ་སཱར་བྷན་དྷར་ (Sarbendra Khanal) ཞེས་པས། རྒྱ་ནག་གི་མི་སེར་མང་པོ་ཞིག་གིས་སྟབས་བདེའི་དངུལ་ལེན་འཕྲུལ་ཆས་གཏོར་ཏེ་དངུལ་རྐུ་འཁྱེར་བྱས་པའི་ནག་ཉེས་ར་འཕྲོད་བྱུང་ཡོད་པ་དང་།  རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཉེན་བརྡ་དང་རྒྱ་ནག་གི་མི་སེར་གྱི་བྱ་སྤྱོད་གཞིར་བཞག་ཐོག བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་དང་མཉམ་འབྲེལ་བྱས་ཏེ་དོགས་ཡོད་ལ་སྔོག་བཤེར་བྱས་པ་ཡིན་སྐོར་བརྗོད་ཡོད་པ་དང། གཞན་བལ་ཡུལ་གཞུང་འབྲེལ་མི་སྣས་བརྗོད་པ་ལྟར་ན། དོགས་ཡོད་རྣམས་ཀྱི་ཉེས་པ་ར་འཕྲོད་བྱུང་ཚེ་ས་གནས་ཀྱི་ཡུལ་ཁྲིམས་འོག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་། ནག་ཉེས་ར་འཕྲོད་མ་བྱུང་ཚེ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་སྲིད་སྐོར་བརྗོད་འདུག

ཐེངས་འདིར་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་དེ་དག་གིས། བལ་ཡུལ་ནང་དྲ་བའི་འཇབ་རྒོལ་དང་དཔལ་འབྱོར་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཡོད་པ་དང་། མི་དེ་དག་བལ་ཡུལ་དང་རྒྱ་ནག་གཞུང་གཉིས་མཉམ་འབྲེལ་ཐོག་འཛིན་བཟུང་བྱས་ཡོད་འདུག་ལ། དོགས་ཡོད་མི་གྲངས་ ༡༢༢ འཛིན་བཟུང་བྱས་པའི་ཁྲོད་བུ་མོ་ ༨ དང་། འཛིན་བཟུང་བྱས་པ་ཕལ་མོ་ཆེ་རང་ལོ་ ༤༥ འོག་ཡིན་འདུག རྒྱ་ནག་གི་མི་སེར་དེ་དག་གི་སྡོད་གནས་སུ་གློག་ཀླད་གྲངས་ ༥༠༠ དང་ལག་འཁྱེར་ཁ་པར་གྲངས་ ༨༠༠ ལྷག དེ་བཞིན་ཁ་པར་བྱང་བུ་གྲངས་ ༡༠༠༠ ལྷག་ལག་སོན་བྱུང་ཡོད་འདུག

བལ་ཡུལ་རྒྱལ་སའི་ཉེན་རྟོག་མགོ་བ་སཱ་ཧཱ་ཀོལ་ (Sahakul Thapa) གྱིས་ས་གནས་ཀྱི་གསར་ཁང་ཁག་བརྗོད་པ་ལྟར་ན། སྤྲོ་འཆམ་མཐོང་མཆན་འོག་བལ་ཡུལ་ལ་ཡོང་བའི་རྒྱ་ནག་གི་མི་སེར་གྲངས་ ༡༢༢ འཛིན་བཟུང་བྱས་ཡོད་ལ། མི་གྲངས་དེ་ལས་མང་བ་ཞིག་གིས་དོགས་གཞི་ཡོད་པའི་བྱ་སྤྱོད་སྤེལ་ཀྱི་ཡོད་པས་ང་ཚོས་མུ་མཐུད་འཚོལ་བཤེར་བྱེད་ཀྱི་ཡོད། འཛིན་བཟུང་བྱས་ཟིན་པ་དག་ཉེན་རྟོག་ཁང་འདྲ་མིན་ནང་བཀག་ཉར་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ད་དུང་བལ་ཡུལ་ནང་ཉུང་མཐར་རྒྱ་ནག་གི་མི་སེར་གྲངས་ ༨༠༠ ཙམ་བལ་ཡུལ་ཉེན་རྟོག་པའི་དོགས་གཞིའི་ལྟ་རྟོག་འོག་ཡོད་འདུག

གནད་དོན་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang) ཟེར་བས། ཉིན་རེའི་གསལ་འགོད་གསལ་བསྒྲགས་ཤིག་གི་སྐབས་བལ་ཡུལ་ནང་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་དེ་དག་ནི་རྒྱལ་མཚམས་ལས་བརྒལ་བའི་དྲ་ཐོག་ནས་དངུལ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པ་དང་། གནད་དོན་དེའི་ཐད་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་པ་ཙམ་ལས། གཞན་མི་སེར་དེ་དག་རྒྱལ་མཚམས་བརྒལ་ནས་དངུལ་སོགས་རྐུ་འཁྱེར་ག་འདྲ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉེས་ཅན་དེ་དག་ལ་ཁྲིམས་ཆད་ག་འདྲ་ཡོད་མེད་སོགས་ཁ་གསལ་གང་ཡང་བརྗོད་མི་འདུག 
བལ་ཡུལ་དང་རྒྱ་ནག་གཞུང་གཉིས་བར་གྱི་འབྲེལ་བ་ཆེ་རུ་འགྲོ་བཞིན་པ་དང་བསྟུན་རྒྱ་ནག་གི་མི་སེར་འབོར་ཆེན་སློབ་ཕྲུག་དང་ཡུལ་སྐོར་བའི་མཐོང་མཆན་འོག་བལ་ཡུལ་ནང་ཡོང་མགོ་ཚུགས་ཡོད་པ་དང་། རྒྱ་ནག་གི་མི་སེར་དེ་དག་ཁྲོད་བལ་ཡུལ་ནང་དངུལ་དངོས་རྐུ་འཁྱེར་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ནང་བལ་ཡུལ་ཉེན་རྟོག་པས་རྒྱ་ནག་གི་མི་སེར་ ༥ ཡིས་སྟབས་བདེ་དངུལ་ལེན་འཕྲུལ་ཆས་བཀོལ་ནས་བལ་སྒོར་ས་ཡ་འགའ་རྐུ་འཁྱེར་བྱས་ནས་འབྲོ་གྲབས་བྱེད་སྐབས། བལ་ཡུལ་ཉེན་རྟོག་པས་ས་མཚམས་ནས་འཛིན་བཟུང་བྱས་ཡོད་པ་དང་། སྤྱིར་བལ་ཡུལ་དང་རྒྱ་ནག་གཞུང་གཉིས་བར་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བཞག་མེད་ནའང་། འདི་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་ནང་སྐོར་བསྐྱོད་བྱེད་སྐབས། ཕྱོགས་གཉིས་བར་ནག་ཉེས་ཀྱི་གནད་དོན་སེལ་བར་རོགས་རམ་བྱེད་པའི་ཆིངས་ཡིག་ཅིག་བཞག་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༥

Leave a Reply

One thought on “བལ་ཡུལ་གྱིས་རྒྱ་ནག་གི་མི་སེར་ ༡༢༢ འཛིན་བཟུང་།

  1. World Top ten News within this week
    (People of Communist Chines Party behaviour)

    1. In Nepal detains 122 Chinese for suspected cybercrime, bank fraud
    https://www.aljazeera.com/amp/news/2019/12/nepal-detains-122-chinese-suspected-cyber-crime-bank-fraud-191224060142747.html

    2. In Singapore, 5 arrested for late-night brawl along Lorong 1 Geylang
    https://www.straitstimes.com/singapore/courts-crime/5-arrested-for-late-night-brawl-along-lorong-1-geylang

    3. Malaysian Court Charges Hundreds of Chinese Nationals for Alleged Immigration Violations
    https://www.benarnews.org/english/news/malaysian/Chinese-nationals-arrested-12162019145952.html

    4. Indonesia arrests 85 Chinese nationals in phone scam
    http://m.startribune.com/indonesia-arrests-85-chinese-nationals-in-alleged-phone-scam/565469922/

    5. Philippines Authorities Arrest Hundreds of Chinese Linked to Online Scam
    https://www.rfa.org/english/news/china/philippines-fraud-12202019134116.html/ampRFA

    6. In Thailand, Chinese gang sold WeChat accounts on black markets
    https://www.bangkokpost.com/thailand/general/1823979/chinese-gang-sold-wechat-accounts-on-black-market

    7. In Thailand 24 Chinese nationals arrested in Thailand over alleged Bitcoin call center scam
    https://thenextweb.com/hardfork/2019/12/05/chinese-arrested-thailand-bitcoin-call-center-cryptocurrecy-scam/amp

    8. In Thailand, 9 Chinese arrested for alleged amulet fraud in Thailand
    http://www.asiaone.com/asia/9-chinese-arrested-alleged-amulet-fraud-thailand?amp

    9. Thailand Arrests Chinese Gang Pervading Cryptocurrency Call Centre Scam
    https://www.crowdfundinsider.com/2019/12/154893-thailand-arrests-chinese-gang-pervading-cryptocurrency-call-centre-scam/amp/

    10. Philippine raid nabs 342 illegal Chinese gaming workers
    https://mobile.reuters.com/article/amp/idUSKBN1YO0JC

    11. AP Exclusive: 629 Pakistani girls sold as brides to China
    https://apnews.com/c586d0f73fe249718ec06f6867b0244e