རྒྱ་མི་དོགས་ཡོད་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་འཆར་འདུག

བལ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་ ༡༢༢ ལ་ཉེས་ཆད་བཅད་རྗེས་ཕྱིར་ལོག་གཏོང་གི་ཡིན་ཟེར། 

ཁ་སང་ཕྱི་ཚེས་ ༦ ཉིན། བལ་ཡུལ་ཧི་མ་ལ་ཡའི་དུས་བབ་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། བལ་ཡུལ་གཞུང་གིས་ཉེ་སྔོན་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༤ ཉིན་བལ་ཡུལ་ནང་དྲ་ལམ་སྒྲིག་ཁྲིམས་གཏོར་བརླག་དང་དངུལ་དངོས་རྐུ་འཁྱེར་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་ ༡༢༢ ལ་བལ་སྒོར་ ༡༠༠༠ རེ་ཡི་ཉེས་ཆད་བཅད་དེ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག

གནད་དོན་དེའི་ཐད་བལ་ཡུལ་ཆེས་མཐོའི་ཉེན་རྟོག་དཔོན་ཊེ་ཁུ(Teku)ཡིས། བལ་ཡུལ་གཞུང་ཕྱི་མི་གནས་སྤོ་ལྷན་ཁང་གིས་ཁྲིམས་ཀྱི་བརྒྱུད་རིམ་ཆ་ཚང་འགྲོ་ཚར་རྗེས། མི་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཡང་བལ་ཡུལ་ཕྱི་མི་གནས་སྤོ་ལྷན་ཁང་གི་འགན་འཛིན་ཨེཤི་ཝར་རཱ་རྗི(Eshwor Raj)ཡིས། རྒྱ་ནག་གི་མི་སེར་དེ་དག་ལ་ཞིབ་བཤེར་བྱས་པ་བརྒྱུད་ཁོ་ཚོས་བལ་ཡུལ་ནས་ཁྲིམས་འགལ་བྱས་མེད་ན་ཡང་། ཁོ་རང་ཚོའི་བཤད་པ་བཞིན་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། ཉིན་གཉིས་ནང་རྩིས་སྤྲོད་ཚར་བ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

བལ་ཡུལ་ཧི་མ་ལ་ཡའི་དུས་བབ་ཚགས་པར་ཀྱི་དེ་འབྲེལ་གནས་ཚུལ་ནང་།འབྲེལ་ཡོད་ལས་ཁུངས་ཤིག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་ཚོའི་ཁྲོད་མི་གྲངས་ ༩༢ ལྷག་ལ་ཁྲིམས་མཐུན་གྱི་ཡིག་ཆ་སོགས་གང་ཡང་མེད་པ་དང་། ཁོ་ཚོ་ཕྱིར་རྩིས་སྤྲོད་བྱེད་པར་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་ནས་ཡིག་ཆ་ཁག་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་འདུག

ཉེ་སྔོན་རྒྱ་ནག་གི་མི་སར་དེ་དག་འཛིན་བཟུང་བྱེད་སྐབས་བལ་ཡུལ་གཞུང་གིས་དོགས་ཡོད་རྣམས་ཀྱི་ཉེས་པ་ར་འཕྲོད་བྱུང་ཚེ་ས་གནས་ཀྱི་ཡུལ་ཁྲིམས་འོག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་། ནག་ཉེས་ར་འཕྲོད་མ་བྱུང་ཚེ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་སྲིད་སྐོར་བརྗོད་ན་ཡང་། བདུན་སྔོན་མའི་རེས་གཟའ་ཉི་མའི་ཉིན་བལ་ཡུལ་རྒྱལ་སའི་ས་གནས་ཁྲིམས་ཁང་གིས། རྒྱ་ནག་གི་མི་སེར་དེ་དག་གི་ཚུལ་མཐུན་མིན་པའི་ཀུན་སྤྱོད་ལ་མི་རེར་བལ་སྒོར་ ༡༠༠༠ ཉེས་ཆད་བཅད་པ་ལས་གཞན་ཉེས་ཆད་རིགས་གང་ཡང་བཅད་མེད་འདུག

བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་དེ་དག་གིས། བལ་ཡུལ་ནང་དྲ་བའི་འཇབ་རྒོལ་དང་དཔལ་འབྱོར་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་དོགས་གཞིའི་འོག བལ་ཡུལ་དང་རྒྱ་ནག་གཞུང་གཉིས་མཉམ་འབྲེལ་ཐོག་མི་དེ་དག་འཛིན་བཟུང་བྱས་ཡོད་པ་དང་། དོགས་ཡོད་མི་གྲངས་ ༡༢༢ འཛིན་བཟུང་བྱས་པའི་ཁྲོད་བུད་མེད་ ༨ ཡོད་པ་དང་། ཕལ་ཆེ་བ་རང་ལོ་ ༤༥ འོག་ཡིན་འདུག ཁོ་ཚོའི་སྡོད་གནས་སུ་གློག་ཀླད་གྲངས་ ༥༠༠ དང་ལག་འཁྱེར་ཁ་པར་གྲངས་ ༨༠༠ ལྷག དེ་བཞིན་ཁ་པར་བྱང་བུ་གྲངས་ ༡༠༠༠ ལྷག་ལག་སོན་བྱུང་ཡོད་འདུག

ཐེངས་འདིའི་རྒྱ་མི་འཛིན་བཟུང་ནི་བལ་ཡུལ་ནང་ཉིན་གཅིག་རིང་ཕྱི་མི་འཛིན་བཟུང་བྱས་པ་མི་གྲངས་མང་ཤོས་དེ་ཆགས་ཡོད་པ་མ་ཟད། ད་དུང་བལ་ཡུལ་གཞུང་གིས་དྲ་ལམ་སྒྲིག་ཁྲིམས་གཏོར་བརླག་དང་དངུལ་དངོས་རྐུ་འཁྱེར་གྱི་དོགས་གཞིའི་འོག་རྒྱ་ནག་གི་མི་སེར་ ༨༠༠ ཙམ་ཉེན་རྟོག་པའི་ཉེས་ཅན་དོགས་གཞིའི་ལྟ་རྟོག་འོག་བཞག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༠༧

Leave a Reply

One thought on “རྒྱ་མི་དོགས་ཡོད་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་འཆར་འདུག

  1. ཐུབསྟན་ཤསྟྲི།

    ད་འདི་ག་འདྲ་ཡིན་ནམ་ངས་བཤད་ཚོད་ཐིག་མ་སོང་། ངས་བལ་ཡུལ་ལ་ལོ་ངོ་ ༢༠ ཙམ་ཧ་ལམ་བསྡད་ཤག། བལ་ཡུལ་ཧ་ལམ་ངའི་ལག་ཐོག་ན་ཡོད་སེ་ལབ་ན་ཧམ་པ་ཆེ་འི་ཡོད་ཀྱི་རེད། ཡིན་ན་ཡང་ང་ལ་ཆ་རྒྱུས་ཡོད། བལ་བོའི་མི་ངའི་ངོ་ཤེས། རིགས་གཞུང་ཆེས་བཟང་། ང་རང་གངས་ཅན་པ་ཞིག་ཡིན་རུང་བལ་བོའི་སྐད་ཡིག་ངས་ཤེས། གནས་གཙང་། ཡུལ་དེ་མི་ཡུལ་གྱི་ལྷ་ཡུལ་འདྲ་བོ། ཨོ། ངའི་སྐྱེ་ཡུལ་དང་ས་འབྲེལ་ངོ་མ། ངོ་མ། ཁ་ལག་ཆེས་བཟང་། མི་བཟང་། ནང་གནས་མང་། ( ང་རང་ནང་པ་འདྲ་བོ་ཞིག་ཡིན་ཙང་ལབ་ཤོར་སོང་) ངོ་མ།
    འོན་ཀྱང་ནམ་ཞིག་སྲིད་གཞུང་ཆེས་ཉེས། ཡིད་སྐྱོ་འོ།།
    ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༢ ཕྱི་ཚེས་ ༢༦ ཉིན་དམར་ཤོག་མྰའོ་རིང་ལུགས་པ་(ཡོངས་གྲགས་སུ་མའོ་ཝ་དྷི་)་ཟེར་བ་དེ་འགོ་བཙུགས། དེ་ངས་ཤེས་པའི་ལོ་རྒྱུས་རེད། དེ་དུས་ང་ཡུལ་དེར་མེད། དེ་ནས་(ང་ཡུལ་དེར་ཡོད)་ཕྱི་ལོ་ ༣༠༠༡ གི་ཕྱི་ཟླ་དང་། ༡ པོར་ཡུལ་དེའི་རྒྱལ་ཁང་གཙང་མ་བཟོས། ཧཧཧཧ། ཧུ་ཧུ་ཧུ་ཧུ།།།།།།།།། སྐྱེེེེེེ་མ། ཨོཽ་ཐོམ་སྲིད། སྐབས་དེར་ཡུལ་དེའི་རྒྱལ་པོ་སྐུ་འཁོར་དང་བཅས་པ་རྒྱལ་ཁང་ནང་བསད་། སུས་བསད་ཡོད་མེད་ཐད་ལ་བསམ་ཚུལ་འདྲ་མིན་བྱུང་འདུག།
    ད་བར་ལ་དེབ་འཕྲེང་ཁ་ཤས་འདུག། འཚོལ།།།།།།།།།།།།།།།།། ཉུང་མཐར་དེབ་བཞི་ཡོད་རེད་།།།།།།། དེ་ནས་་ཕྱི་ལོ་ ༢༠༠༦ གི་ཕྱི་ཟླ་ ༥ ནང་རྒྱ་གར་རྒྱལ་ས་ལྡི་ལིར་གྲོས་མཐུན་དོན་མཚན་་༡༢ བཞགས། ་སྐབས་དེའི་བལ་ཡུལ་སྲིད་གཞུང་དང་ཡུལ་དེའི་མའོ་རིང་ལུགས་དབར་རེད། བལ་ཡུལ་དུ་རྩ་འཁྲིམས་གསར་བཟོའི་གྲོས་ཚོགས་འགོ་བཙུགས། གྲོས་ཚོགས་འཐུས་མི་བལ་བོའི་འཐུས་མི་མི་གྲངས་ ༦༠༠ ལྷག་གི་བཞགས་པའི་གྲོས་འཆར་སྟབས་བསྟུན་རྩ་ཁྲིམས་ཟིན་འབྲིས་ཡིག་ཆ་བཞགས། ཡིག་ཆ་དེ་སྐད་ཡིག་་(སྐབས་དེར) ༡༢ ཙམ་ནང་འདུག། བོད་སྐད་ནང་ངོས་དང་བལ་བོའི་ཧུམ་ལ་མངའ་ཁུལ་ནང་པའི་བླ་མ་ཞིག་གིས་དབྱིན་ཡིག་ནས་བསྒྱུར་བ་ཡིན། སྐབས་དེའི་རྩ་འཁྲིམས་ཟིན་འབྲིས་དེ་ཧ་ཅང་ཡག་པོ་འདུག། (ང་རང་གི་སྐབས་དེའི་བསམ་ཚུལ་ལ)་ འོན་ཀྱང་ཟིན་འབྲིས་དེའི་ནང་བལ་བོའི་ཕྱི་སྲིད་དང་ཤེས་རིགས་སྐོར་ལ་ཆ་ཅམ་གླེང་མིན་འདུག། ཨོ་་་དེ་བཞིན་དམགས་དོན། ཟིན་འབྲིས་དེར་ཕྱིས་སུ་སྣོན་འབྲི་དང་བསྒྱུར་བཅོས་རབས་རིམ་བཏང་མཐར་དངོས་སུ་ཡུལ་དེའི་རྩ་འཁྲིམས་སུ་གཏན་འབེབས་བྱུང་སོང་། འོན་ཀྱང་རིམ་པས་བལ་ཡུལ་ལ་རྒྱ་ནག་སྲིད་གཞུང་གི་གང་བྱས་ལྟབུར་འགྱུར་སོང།
    ཨ་་ལས་་་ད་་་་་་མང་དྲག་་་་་ད་མང་པོ་གླེང་ནས་ཆོ་མིན་འདུག་གཱ། རྡོག་རྡོག་དེ་་་རེད་བལ་ཡུལ་རྒྱལ་ཁབ་ནང་ཁྲིམས་མེད་ལུང་མེད་བྱེད་མཁན་རྒྱ་རིགས་ལ་ཡམ་བུ་སྲིད་གཞུང་གིས་དམ་ཙམ་བྱ་རྒྱུ་འོས་བབ་ཡོད་རེད། དུས་ལ་བབ་ཡོད་རེད་བསམ་བྱུང་།
    ཨ་རིའི་་ནུབ་ཕྱོགས་ནས་ཐུབསྟན་ཤསྟྲི་ཡིས།།
    NOTE: this is the final. there was a mistake in the previous draft