བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་༧གོང་ས་མཆོག་གི་ཡང་སྲིད་ཐད་ག་རེ་གསུང་དགོས་སམ།

ནམ་རཱ་ཊཱ་བྷི་ཇི་ཨོའུ་ཇཱས་(Namrata Biji Ahuja)བརྩམས།

སྐལ་བཟང་སྦྱིན་པས་བསྒྱུར།

དགུང་ལོ་ ༨༤ ཡིན་པའི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ཁོང་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་བྱེད་པར་ལམ་སྟོན་ཁག་ཅིག་ཡིག་འཇོག་གནང་གི་ཡིན་གསུངས། རྒྱ་ནག་གཞུང་གིས་བོད་ཀྱི་བླ་ཆེན་ཚོ་རྒྱ་ནག་གཞུང་ལ་ཐོ་འགོད་བྱེད་དུ་བཅུག་སྟེ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་གྱི་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་སྐྱབས་བཅོལ་ནང་ཡོད་པའི་བོད་ཀྱི་བླ་མ་ཚོས་༧གོང་ས་ཏཱ་ལའི་བླ་མ་དང་དྷ་རམ་ས་ལར་ཡོད་པའི་ཁོང་གི་ཡིག་ཚང་གི་ཐག་གཅོད་ཅི་བྱུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ།  ༧གོང་ས་ཏཱ་ལའི་བླ་མས་ཀྱང་། གལ་སྲིད་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་དགོས་ཀྱི་ཡོད་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ པ་ཞིག་འདེམས་དགོས་ཀྱི་ཡོད་པའི་ཐག་གཅོད་བླངས་ཚེ། དེའི་འགན་དབང་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་བྱེད་ཚོར་ཡོད། ཁོ་ཚོས་འབྲེལ་ཡོད་མི་དང་འབྲེལ་འདྲིས་ཀྱིས་ལམ་སྟོན་ཞུས་ཏེ་སྲོལ་རྒྱུན་གྱི་ཡང་སྲིད་འདེམས་སྒྲིག་བྱེད་ཕྱོགས་ལྟར་ཡང་སྲིད་འདེམས་དགོས་ཀྱི་ཡོད་པ་མ་ཟད། ཁོང་གིས། ངས་ཡང་སྲིད་ཀྱི་གནད་དོན་ཐད་ཡིག་ཐོག་ཏུ་ལམ་སྟོན་གསལ་བོ་བྲིས་ནས་འཇོག་གི་ཡིན། ཞེས་གསུངས་ཡོད།ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག ཡང་སྲིད་ཀྱི་གནད་དོན་ཐོག་གཡོ་ཐབས་བྱས་ཆོག་ཆོག་ཡོད།

ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་ནས་༧གོང་ས་མཆོག་གི་ཡང་སྲིད་ཐོག་འཛིན་བཞིན་པའི་སྲིད་བྱུས་དང་དེའི་རྒྱབ་ལྗོངས་ཀྱི་བྱུས་འབྲས་སོགས་ཀྱི་ཐོག་ལ་བརྟག་དཔྱད་གཏོང་དགོས་ཀྱི་ཡོད་ལ། ང་ཚོས་ཁོ་ཚོ་རྩ་བ་ཉིད་ནས་ངོས་ལེན་མེད་ཅེས་ང་ཚོའི་ཚོར་ཤུགས་དྲག་པོའི་ལན་བཏབ་ཡང་ཚོད་འཛིན་བྱེད་མི་ཐུབ། དེང་སང་བོད་ཕྱི་ནང་གཉིས་སུ་ལོག་ལམ་དུ་སོང་བའི་མི་ཁག་ཅིག་གིས། བོད་ཀྱི་སྲོལ་རྒྱུན་གྱི་ལམ་སྲོལ་གང་ཡང་མེད་པར་རང་སྣང་གང་དྲན་ཐོག་བླ་མའི་ཡང་སྲིད་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཡང་མི་ཁག་ཅིག་གིས་བླ་ཆེན་གྱི་གྲས་ལ་ཐབས་ལམ་སྣ་ཚོགས་སྤྱད་པ་བརྒྱུད་མགོ་བསྐོར་བཏང་སྟེ་ཡང་སྲིད་ངོས་འཛིན་བྱེད་དུ་འཇུག་གི་ཡོད། དེར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པར་ནོར་འཁྲུལ་ཏིལ་འབྲི་ཙམ་ཡང་ཤོར་མི་འཇུག་རྒྱུ་ཧ་ཅང་གལ་ཆེན་ཡིན། འབྲི་གུང་ཆེ་ཚང་རིན་པོ་ཆེ། ༧གོང་ས་ཏཱ་ལའི་བླ་མ་དང་བོད་མི་མང་གཉིས་ཁ་དབྲལ་ཐབས་མེད།

༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་མིན་ནི་༧གོང་ས་མཆོག་སྐུ་སྒེར་ཁོ་ནའི་ཐག་གཅོད་ཡིན་པ་ལས་གཞན་སུ་ཞིག་གིས་ཐག་གཅོད་མི་ཐུབ། ༧གོང་ས་ཏཱ་ལའི་བླ་མའི་སྲོལ་རྒྱུན་དུ་གྱུར་བའི་ཏཱ་ལའི་བླ་མའི་ཡང་སྲིད་རིམ་བྱོན་ཁག་བོད་མི་མང་དང་ནང་བསྟན་ཆོས་ལུགས་རྒྱུན་འཛིན་སླད་ཕེབས་དགོས་པར་རེ་བ་བརྒྱབ་ཆོག་པ་ཡིན། འདས་པའི་ལོ་ཟླའི་ནང་ཏཱ་ལའི་བླ་མའི་ཡང་སྲིད་དང་བླ་མ་གལ་ཆེན་གྱི་ཡང་སྲིད་འདེམས་པར་རྟགས་དང་མཚན་མ་མང་པོ་བྱུང་ཡོད།དགའ་ལྡན་ཁྲི་རིན་པོ་ཆེ། ང་ཚོས་རང་ཉིད་རྒྱ་ནག་གི་ལོག་ལམ་དུ་འཁྲིད་འཇུག་རྒྱུ་མེད།

སྲོལ་རྒྱུན་གྱི་ཡང་སྲིད་ལམ་ལུགས་ནི་བོད་ནང་ཐོག་མར་ཀརྨ་པ་ནས་བྱུང་ཞིང་། དེ་ཡང་ལོ་ངོ་བརྒྱ་ཕྲག་ ༨ སྔོན་དུ་ཀརྨ་པ་འཕགས་ཤེས་མཆོག་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ནས་བྱུང་། གལ་སྲིད་ཡང་སྲིད་ཀྱིས་ཁོང་གི་སྐུ་གོང་མ་ལྟར་འགྲོ་བ་མིའི་རིགས་ལ་ཕན་རླབས་བསྐྲུན་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཆེ་བ་མ་ཟད། དེས་ཡང་སྲིད་ཀྱི་ཕུགས་འདུན་ཀྱང་སྒྲུབ་བཞིན་ཡོད། ཡང་སྲིད་བེད་ལོག་ཏུ་གཏོང་བཞིན་པའི་དྲི་བ་ནི། ཁྱེད་ཀྱིས་ཡང་སྲིད་ཚད་ལྡན་ཞིག་ངོས་འཛིན་བྱེད་ཐུབ་ཀྱི་མེད་དུས་ཡོང་གི་ཡོད་ལ། དམིགས་བསལ་ཡང་སྲིད་ངོས་འཛིན་བྱེད་མཁན་གྱིས་འཁྲུལ་བྲལ་མེད་པའི་ཡང་སྲིད་ཅིག་ངོས་འཛིན་བྱེད་ཐུབ་ཀྱི་མེད་པ་ལ་བརྟེན་ནས་འབྱུང་གི་ཡོད། རྒྱ་ནག་གིས་བྱེད་བཞིན་པ་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་ཙམ་ཡིན་པ་ལས་གཞི་རྩའི་བདེན་པ་གང་ཡང་མེད། མི་མང་པོ་ཞིག་གིས་ཐ་ན་གཅེས་པའི་རང་སྲོག་ཀྱང་བློས་གཏོང་བྱས་ཡོད་མོད། ང་ཚོས་དལ་འབྱོར་གྱི་ཚེ་སྲོག་བློས་གཏོང་བྱེད་པའི་ཚབ་ཏུ། ཆོས་དང་འགྲོ་བ་སེམས་ཅན་ཐམས་ཅན་གྱི་འགལ་རྐྱེན་སེལ་བར་ཐབས་ཤེས་ཡོད་རྒུ་བཏོན་ཏེ་ཞབས་འདེགས་ཞུ་དགོས།ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག  ཀུན་སློང་གཙང་མ་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན།

ས་སྐྱའི་སློབ་གཉེར་ཁང་ནི་གནའ་བོའི་བོད་ཀྱི་འཁོན་རིགས་ཁྱིམ་རྒྱུད་ནས་མཆེད་ཅིང་། ཕ་ཤུལ་བུ་འཛིན་གྱིས་མཆེད་པའི་རྒྱུད་པ་ཞིག་ཡིན། འོན་ཀྱང་། ཀུན་སློང་ལྷག་བསམ་རྣམ་པར་དག་པ་ཡོད་ཚེ། ང་ཚོས་ཆོས་བརྒྱུད་དེ་མུ་མཐུད་ཉམས་ལེན་བྱས་ཆོག ས་སྐྱའི་སྲོལ་རྒྱུན་ནི་ནང་པ་སངས་རྒྱས་པའི་མདོ་སྔགས་གཉིས་དང་ཕྱིའི་ཚན་རིག་ཐོག་དོ་ནན་པོ་སྤྲད་ནས་སློབ་སྦྱོང་བྱེད་པ་དང་ཉམས་ལེན་བྱེད་བཞིན་ཡོད། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག  ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཕེབས་ངེས་རེད།

སྤྱིར་བཏང་གི་སྐད་ཆ་བཤད་ན། བོད་ཀྱི་ལྷ་མིའི་བདག་པོ་ནི་སྤྱན་རས་གཟིགས་ཏེ་བྱམས་སྙིང་རྗེའི་བདག་པོ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པས། ངའི་བསམ་བློའི་ནང་། བོད་ནང་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོའི་དཀའ་སྡུག་མ་སེལ་བར་དུ། བོད་མི་མང་དང་བོད་ཀྱི་ཆོས་བརྒྱུད་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་གྱི་རེད་ལ། ༧གོང་ས་མཆོག་གི་ཡང་སྲིད་ཀྱང་མུ་མཐུད་ཕེབས་ངེས་རེད་བསམ་གྱི་འདུག

༧གོང་ས་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གིས། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་གནང་ཡོད་པས། ཁོང་གི་ཡང་སྲིད་ནི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ཁོ་ན་ཞིག་ཆགས་ཀྱི་ཡོད།  ཁོང་གིས་བཀའ་ཆོས་ག་དུས་བསྩལ་ཡང་དུས་རྒྱུན་དུ་བྱམས་བརྩེའི་རང་བཞིན་གྱིས་ཁེངས་ཤིང་། ག་དུས་ཡིན་ཡང་མི་གཞན་གྱིས་ཀྱང་ཁོང་ལ་བརྩི་བཀུར་གྱི་ཚོར་ཤུགས་ཆེན་པོ་བསླེབས་ཀྱི་ཡོད།

 

བསྐྱར་བཅོས།: ༢༠༢༠/༠༢/༠༤

Leave a Reply

3 thoughts on “བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་༧གོང་ས་མཆོག་གི་ཡང་སྲིད་ཐད་ག་རེ་གསུང་དགོས་སམ།

  1. ངག་དབང་བྱང་ཆུབ་བུད་དབང་།

    རྒྱལ་བ་ཀརྨ་པ་མཆོག་ནས་དངོས་ཡོད་བཀའ་སློབ་གནང་བ་དང་། ཆོས་ལུགས་གཞན་ཚོས་ཀྱང་ཕྱོགས་མཐུན་བཀའ་སློབ་གནང་འདུག ས་སྐྱའི་ཁྲི་འཛིན་མཆོག་ནས་ས་སྐྱ་ནི་ཁྱིམ་རྒྱུད་ནས་འཛིན་པ་ཡིན་པས་དག་སྣང་བྱང་དགོས་པ་དང་། ༧གོང་ས་མཆོག་གི་ཡང་སྲིད་གལ་ཆེ་ཡིན་པའི་སྐོར་གང་ཡང་གསུངས་མི་འདུག ས་སྐྱའི་ཆོས་ལུགས་ནི་མདོ་སྔག་གཉིས་དང་ཚན་རིག་ཟུང་འབྲེལ་ཡིན་གསུངས་འདུག་ཀྱང་དེ་སྔོན་ཡིན་ན། ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་གཉིས་ནས་ནས་གཅིག་གིས་གདུང་བརྒྱུད་འཛིན་དགོས་པ་དང་། གཞན་དེས་རབ་བྱུང་བརྒྱུད་འཛིན་གནང་་སྲོལ་ཡོད་ཀྱང་དེང་དུས་ཚང་མ་གདུང་བརྒྱུང་སྤེལ་རྒྱུ་ལས་རབ་བྱུང་གི་བརྒྱུད་འཛིན་གནང་མཁན་མིམའདུག་གོ།།

  2. ངག་དབང་བྱང་ཆུབ།

    རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ནས་དུས་སྟུན་གྱི་དགོང་ཆར་གསལ་པོ་གནང་འདུག། གཞན་ཡང་ཆོས་ལུགས་ཁག་ནས་ཀྱང་དགོང་འཆར་ཡག་པོ་གསུང་འདུག། འོན་ཀྱང་ས་སྐྱ་ཁྲི་འཛིན་རཏྟནརིནཔོ་མཆོག་ནས་ས་སྐྱའི་རིང་ལུགས་འཛིན་པ་དམིག་བསལ་ཡིན་ཚུལ་ལས། ༧གོང་ས་མཆོག་གི་ཡངསྲིད་བསྐོར་གལ་ཆེཡིན་པའི་སྐོར་གང་ཡང་གསུངས་མི་འདུགཔས་བློ་ཕམས་ཅུང་ཡོད།