ཆོས་མཆོག་ལགས་ཀློད་གྲོལ་བཏང་།

ཟླ་འདིའི་ཕྱི་ཚེས་༦ཉིན་རྫ་སྨད་དབོན་པོ་དགོན་ནས་ཡིན་པའི་དགེ་འདུན་པ་ཆོས་མཆོག་ལགས་ར་རྔ་ཁ་བཙོན་ཁང་ནས་གློད་གྲོལ་བཏང་འདུག

གྲྭ་ཆོས་མཆོག་ལགས་ཕྱི་ལོ་༢༠༡༧ ཟླ་༡༢་ ཚེས་ ༢༤་ཡས་མས་སུ་དར་ལག་རྫོང་ཐོག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་མ་བྱས་པའི་སྔོན་གྱི་ཕྱི་ཟླ་༡༢ ཚེས་༢༣ཉིན་རྒྱལ་སྤྱིའི་དཔའ་བོ་དཀོན་པེ་ལགས་ཀྱིས་རྔ་བ་ནས་རང་ལུས་མེར་བསྲེགས་བཏང་བའི་པར་ཞིག་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་ཡོད་པ་ཙམ་ལས། གཞན་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་གསལ་བོ་བྱུང་མེད་པ་རེད། 

ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་དང་། བཙོན་ནས་དཀའ་སྡུག་ཅི་མྱངས་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོང་ནི་དཀར་མཛེས་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་སྨད་དབོན་པོ་དགོན་ནས་ཡིན་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༢/༡༠

Leave a Reply

One thought on “ཆོས་མཆོག་ལགས་ཀློད་གྲོལ་བཏང་།

  1. ཟླ་ཚེས་ཏན་ཏན་ནོར་འདུག དགེ་འདུན་པ་ཁོང་འཇུ་བཟུང་བྱེད་པའི་དུས་ཚོད་དང་ང་བོད་ལ་ཡོད་དུས་ཀྱི་དུས་ཚོད་གཅིག་པ་ཡིན། དེ་ཡིན་དུས་ཕྱི་ལོ་ ༢༠༡༩ མ་རེད། ཕྱི་ལོ་ ༢༠༡༧ ལོའི་ཟླ་བཅུ་གཉིས་པར་རེད། དེ་སྐབས་ང་དར་ལག་རྫོང་ན་ཡོད། ཚེས་གྲངས་གསལ་པོ་ཞིག་ངེས་ཀྱི་མི་འདུག་མོད། ཟླ་བཅུ་གཉིས་པའི་ཉིན་ཞིག་གི་ས་མ་རུབ་ཙམ་ལ་དར་ལག་རྫོང་གི་༼ 市场 ༽ ཚོང་རའི་ཡར་ཕྱོགས་ཙམ་ནས་ཉེན་རྟོག་པའི་རླངས་འཁོར་ཡོང་སྟེ་གྲྭ་བ་གཉིས་ཡོད་པའི་ནང་ནས་གཅིག་རླངས་འཁོར་ནང་ལ་བཅུག་སྟེ་བུད་ཐལ། དེ་མ་ཐག་ང་སོང་སྟེ་ཁོའི་རོགས་པ་གྲྭ་བ་དེར་སྐད་ཆ་དྲིས་པར་རོགས་པ་རྫ་ཆུ་ཁ་ནས་ཡིན་པ་ཡོད། འབྲེལ་འདྲིས་དམིགས་བསལ་མེད། ཉིན་གཅིག་གཉིས་སྔོན་ནས་མཉམ་དུ་གྲོང་ཆོག་ལ་འགྲོ་རོགས་ཡིན་ཟེར། ངའི་མཐོང་ས་ནས་འཇུ་བཟུང་བྱས་པ་དེ་ཕལ་ཆེར་གྲྭ་ཆོས་མཆོག་ལགས་ཡིན་སྲིད། དེའི་སྐོར་གསལ་ལ་མ་གསལ་ཞིག་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་ཅིག་ལའང་བཤད་ཡོད། གོང་དུ་ཡིག་འབྲུ་རེ་གཉིས་ཆད་ལྷག་ཤོར་འདུག་པར་བསྐྱར་སྤེལ་བྱས་ཡོད།