བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༧ འཁོར།

བོད་རང་བཙན་སློབ་ཕྲུག་ཚོགས་པས་དྷ་རམ་ས་ལ་རུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་ ༡༠༧ འཁོར་བའི་བོད་རང་བཙན་གྱི་ཉིན་མོ་སྲུང་གཙི་གནང་སོང་།དེ་རིང་ཉིན་གུང་ཆུ་ཚོད་ ༡༢། ༤༠ ཡས་མས་ཤིག་ལ། དྷ་རམ་ས་ལའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༧ འཁོར་གྱི་ཡོད་པ་དང་བསྟུན། དྷ་རམ་ས་ལར་འགྱིང་འགྲོས་ཞེས་མི་ ༢༥ ལྷག་གིས་བོད་ཆོལ་ཁ་གསུམ་གྱི་སྲོལ་རྒྱུན་ཆས་གོས་གོན་ཏེ། གཙུག་ལག་ཁང་ནས་མེར་གྷན་བཞི་མདོའི་བར་གོམ་བགྲོད་གནང་སྟེ་བོད་རང་བཙན་གྱི་ཉིན་མོ་སྲུང་གཙི་གནང་སོང་།སློབ་ཕྲུག་ཚོགས་པའི་བསྒྲགས་གཏམ་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་འགྱིང་འགྲོས་ཞེས་མེག་ལོར་གྷན་ཇིའི་སྲང་ལམ་དུ་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་གོན་ཏེ་གོམ་བགྲོད་ཀྱིས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བོད་རང་བཙན་དྲན་གསོ་དང་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན། བོད་ཀྱི་རིག་གཞུང་འགོག་རྒོལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་སྒྱུ་རྩལ། དེ་བཞིན། རྩོམ་རིག་སོགས་ཉམས་ལེན་བྱས་པའི་ཐོག་ནས་རྒྱ་ནག་གི་གཉའ་གནོན་ཐད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུ་དེ་ཡིན། དེ་ནི་ང་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ། དེ་བཞིན། ཐུན་མོང་མ་ཡིན་པའི་ང་ཚོའི་མེས་དབོན་ཚོའི་རྒྱུད་པ་སོགས་སླར་གསོ་བྱེད་ཀྱི་ཡོད།  ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་། བོད་མི་ཚོས་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང་རྩོམ་རིག གླུ་གཞས་སོགས་ཀྱི་རིག་གཞུང་བཀོལ་སྤྱོད་ཀྱིས་རྒྱ་ནག་གི་ཆབ་སྲིད་ཀྱི་དྲག་གནོན་ལ་ངོ་རྒོལ་བྱས་ཡོད། རིག་གཞུང་འགོག་རྒོལ་ནི་ང་ཚོས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མཐོང་ཐོས་བྱུང་བའི་དོན་དངོས་ཤིག་ཡིན་ལ། དེ་ནི་རང་ཉིད་བོད་པ་ཡིན་པ་དང་བོད་པའི་ངོ་བོ་སྟོན་པའི་འགོག་རྒོལ་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་འདུག

ཡང་རྒྱ་ནག་གཞུང་གི་ལོ་རྒྱུས་འཁྱོག་བརྗོད་ལ་གྲུབ་འབྲས་གང་ཡང་ཐོན་གྱི་མེད་སྐོར་ལ་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་ལ་བདག་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དོན་དངོས་ཐོག་ད་ལྟའི་གནས་བབ་དང་ལོ་རྒྱུས་ཀྱི་བདེན་དཔང་གང་གི་ཐད་ནས་ཀྱང་བོད་དེ་རྒྱ་ནག་གིས་བཤད་བཞིན་པ་དང་རྦད་དེ་འགལ་གྱི་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱ་ནག་གིས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་སྒྲིག་གང་ཐུབ་བྱས་ནའང་ཁོ་ཚོའི་དམིགས་ཡུལ་འགྲུབ་ཀྱི་མེད། ང་ཚོས་ལོ་རྒྱུས་ཀྱི་བདེན་དཔང་སྲུང་སྐྱོབ་བྱས་ཏེ། མ་འོངས་པར་བོད་ནང་རང་དབང་དང་ང་ཚོའི་མ་འོངས་པ་འཛུགས་སྐྲུན་བྱེད་ཀྱི་ཡོད། ཅེས་བརྗོད་འདུགའདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་རྒྱལ་མཚན་ལགས་སུ་དེ་རིང་གི་ཉིན་མོ་འདི་སྲུང་གཙི་ཞུ་དགོས་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་རྒྱ་མི་ཚོ་ཕར་འཕུད་དེ་ང་ཚོ་བོད་རང་བཙན་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་རེད། ང་ཚོ་རང་བཙན་སློབ་ཕྲུག་ཚོགས་པས་ཉིན་མོ་འདི་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་ལ། ཕྱི་ལོ་ ༢༠༡༣ ལོར་ལོ་འཁོར་བརྒྱ་ལོན་པ་ནས་ད་ལྟའི་བར་ལས་འགུལ་སྤེལ་བཞིན་ཡོད། ཕྱོགས་གཅིག་ནས་བོད་ནང་སོ་སོའི་རིག་གཞུང་ཐོག་ནས་འཐབ་རྩོད་ཤུགས་ཆེན་བྱེད་བཞིན་ཡོད། ང་ཚོས་ཁོ་ཚོར་གདུང་སེམས་མཉམ་སྐྱེད་དང་ང་ཚོར་རིག་གཞུང་ཞིག་སྟོན་རྒྱུ་ཡོད་པ་དེ་སྟོན་རྒྱུ་གལ་ཆེན་པོ་མཐོང་གི་འདུག གཉིས་པ་དེ་རིང་བོད་རང་བཙན་དང་འབྲེལ་བའི་དར་ཆ་དང་མཚོན་རྟགས་སོགས་འཁྱེར་ཏེ་ང་ཚོས་བོད་རང་བཙན་དེ་གལ་ཆེན་པོ་རྩི་བཞིན་ཡོད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ད་ལྟའི་བོད་རང་བཙན་གྱི་གནས་བབ་དང་འདས་པའི་གྲུབ་འབྲས། མ་འོངས་པའི་མདུན་ལམ་སོགས་ཀྱི་གནས་སྟངས་གང་འདྲ་ཡིན་དྲིས་པར་ཁོང་གིས། ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པར་མཚོན་ན། སྔོན་མ་ནས་བོད་རང་བཙན་རྩོད་མཁན་ཡིན་པ་དང་ད་ལྟ་ཡིན་ནའང་དེ་ག་རང་ཡིན། གཙོ་བོ་ང་ཚོའི་ཚོགས་པའི་ངོས་ནས་བསམ་བློ་བཏང་བ་ཡིན་ན། བོད་རང་བཙན་སྔོན་མ་ནས་རྩོད་ཀྱི་ཡོད་པ་ཞིག་རེད། བོད་ནང་གི་བོད་མི་ཚོས་ཀྱང་རྩོད་བཞིན་ཡོད་པས། ང་ཚོ་མི་ཁག་ཅིག་གིས་འགྱུར་བ་གཏོང་ཐུབ་པ་ཞིག་མ་རེད། དེར་བརྟེན། བོད་རང་བཙན་གལ་ཆེན་པོ་ཆགས་བསྡད་ཡོད། གཉིས་པ་ད་ལྟའི་རྒྱལ་སྤྱིའི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་རྐྱེན་པས་མང་པོ་ཞིག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད། འོན་ཀྱང་། རྒྱ་ནག་དུས་ནམ་ཡང་སྟོབས་ཤུགས་ཆེན་པོ་བྱས་ནས་སྡོད་ཐུབ་ཀྱི་མ་རེད་ལ། ང་ཚོས་མུ་མཐུད་བོད་རང་བཙན་བརྩད་ནས་བསྡད་པ་ཡིན་ན། ཉིན་ཞིག་ང་ཚོར་ཏན་ཏན་གོ་སྐབས་རག་གི་རེད། གསུམ་ནས་སྲིད་བྱུས་ཐོག་ནས་འགྱུར་བ་ཕྲན་བུ་རེ་ཕྱིན་པ་མ་གཏོགས་བོད་མི་ཚང་མའི་སེམས་གཏིང་ན་རང་བཙན་ཡོད་པ་རེད། ང་ཚོས་ཤེས་གསལ་ལྟར་སོ་སོའི་སེམས་ནང་ཡོད་པ་དེ་མར་འདོན་རྒྱུ་གལ་ཆེན་པོ་ཡིན་སྟབས། ང་ཚོས་རང་བཙན་རྩོད་ཀྱི་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༣

Leave a Reply

3 thoughts on “བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༧ འཁོར།

  1. >ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པར་མཚོན་ན། སྔོན་མ་ནས་བོད་རང་བཙན་རྩོད་མཁན་ཡིན་པ་དང་ད་ལྟ་ཡིན་ནའང་དེ་ག་རང་ཡིན།གཙོ་བོ་ང་ཚོའི་ཚོགས་པའི་ངོས་ནས་བསམ་བློ་བཏང་བ་ཡིན་ན།ང་ཚོ་མི་ཁག་ཅིག་གིས་འགྱུར་བ་གཏོང་ཐུབ་པ་ཞིག་མ་རེད།སྲིད་བྱུས་ཐོག་ནས་འགྱུར་བ་ཕྲན་བུ་རེ་ཕྱིན་པ་མ་གཏོགས་བོད་མི་ཚང་མའི་སེམས་གཏིང་ན་རང་བཙན་ཡོད་པ་རེད།< བོད་མི་ཚང་མ་ཁྱེད་རང་ཚོ་ནང་བཞིན་རྒྱལ་ཁབ་གཞན་པའི་ཀྱག་པ་ཟ་མཁན་ཨེ་ཨིན་ ? རྒྱུག་ཁྱི་ཨེ་ཡིན་ ? བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༧ འཁོར། དེ་ཀྱག་ཙ་ར་ཁྱེད་རང་ཚོ་ ཇུས་གཏོགས་བྱེད་ཡ་མ་རེད། བོད་མི་ཙམ་ཟན་ཚང་མས་བཤེས་བཤེས་པ་རེད། ཁྱེད་རང་ཚོ་རྒྱུག་ཁྱི་སོང་ཙང་འབྲས་དཀར་མ་ཁྲབ་རང་ཁྲབ་ཡིན་གྱིས་རེད། བོད་རང་བཙན་ཙང་མ་ཡིན་པ་རྒྱ་ནག་གི་མཁས་དབང་ཚོའི་སུ་འགྲེལ་བཤད་སྐྱོན་གྱི་ཡོད། བོད་པ་ཚོ་ ༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་མཐོང་སོང་ང་ ? རིན་པོ་ཆེ་ནས་་་ ༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་ལོ་རེ་ནས་ལོ་རེ་མང་དུ་འགྲོ་ཡིས་འདུག་གསུངས་ཡ་དེ་ འདི་འདྲ་རེད་ད།།

  2. གཞུང་པ་ཚེ་དབང་བསོད་ནམས།

    ད་ལྟ་བར་བོད་མི་བཙན་བྱོལ་བ་ཚོའི་རང་བཙན་དང་རང་དབང་སྐད་འབོད་ཀྱི་ལས་འགུལ་ཙམ་ལས་རང་བཙན་རྩོད་ཀྱི་ཡོད་ཟེར་བའི་ཐ་སྙད་དེ་ད་ཐེངས་དང་པོ་ཡིན་པ་འདྲ་རྗེས་སུ་ཡིད་རངས་ཞུ་ཐུགས་རྗེ་ཆེ་བཀྲིན་ཆེ།

  3. བསོད་ནམས་རྒྱལ་མཚན།

    >ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པར་མཚོན་ན། སྔོན་མ་ནས་བོད་རང་བཙན་རྩོད་མཁན་ཡིན་པ་དང་ད་ལྟ་ཡིན་ནའང་དེ་ག་རང་ཡིན།གཙོ་བོ་ང་ཚོའི་ཚོགས་པའི་ངོས་ནས་བསམ་བློ་བཏང་བ་ཡིན་ན།ང་ཚོ་མི་ཁག་ཅིག་གིས་འགྱུར་བ་གཏོང་ཐུབ་པ་ཞིག་མ་རེད།སྲིད་བྱུས་ཐོག་ནས་འགྱུར་བ་ཕྲན་བུ་རེ་ཕྱིན་པ་མ་གཏོགས་བོད་མི་ཚང་མའི་སེམས་གཏིང་ན་རང་བཙན་ཡོད་པ་རེད།< བོད་མི་ཚང་མ་ཁྱེད་རང་ཚོ་ནང་བཞིན་རྒྱལ་ཁབ་གཞན་པའི་ཀྱག་པ་ཟ་མཁན་ཨེ་ཨིན་ ? རྒྱུག་ཁྱི་ཨེ་ཡིན་ ? བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༧ འཁོར། དེ་ཀྱག་ཙ་ར་ཁྱེད་རང་ཚོ་ ཇུས་གཏོགས་བྱེད་ཡ་མ་རེད། བོད་མི་ཙམ་ཟན་ཚང་མས་བཤེས་བཤེས་པ་རེད། ཁྱེད་རང་ཚོ་རྒྱུག་ཁྱི་སོང་ཙང་འབྲས་དཀར་མ་ཁྲབ་རང་ཁྲབ་ཡིན་གྱིས་རེད། བོད་རང་བཙན་ཙང་མ་ཡིན་པ་རྒྱ་ནག་གི་མཁས་དབང་ཚོའི་སུ་འགྲེལ་བཤད་སྐྱོན་གྱི་ཡོད། བོད་པ་ཚོ་ ༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་མཐོང་སོང་ང་ ? རིན་པོ་ཆེ་ནས་་་ ༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་ལོ་རེ་ནས་ལོ་རེ་མང་དུ་འགྲོ་ཡིས་འདུག་གསུངས་ཡ་དེ་ འདི་འདྲ་རེད་ད།།