དྷ་སར་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་འཚོགས་རྒྱུ་རེད།

བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྡེ་ཁག་གི་ཚོགས་འདུ་འཚོགས་གཏན་ཁེལ་ཡོད་པ་ལྟར་སྐུ་ཚབ་ ༡༢༥ ལྷག་མཉམ་ཞུགས་གནང་འཆར་ཡོད་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ནས་དེའི་སྐོར་གནས་ཚུལ་བའི་ནང་། འདི་ལོའི་ཕྱི་ཟླ་ ཟླ་ ༤ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག  བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྡེ་ Global summit of International Tibetan Associations Organizations ཁག་གི་སྐུ་ཚབ་རྣམ་པའི་ཚོགས་འདུ་འཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་གྲངས་ ༡༢༥ ལྷག་མཉམ་ཞུགས་གནང་རྒྱུ་ཡིན་འདུག

ཚོགས་འདུའི་བརྗོད་གཞི་གཙོ་བོ་བཞི་ནི་གཅིག་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་དང་། གཉིས་བོད་མིའི་རིག་གཞུང་དང་། སྐད་ཡིག ཤེས་ཡོན་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས། གསུམ། བོད་མིའི་ཚོགས་པ་ཁག་སྲ་བརྟན་དུ་གཏོང་ཐབས། བཞི། བོད་མིའི་སྒྲིག་འཛུགས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་དབར་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བཅས་ཡིན་འདུག

ཚོགས་ཞུགས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཕལ་ཆེ་བ་ནི་དེབ་སྐྱེལ་ཡོད་པའི་ཐེབས་རྩ་ཚོགས་པ་དང་རང་སྐྱོང་ཚོགས་པ་ཡིན་ཞིང་། ཚོགས་འདུ་འདི་ནི་བོད་མིའི་སྒྲིག་འཛུགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་གཞི་མང་དག་ཅིག་འགོ་འཛུགས་གནང་བའི་ཁོངས་ནས་གཅིག་ཆགས་ཡོད།  ཚོགས་ཆེན་འདིར་མཐུན་འགྱུར་སྦྱིན་བདག་གནང་མཁན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚོགས་ཆུང་ Bureau of Democracy, Human Rights, and Labor ཡིན་འདུག

བསྐྱར་བཅོས།: ༢༠༢༠/༠༢/༡༧

Leave a Reply

One thought on “དྷ་སར་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་འཚོགས་རྒྱུ་རེད།

  1. ཚེ་བརྟན་འགྱུར་མེད།

    ལོ་འདིའི་ཟླ་ ༤ ནང་རང་གཞུང་གི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྡེ་ཁག་གི་ཚོགས་འདུ་འཚོགས་གཏན་ཁེལ་ཡོད་པ་ནི་དགའ་བསུའི་གནས་ཚུལ་ཞིག་ཡིན། ཚོགས་པ་ཁག་ནས་རྡ་སར་མ་ཕེབས་གོང་ས་གནས་སོ་སོའི་ཚོགས་མི་དང་གཞན་བོད་མི་མཉམ་གྲོས་གཞིར་བསམ་བསྡུར་གྱིས་དགོངས་ཚུལ་སྤུང་ཐབས་དགོས་རྒྱུ་ཞུ་མི་དགོས་པ། ཨ་རིར་ལོ་ངོ་ ༡༣ ཙམ་སོང་པའི་དུས་ཡུན་ནང་རང་རེའི་རྩ་དོན་དུ་ཕན་པའི་ལས་འགུལ་ལ་ཤུགས་རྒྱག་དགོས་པའི་བསམ་ཚུལ་གང་འཚམས་བྱུང་བཞིན་ཡོད། རང་རེའི་སྤྱི་ཚོགས་ཀྱིོ་ལས་སྣེ་དོན་གཅོད་ཁང་ངམ། སྤྱི་འཐུས་རྣམ་པའམ། སྤྱི་མཐུན་ཚོགས་པ་དང་དེ་མིན་ཚོགས་སྡེ་ཁག་སྒེར་རམ་མཉམ་རུབ་གང་རུང་ནས་ལས་འགུལ་སྤེལ་ཐབས་བྱུང་ན་མི་མང་མང་ཉུང་ལ་མ་བལྟོས་པས་རམ་འདེགས་ཞུ་རྒྱུ་ཡིན། དུས་རྒྱུན་དུ་ཡང་ཚོགས་འདུའི་བརྗོད་གཞི་ཁག་བཞིའི་ཐོག་མང་ཚོགས་སུ་འབོད་སྐུལ་གནང་རྒྱུ་གལ་ཆེ་ཡིན་པའི་བསམ་ཚུལ་དུ།