རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་རོགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོ་དེབ་སྤྱི་ཚོགས་དྲ་ལམ་སྟེང་འགྲོ་བ་མིའི་རིགས་ཀྱིས་ཛ་དྲག་ངང་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་དགོས་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་སྤྱི་ཚོགས་དྲ་རྒྱ་བརྒྱུད། འགྲོ་བ་མིའི་རིགས་ཀྱིས་ཛ་དྲག་ངང་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་དགོས་པ་དང་། ང་ཚོས་ངོས་འཛིན་ཐོབ་པ་བཞིན་འགྲོ་བ་མིའི་རིགས་ནི་སེམས་ཅན་ཀུན་ལས་རང་བྱུང་ཁམས་དང་འཛམ་གླིང་ལ་གཏོར་བཤིག་གཏོང་བའི་ནུས་པ་ཆེ་ཤོས་ཅན་གཅིག་པུ་ཡིན་སྟབས། ང་ཚོས་བྱེད་ལས་ཀྱིས་སེམས་ཅན་གཞན་གྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རང་བྱུང་ཁམས་དང་རི་སྐྱེས་སྲོག་ཆགས་ཀྱི་སྐྱེས་འཕེལ་ལ་གཏོར་བཤིག་གཏོང་བ་དེ།  ང་ཚོས་འདོད་རྔམ་དང་འཚོ་གནས་བྱེད་མཁན་གཞན་ལ་གུས་བརྩི་མ་བྱས་དང་སྣང་མེད་ཀྱི་འཇུག་འབྲས་ཡིན་པ་དང་། ང་ཚོས་ངོས་འཛིན་ཐོབ་པ་བཞིན་འགྲོ་བ་མིའི་རིགས་ནི་སྲོག་ཆགས་ཀུན་ལས་རང་བྱུང་ཁམས་དང་འཛམ་གླིང་ལ་གཏོར་བཤིག་གཏོང་བའི་ནུས་པ་ཆེ་ཤོས་ཅན་གཅིག་པུ་ཡིན་སྟབས། ང་ཚོས་བྱེད་ལས་ཀྱིས་སེམས་ཅན་གཞན་གྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་གསུངས་འདུག

ཡང་ཁོང་ཉིད་ཀྱིས་མུ་མཐུད། གལ་ཏེ་ང་ཚོར་དེ་ལྟ་བུའི་གཏོར་བཤིག་གི་ནུས་པ་ཡོད་པ་ཡིན་ན། ང་ཚོར་རང་བྱུང་ཁམས་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད་པས། ང་ཚོས་ཛ་དྲག་ངང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་དགོས་སྐོར་སོགས་གསུངས་འདུག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐད་བཀའ་སློབ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ ལོར་ཁོང་ཉིད་ཀྱིས་གོ་ལའི་ཁོར་ཡུག་དཀའ་ངལ་ནི་མིའི་རིགས་ཀྱིས་བཟོས་པ་ཡིན་པས། དཀའ་ངལ་དེ་མེད་པར་གཏོང་བར་མིའི་རིགས་ལ་འགན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༡༩

Leave a Reply

2 thoughts on “རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་རོགས།

  1. གཞུང་པ་ཚེ་དབང་བསོད་ནམས

    རི་ལུང་རྕ་ཚིག་བོད་ཀྱི་ལུགས་བཟང་རེད།
    ཆོས་མེད་ཀླ་ཀློའི་རི་ལུང་རྩ་ཚིག་གཏོར།
    བདག་མེད་སྲོག་ཆགས་རི་ལུང་གང་སར་འཚོ།
    ཆོས་མེད་ཀླ་ཀློའི་ཧམ་ཟས་ཚེ་སྲོག་འཕྲོག།

  2. ངག་དབང་བྱང་ཆུབ། བུད་དབང་།

    ༡༩༥༩ གོང་ལ་བོད་ཁ་བ་གངས་ཅན་ཁྱོན་ཡོངས་ལ་རི་ཀླུང་ཙ་ཚིགས་ཞེས་པའི་དགོང་དོན་ལ། བྱི་སྤྱང་གཉིས་གོང་དུ་ཕུད་དེ་མིན་རི་ལ་གནས་པའི་རི་བདག་དང་། ཆུ་ལ་གནས་པའི་ཉ་སྲམ་སོགས་གང་བྱུང་འཛིན་ཟུང་མི་ཆོག་པའི་རྩ་ཁྲིམ་ཡོད། ཞན་ཡང་ནམ་རྒྱུན་ཤ་རྒྱུར་སྤྱོད་པའི་སེམས་ཅན་ལ་ཡང་།
    རྨིག་པ་ཅན་དང་སྡེར་མོ་ཅན་ཤ་བོད་མི་ཡོངས་ནས་མི་ཟ་ཡིན། སྡེར་མོ་ཅན་གྱིས་ཤ་ལྟ་བུ་ཡང་རང་ཞིན་གྱི་ཤི་བའི་ཤ་ལས་དངོས་སུ་བྱ་རིགས་གསོད་པའི་
    ལུགས་སྲོལ་མེད། ཟ་རུང་ཤ་ནི་ཚེབ་དོ་ཁ་ཤག་ཅན་གཡག་དང་། བ་གླང་། ར་ལུག། ཕག་ཤ། རི་བདག་ཤ་བ། གོ་བ་གནའ་བ་སོགས་ལས་གང་བྱུང་མི་ཟ།
    རྒྱ་རིགས་རྣམས་ནི་འགུལ་སྐྱོད་བྱ་མཁན་རིགས་ཚང་མ་ཟ་བ་མ་ཟད་། ཤ་རྒྱུའི་སེམས་ཅན་དེ་དག་ལ་སྲོག་ཡོད་པའི་འདུ་ཤེས་མེད། ལོ་ཤས་སྔོན་ལ་ཕྱི་རྒྱལ་
    གྱི་གློག་རྙན་ནང་མིའི་མངལ་འདོན་བྱས་པའི་བུ་་ཕྲུག་རྣམས་ཀྱང་ཟ་ཡི་ཡོད་པའི་གནས་ཚུལ་གསལ་འདོན་བྱས་པ་དང་། སྤྲེའུ་དང་། བལ་པ། སྦྲུལ་སོགས་
    ཀྱང་ཟ་ཡི་ཡོད་པས་མི་རིགས་འདི་ནི་སྲིན་པོའི་ཁུངས་སུ་ཞག་ཆོག་པ་ཡིན།