རྒྱ་གར་དབུས་ས་གཉིས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་གི་འདུག

བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་དགོན་སྡེ་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་གར་དབུས་སའི་ལས་ཁུངས་ཀྱི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་ངལ་སེལ་ཐེབས་རྩར་ཞལ་འདེབས་མུ་མཐུད་འབུལ་བཞིན་འདུགདེ་ཡང་ཁ་སང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དང་རྣམ་རྒྱལ་གྲྭ་ཚང་། རིགས་ལམ་སློབ་གཉེར་ཁང་། གནས་ཆུང་གྲྭ་ཚང་། གཞན་ཡང་སྟོད་རྒྱུད་གྲྭ་ཚང་བཅས་ནས་རྒྱ་གར་སྲིད་བློན་མཆོག་གི་གཟིགས་སྐྱོང་ཐེབས་རྩ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩ། དེ་བཞིན་ས་གནས་ཀང་ར་རྫོང་ཀྱི་ཏོག་དབྱིབས་རིམས་འགོག་ཐེབས་རྕ་བཅས་གསུམ་ལ་ཧིན་སྒོར་འབུམ་ ༡ རེ་ཞལ་འདེབས་སུ་ཕུལ་ཡོད་པ་དང་། རིགས་ལམ་སློབ་གཉེར་ཁང་ངོས་ནས་བཞུགས་སྒར་དྷ་སར་གནས་སྡོད་རྒྱ་གར་ངལ་རྩོལ་བ་དགོས་ངེས་ཅན་རྣམས་ལ་བཟའ་བཅའ་བགོ་འགྲེམ་ཆེད་ཧིན་སྒོར་འབུམ་ ༡ གཏང་རྒྱུ་ཡིན་འདུགདེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སྐུའི་བླ་སྨན་པ་དམ་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་ལས་ཁུངས་ནས་རྒྱ་གར་གྱི་སྲིད་བློན་གཟིགས་སྐྱོང་ཐེབས་རྩར་ཧིན་སྒོར་འབུམ་ ༤ དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༡། དེ་བཞིན་ས་གནས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༢ བཅས་ཕུལ་ཡོད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་ཕྲུག་ཁྱིམ་སྡེའི་ལས་ཁུངས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༣ དང་། ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༢ བཅས་ཞལ་འདེབས་སུ་ཕུལ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཀང་ར་རྫོང་དཔོན་ལས་ཁུངས་ལ་ཧིན་སྒོར་འབུམ་ ༡ ཞལ་འདེབས་སུ་ཕུལ་ཡོད་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ས་གནས་ཀང་ར་རྫོང་དཔོན་ལས་ཁུངས་ཀྱི་རིམས་འགུག་ཐེབས་རྩར་ཧིན་སྒོར་འབུམ་ ༡ ཞལ་འདེབས་ཕུལ་ཡོད་འདུག་པ་དང་། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་ཀྱི་དཔེ་མཛོད་ཁང་ངོས་ནས་ས་གནས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༣ དང་ཁྲི་ ༡ ཞལ་འདེབས་སུ་ཕུལ་ཡོད་འདུགདེ་བཞིན་ཁ་སང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་དང་དགོན་སྡེ། སྐྱིད་སྡུག་དང་བོད་མི་སྒེར་བཅས་ནས་རྒྱ་གར་གྱི་སྲིད་བློན་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་ལ་ཁྱོན་ཧིན་སྒོར་བྱེ་བ་ ༢ ལྷག་གི་ཞལ་འདེབས་ཕུལ་ཡོད་འདུགདེ་མིན་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ཤར་རྒྱུད་རྡོ་རྗེ་གླིང་བོད་མིའི་གཞིས་སྒར་ངོས་ནས་ནུབ་བྷེང་གལ་མངའ་སྡེའི་ཛ་དྲག་ངལ་སེལ་ཐེབས་རྩར་ (West Bengal State Emergency Relief Fund) ཧིན་སྒོར་ ༡,༥༤,༠༠༠ ཞལ་འདེབས་སུ་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༤/༡༦

Leave a Reply