ཉིང་ཁྲིའི་ནགས་གསེབ་ཏུ་མེ་སྐྱོན་བྱུང་ནས་ཉིན་ ༤ པ་འགྲོ་བཞིན་འདུག

བོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཀྱི་ཉེ་འགྲམ་ནགས་ཚལ་ཁྲོད་མེ་སྐྱོན་བྱུང་སྟེ་ཉིན་བཞི་འགྲོ་བཞིན་ཡོད་ཀྱང་ད་དུང་མེ་གསོད་ཐུབ་ཀྱི་མེད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གནས་གཞི་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པའི་རི་མགོའི་ནགས་ཚལ་ཁྲོད་མེ་སྐྱོན་བྱུང་སྟེ།  ད་ལྟའི་ཆར་ཉིན་གྲངས་ ༤ འགྲོ་བཞིན་ཡོད་ཀྱང་མེ་གསོད་ཐུབ་མེད་པ་མ་ཟད། ས་གནས་ཡུལ་མིའི་བདེ་འཇགས་ལའང་ཉེན་ཁ་འཕྲད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན། མེ་ཤོར་བ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནགས་ཚལ་མེ་འགོག་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་མེ་གསོད་མི་སྣ་བཏང་སྟེ། ད་ལྟའི་ཆར་མི་མང་པོས་མེ་གསོད་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་མ་ཟད། མེ་གསོད་མཁན་ཚོས་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་མེ་སྐྱོན་གྱི་ཚད་གཞི་དམའ་རུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དུ་འདས་པའི་ཉིན་གསུམ་རིང་ས་གནས་སུ་གནོད་སྐྱོན་ཅི་བྱུང་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་ཀྱང་། མེ་གསོད་པ་ཚོས་དཀའ་ལས་རྒྱག་བཞིན་ཡོད་སྐོར་གྱི་པར་དང་བརྙན་ཐུང་བཏང་ཡོད་པ་དང་། རྒྱ་ཆེའི་མི་མང་གིས་མེ་གསོད་པའི་ཚེ་སྲོག་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་སྐོར་གྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུགཉིང་ཁྲིའི་མེ་སྐྱོན་དེ་ཕྱི་ཚེས་ ༡༥ ཉིན་གྱི་མཚན་མོ་ནས་ཤོར་མགོ་ཚུགས་ཡོད་པ་དང་། ཉིན་དེར་རྒྱ་ནག་གཞུང་གིས་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་རླུང་ཁམས་དང་གནམ་གཤིས་སྐམ་གཤིས་ཆེ་བ་སོགས་ཀྱིས་མེ་ལྕེ་མཆེད་ཤུགས་ཧ་ཅང་ཆེ་བ་མ་ཟད། ས་གནས་ཁ་ཤས་སུ་དུ་བ་འཕྱུར་ནས་མེ་གསོད་མི་ཐུབ་པའི་གནས་སུ་ལྷུང་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༡༨

Leave a Reply