ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་སྐུ་གྲོངས།

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་ཨ་རི་ནས་འདས་གྲོངས་སུ་ཕྱིན།ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནས་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་དང་སྦྲགས། ཁོང་རང་བཞིན་གྱིས་འདས་གྲོངས་སུ་ཕྱིན་པ་ཡིན་སྐོར་གསུངས་འདུག

གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་སྒྲིག་འཛུགས་ཆོས་དོན་ལས་ཁུངས་ཀྱི་དྲུང་ཆེའི་ལས་གནས་ནས་རྒས་ཡོལ་ཞུས་ནས་ལོ་གཉིས་རྗེས་ཏེ། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བར་བསྐོ་གཞག་བྱུང་སྟེ། ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༡ བར་ལོ་གསུམ་རིང་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་ཞུས་གནང་ཡོད་འདུག

གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཀྱི་བྲག་ཡབ་ཕུ་དགོན་གྱི་སོ་ནམ་པའི་དུད་ཁྱིམ་དུ་སྐྱེས་ཏེ། ཕྱིེས་སུ་ལྷ་སའི་ར་སྟོད་དགོན་པར་ཆོས་སྒོར་ཞུགས་ཀྱང་། རིང་པོར་མ་འགོར་བར་རྒྱ་ནག་གཞུང་གིས་བཙན་འཛུལ་གྱི་རྐྱེན་པས། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་སུ་འབྲངས་ཏེ་རྒྱ་གར་དུ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༧༣ ལོར་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་ཞུགས་ཏེ། འདས་པའི་མི་ལོ་ ༤༠ ལྷག་གི་རིང་བོད་མིའི་གཞིས་སྒར་གྱི་ས་གནས་མགོ་འཛིན་ནས་ལྷན་ཁང་ཁག་གི་དྲུང་ཆེ་ཡི་ལས་འཁུར་ཞུས་ཡོད་འདུག

གསར་འགོད་པ་པ་སངས་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༢༠/༠༤/༢༢

Leave a Reply