ཇོ་ནང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རོགས་རམ་སྦྱིན་གཏོང་གནང་།

དེ་རིང་ལྷག་དཀར་ཉིན་མོ་དང་བསྟུན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་དབུས་པའི་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་ཉམ་ཐག་དགོས་ངེས་ཅན་ཚོའི་ཆེད་དུ་རོགས་རམ་སྦྱིན་གཏོང་གནང་འདུགདེ་ཡང་འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ཉིན་གཅིག་དུས་གཅིག་གི་ལས་འགུལ་སྐོར་དྲིས་པར་ཁོང་གིས། སྤྱིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ས་གནས་གཞོན་ནུ་ལྷན་ཚོགས་ཡོངས་ལ་ལས་འགུལ་སྤེལ་རྒྱུའི་བཀའ་ཁྱབ་བཏང་བའི་ཁྲོད་ནས། ད་ལྟའི་ཆར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཞུགས་སྒར་དྷ་ས་དང་། ལྡི་ལི། བྷན་དྷ་ར་ས་གནས་བཅས་དང་། གཞན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་གྱི་ས་གནས་མི་འདྲ་བ་བཅུ་ལྷག་ནང་བཟའ་བཅའ་བགོ་འགྲེམ་བྱས་ཐུབ་ཡོད་ཅིང་། དེ་བཞིན་ཡུ་རོབ་བྷེལ་ཇམ་ཁུལ་དུ་ཡང་ལས་འགུལ་དེ་སྤེལ་ཐུབ་ཡོད་ལ། ཨ་རིར་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དུས་རྒྱུན་ནས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མུས་ཡོད་སྐོར་བརྗོད་བྱུང་ལ། སང་ཉིན་ཕྱི་ཚེས་ ༢༣ ཉིན་ས་གནས་མགོ་འཛིན་བརྒྱུད་བཞུགས་སྒར་དྷ་སའི་མེག་གྷན་ཁུལ་དུ་གནས་སྡོད་བོད་མི་དབུས་ཕོངས་ཉམ་ཐག་དུད་ཁྱིམ་ ༣༠ ལྷག་ལ་བཟའ་བཅའ་བགོ་འགྲེམ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།གཞན་ཡང་། དེ་རིང་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་དབུས་སའི་ལས་ཁུངས་ཀྱི་ཏོག་དབྱིབས་རིམས་འགོག་བྱ་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཧི་མ་ཅལ་མངའ་སྡེ་གཞུང་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་ ༡,༠༠,༥༥༥ དང་། བཞུགས་སྒར་དྷ་སའི་ཉེ་འཁྲིས་ནོར་གླིང་ས་གནས་བརྒྱ་དཔོན་གཙོས་ནད་ཡམས་དང་འབྲེལ་བའི་དྭངས་ཞབས་ལས་མི་ཡོངས་ལ་རྒྱབ་སྐྱོར་མཚོན་བྱེད་དུ་ཧིན་སྒོར་ཁྲི་ ༥ ཞལ་འདེབས་སུ་གནང་ཡོད་འདུག དེ་བཞིན་དུ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་དང་འབྲེལ་རྒྱབ་སྐྱོར་མཚོན་བྱེད་དུ་ཧིན་སྒོར་ ༣༠,༠༠༣/༠༠ གསུམ༌ཁྲི་དང་གསུམ་གནང་འདུག གཞན་ཡང་དེ་གའི་ཉེ་འཁོར་རྒྱ་གར་ཡུལ་མི་ཉམ་ཐག་དཀའ་ངལ་ཅན་རྣམས་ལ་དཀའ་ཁག་སེལ་ཆེད་མཁོ་ཆས་བཟའ་འབྲུའི་རིགས་བགོ་འགྲེམས་སྦྱིན་གཏོང་གི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཆེད་ཧིན་སྒོར་ ༡,༠༠,༠༠༠/༠༠ འབུམ༌གཅིག་དང་། ད་དུང་ས་གནས་ཀཱང་ར་རྗོང་གི་ངལ་སེལ་ཐེབས་རྩ་ཁང་དུ་ཞལ་འདེབས་ཧིན་སྒོར་༡,༠༠་༥༥༥་འབུལ་རྒྱུ་གཏན་ཁེལ་བྱུང་བ་རྣམས་སྡོམ་པའི་ཧིན་སྒོར་  ༣,༨༡,༡༡༣/༠༠ གསུམ་འབུམ་བརྒྱད་ཁྲི་གཅིག་ཁྲི་གཅིག་སྟོང་གཅིག་བརྒྱ་བཅུ་གསུམ་ཞལ་འདེབས་གནང་འདུག །

གསར་འགོད་པ། པ་སངས་ཚེ་རིང་། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༤/༢༥

Leave a Reply

2 thoughts on “ཇོ་ནང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རོགས་རམ་སྦྱིན་གཏོང་གནང་།

  1. ད་ལེན་ནད་ཡམས་འདིའི་སྐབས་སུ་བོད་པའི་དགོན་སྡེ་གྲ་ཚང་ཁག་དང་། ཚོགས་པ་སྐྱིད་སྡུག་། མི་སྒེར་བ་བཅས་ནས་
    གཞན་ཕན་རོགས་སྐྱོར་གང་ཡག་ནང་ཆོས་དང་མཐུན་པ་གནང་བར་ཚང་མ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང།
    དངོས་ཡོད་ཀྱི་ཕན་གྲོགས་མགོན་པོའི་བཀའ་སློབ་བཞིན་གནང་བར་བསྔགས་བརྗོད་ཞུ། བཀྲིས་བདེ་ལེགས་ཡོད།

  2. གཞོན་ནུ་ཚོགས་པ་དང་རྒྱལ་བ་ཇོ་ནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ། ད་རེས་ཞལ་འདེབས་ཕུལ་ས་དེ་ནོར་མི་འདུག