འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཐོག་མ་བཙོང་མགོ་བརྩམས།

འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་མགྱོགས་མྱུར་བཅོས་ཐུབ་པའི་སྨན་ཐོག་མ་མི་འགྱངས་བར་དགོས་མཁོ་ཆེ་བའི་རྒྱལ་ཁབ་ཁག་ཏུ་ཕྱིར་འདྲེན་གཏོང་འཆར་འདུགབྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷང་ལ་ཌི་ཤིའི་ (Beximco Pharmaceuticals Ltd)སྨན་སྦྱོར་ཚོང་ལས་ཁང་གིས། ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁབ་ཅིག་དངོས་སུ་བཙོང་མགོ་བརྩམས་ཡོད་སྟབས། སྨན་སྦྱོར་ཁང་དེ་ནི་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་བཙོང་མཁན་ཐོག་མ་དེ་ཆགས་ཡོད་སྐོར་རྗོད་བཞིན་འདུག

སྤྱིར་བཏང་(Remdesivir)ཞེས་པའི་སྨན་ཁབ་དེ་ཨ་རིའི་གྷི་ལི་ཌི་ཚན་རིག་(Gilead Sciences)ཞིབ་འཇུག་ཁང་གིས་ཨ་ཧྥི་རི་ཁ་ནས་བྱུང་བའི་(Ebola)ནད་ཡམས་ཆེད་ཐོག་མར་བཟོས་ཤིང་། ཨ་རིའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་དེས་རྒྱ་གར་གྱི་སྨན་སྦྱོར་ཚོང་ལས་ཁང་(Cipla Ltd)དང་(Mylan NV)། དེ་བཞིན་པ་ཀི་སི་ཐན་གྱི་སྨན་སྦྱོར་ཚོང་ལས་ཁང་ (Ferozsons Laboratories Ltd)དང་བྷང་ལ་ཌི་ཤིའི་(Beximco Pharmaceuticals Ltd)སྨན་སྦྱོར་ཚོང་ལས་ཁང་བཅས་སུ་སྨན་གྱི་ཚོང་ལས་གཉེར་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་ལྟར། བྷང་ལ་ཌི་ཤིའི་སྨན་སྦྱོར་ཚོང་ལས་ཁང་དེས་བྷང་ལ་ཌི་ཤི་གཞུང་གི་ཆོག་མཆན་ཡོད་པའི་ཐོག་ནས་སྨན་ཁབ་དངོས་སུ་ཉོ་ཚོང་བྱེད་མགོ་རྩོམ་ཐུབ་ཡོད་པ་མ་ཟད། བྷང་ལ་ཌི་ཤི་ནི་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་བཙོང་མཁན་ཐོག་མ་ཡིན་པ་ཡོངས་བསྒྲགས་བྱེད་བཞིན་ཡོད་པ་རེད།

ཉེ་སྔོན་ཨ་རིའི་རྒྱལ་ཡོངས་སྨན་སྦྱོར་ཞིབ་འཇུག་ལྟེ་གནས་ཁང་གིས་(Remdesivir)སྨན་གྱི་ཕན་ནུས་སོགས་སུ་ཞིབ་འཇུག་བྱེད་སྐབས། སྨན་དེས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག་ཡོད་པའི་ནད་པ་རྣམས་ཉིན་གྲངས་ ༤ རིང་བཅོས་ཐུབ་པའི་ནུས་པ་ཡོད་སྟབས། སྨན་དེ་ནི་ད་སྔ་བར་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་མགྱོགས་མྱུར་བཅོས་ཐུབ་པའི་སྨན་ཞིག་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཆེད་མཁས་པ་ཁག་ཅིག་གིས་སྨན་དེ་ནི་ཏོག་དབྱིབས་གཉན་རིམས་བཅོས་ཐུབ་པའི་སྨན་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་མི་ཉན་པའི་ཉེན་བརྡ་འང་བཏང་ཡོད་པ་མ་ཟད། སྨན་དེའི་ཟུར་སྐྱོན་གཅིག་ནི་མཆིན་པར་གནོད་སྐྱོན་བཟོ་ཡི་ཡོད་པ་དང་སྐྱོན་གཞན་གང་ཡོད་སོགས་ཀྱི་གནས་ཚུལ་གསལ་ཁ་མི་འདུགབྷི་བྷི་སིའི་གནས་ཚུལ་ལྟར་ན། ད་རེས་གང་ལྟར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གིས་(Remdesivir)ཞེས་པའི་སྨན་དེ་བཀོལ་སྤྱོད་བྱ་རྒྱུའི་མོས་མཐུན་བྱེད་བཞིན་ཡོད་པ་དང་།  དེའི་ཁྲོད་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་ལྟ་བུ་སོགས་ཀྱིས་སྨན་དེ་བེད་སྤྱོད་གཏོང་རྒྱུ་ཡིན་པ་ཡོངས་བསྒྲགས་དང་རྒྱ་གར་དང་པ་ཀི་སི་ཐན་གྱི་སྨན་སྦྱོར་ཁང་ཁག་ཅིག་གིས་བྷང་ལ་ཌི་ཤིའི་སྨན་སྦྱོར་ཚོང་ལས་ཁང་དེར་མཉམ་འབྲེལ་བྱེད་འཆར་ཡོད་སྐོར་སོགས་བརྗོད་འདུག

སྨན་སྦྱོར་ཚོང་ལས་ཁང་དེའི་དོ་དམ་འགན་འཛིན་དང་བྷང་ལ་ཌི་ཤིའི་གྲོས་ཚོགས་འཐུས་མི་ (Nazmul Hassan)ལགས་ཀྱིས། ང་ཚོས་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་རྣམས་སྨན་ཁང་ནས་བཅོས་ཐུབ་པའི་སྨན་གལ་ཆེན་འདི་འདྲ་ཞིག་འཛམ་གླིང་ནང་ངོ་སྤྲོད་ཐོག་མར་བྱེད་ཐུབ་པར་དགའ་བོ་བྱུང་། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག སྨན་འདིས་ང་ཚོའི་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་དང་འོས་འགན་འཁུར་བཞིན་པ་མཚོན་གྱི་ཡོད། དེར་བརྟེན། ང་ཚོས་འབྲེལ་ཡོད་གཞུང་གི་འཛིན་སྐྱོང་ངོས་ནས་སྨན་འདི་གང་མགྱོགས་ཀྱིས་དགོས་མཁོ་ཆེ་བའི་ནད་པ་རྣམས་ཀྱི་སླད། བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་བཟོ་གྲའི་ངོས་ནས་ཀྱང་། བྷང་ལ་ཌི་ཤིའི་རྒྱལ་ཡོངས་ཛ་དྲག་གནས་བབ་ཀྱི་སྐབས་འདིར་གཞུང་ལ་ཕྱོགས་གང་ཐད་ནས་རམ་འདེགས་ཅི་ཐུབ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

བྷང་ལ་ཌི་ཤིའི་ (Beximco Pharmaceuticals Ltd)སྨན་སྦྱོར་ཚོང་ལས་ཁང་གི་གནས་ཚུལ་ལྟར་ན། ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁག་དེ་བྷང་ལ་ཌི་ཤིའི་གཞུང་གི་སྨན་ཁང་ཚང་མར་རིན་མེད་ངང་བསྟེར་རྒྱུ་ཡིན་པ་དང་གཞན་སྒེར་གཉེར་སྨན་ཁང་ཚོར་སྨན་ཁབ་རེར་བྷང་ལ་ཌི་ཤིའི་སྒོར་མོ་ ༦༠༠༠ དང་ཧིན་སྒོར་༥༣༤༨། དེ་བཞིན། ཨ་སྒོར་ ༧༡ ཙམ་བྱས་ཏེ་བཙོང་འཆར་བྱེད་བཞིན་འདུག སྨན་ཁབ་དེའི་ཁྲོམ་རའི་མིང་རྟགས་ལ་(bemsivir)ཞེས་བཏགས་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ཛ་དྲག་ཅན་ཞིག་ལ་ཆེས་མང་ན་སྨན་ཁབ་ ༦ བརྒྱབ་ཚེ་དྲག་སྐྱེད་བྱུང་གི་ཡོད་པ་དང་། སྨན་སྦྱོར་ཚོང་ལས་ཁང་དེར་མ་རྐང་འཛུགས་མཁན་གཅིག་ནི་འཛམ་གླིང་གི་དངུལ་ཁང་ཆེ་ཤོས་ནོར་ཝེལ་གཞུང་གི་དངུལ་ཁང་ (Norges Bank)འདི་ཆགས་ཀྱི་ཡོད་པ་རེད།བྷང་ལ་ཌི་ཤིའི་ (Beximco Pharmaceuticals Ltd)སྨན་སྦྱོར་ཚོང་གི་སྤྱི་ཁྱབ་འགན་འཛིན་རི་རྫཱ་(Rabbur Reza)ལགས་ཀྱིས། ད་ལྟ་ང་ཚོར་རྒྱལ་ཁབ་མང་པོ་ཞིག་གིས་སྨན་དགོས་ཟེར་གྱི་འདུག་པས། ང་ཚོས་སྨན་འདི་སྔོན་མ་ནང་བཞིན་མ་ཡིན་པར་ཕྱིར་འདྲེན་གཏོང་གི་ཡིན། ཞེས་བརྗོད་ཡོད་པ་དང་། ཨ་རིའི་གྷི་ལི་ཌི་ཚན་རིག་(Gilead Sciences)ཞིབ་འཇུག་ཁང་ལྟར་ན། ད་ལྟ་(Remdesivir)ཞེས་པའི་སྨན་ཁབ་དེ་འཛམ་གླིང་རྒྱལ་ཁབ་ ༡༢༧ ནང་བཙོང་ཆོག་པའི་ཆོག་མཆན་ཐོབ་ཡོད་འདུག

བྷང་ལ་ཌི་ཤི་གཞུང་གི་གནས་ཚུལ་ལྟར་ན། ཁ་སང་སྨན་སྦྱོར་ཚོང་ལས་ཁང་དེས་སྨན་ཉོ་ཚོང་གི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྷན་ཁང་དུ་བསྡུ་བསྐོང་བྱས་ཡོད་པ་དང་། མཛད་སྒོའི་སྟེང་བྷང་ལ་ཌི་ཤིའི་འཕྲོད་བསྟེན་བློན་ཆེན་(Zahid Maleque)ལགས་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་རྒྱལ་ཁབ་ཀྱི་སྨན་སྦྱོར་སྡེ་ཁག་གི་གནད་ཡོད་མི་སྣ་བཅས་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༢༠/༠༥/༢༢

Leave a Reply

4 thoughts on “འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཐོག་མ་བཙོང་མགོ་བརྩམས།

  1. བསོད་ནམས་རྒྱལ་མཚན།

    ཁྱེད་ཀྱི་མ་མཐོང་ན་ མེད་པའི་མ་ཁྱབ། ཡང་ན་་་ དུས་བབ་ཚང་གི་ Party བཏངནས་ར་ཟི་བ་མིན་འགྲོ། 😂 😂 😂 😅 BBC, CNN, Al Jazeera, NY times, TIMES OF INDIA, INDIAN Express O Ho Many many many . . . . . གང་ལྟར་ ད་ཇི་ལ་་་ འཇོན་རྒྱུ་ཁྱོན་ནས་མེད་མཁན་ བོད་ཀྱི་རྩ་དོན་ལ་རྡབ་སིག་གཏོང་མཁན་ VIRUS 🦠 མདོ་སྟོད་ཆུ་བཞི་གཱན་དྲུ། བོདཀྱི་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་མཁན་ ཚོགས་པ་ཆལ་ལེ་ཆོལ་ལེ་དེ་ཚོ་ གནས་ཚུལ་ནང་མ་བཀོད་ན་སྒྲིག 😂 😂 😂 😅

  2. BBC གསར་འགྱུར་གང་དུ་འདུག་ལགས། དྲ་ཐག་དེ་འདིར་གཏང་རོགས། ངས་དེ་འདྲ་ཞིག་BBC ནང་རྩ་ནས་རྙེད་མ་སོང།

    1. སྐལ་བཟང་སྦྱིན་པ།

      གསར་འགྱུར་དེའི་འབྲེལ་ཐག་ཕྱི་ཚེས་ ༢༢ ཉིན་གྱི་བྷི་བྷི་སིའི་ཐད་གཏོང་གསར་འགྱུར་ནང་ཡོད་རེད། ཁྱེད་ཀྱི་ལག་ཏུ་མ་རག་པ་ཁག་མེད།

  3. Wao Bangladesh 🇧🇩 Wao ! Great 👍 What Happened Only Name of the Great Countries Like USA 🇺🇸 CHINA 🇨🇳 INDIA 🇮🇳 RUSSIA 🇷🇺 GREAT BRITAIN 🇬🇧 FRANCE 🇫🇷 GERMANY 🇩🇪 S KOREA 🇰🇷 དགོས་ཡ་སྨན་དེ་མ་བཟོ་བ་ མི་དགོས་པའི་ ཕྲུ་གུ་ཆུང་ཆུང་ནང་བཞིན་ Military Troops, Bomb 💣 Missile ངོམ་རེ་རྩེ་ནས་སྡོད་ཀྱི་འདུག་ག Shame Shame 😂 😂 😂 😅 Wao 🙀 Bangladesh 🇧🇩 Good News 👍 Thanks 🙏