ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་བཏོན།

ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་དང་བོད་ཀྱི་གནས་བབ་ལ་ངོས་འཛིན་གཞན་དགོས་པའི་ཁྲིམས་འཆར་བཏོན་འདུགཨ་རིའི་གྲོས་ཚོགས་ཀྱིས་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ (Scott Perry)ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནང་བོད་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཞིག་གྲོས་འདོན་བྱས་ཏེ། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ནི། རྒྱ་ནག་དང་ཁ་བྲལ་དང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་སྐོར་སོགས་གསུངས་འདུག

སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ཀྱི་ཁྲིམས་འཆར་ནང་། ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཊོམ་ཕུ་མཆོག་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་དང་ཁ་བྲལ། རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་ངོས་འཛིན་གཞན་བྱེད་དགོས་ཀྱི་ཡོད། ཅེས་གསུངས་འདུགཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ནི་ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ ༣༢ ནས། ཨ་རིའི་སྲིད་འཛིན་ཊོམ་ཕུའི་གཞུང་གིས་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་དང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ད་ལྟ་ཁོང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་ཚོགས་ཆུང་གི་རྒྱུས་ལས་ཀྱང་ཡིན་པ་རེད།

ད་ལྟ་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ག་ཚོད་ཅིག་གིས་རྒྱལ་སྐྱོར་བྱེད་བཞིན་ཡོད་པ་དང་། ཁྲིམས་འཆར་དེར་རེ་བ་ག་ཚོད་ཅིག་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་གསལ་བོ་མེད་པ་དང་། ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་བྱེད་འཆར་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༢༦

Leave a Reply

5 thoughts on “ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་བཏོན།

  1. ༄། གངས་ཕྲུག་སྐྱེ་བོ་་ཡོངས་ཀྱིས་བོད་རང་བཙན་་སླར་གསོལ་་འབོད ་སྒྲོགས་ཨ་རི་གྲོས་ཚོགས་ནས་སྒྲོགས་པ་་སྟེ་། གང་ཅན་པ་རྣམས་ཀྱི་བཀྲིས་ཉི་ཤར་རེད། རྒྱ་ནག་གུང་ཁྲན་་གྱི་་བོད་ས་བཙན་འཛུལ་་བོད་མི་་ཡོངས་ཀྱིས་མགོན་སྐྱབས་༧ གོང་ས་མཆོག་་བོད་ནས་བཙན་ཕུད་བཏང་། བོད་མི་འབུམ་ཁྲག་མང་པོ་དམར་གསོད་གཏང་།་་བོད་ས་བོད་མིའི་ཚུལ་ལེན་་དགོས་།་ ༧ གོང་ས་མཆོག་རྩེ་པོ་ཏ་ལ་གདན་འདྲེན་ཞུ་དགོས་།་

  2. འདི་ནི་གནས་ཚུལ་ཡག་པོ་ཞིག་རྩ་བ་ནས་མིན། རྒྱ་གར་དང་ཨ་རི་གཉིས་ ཁོ་རང་ཚོ་ཁེ་ཕན་ཆེད་ རྒྱ་ནག་ཁ་ཐོར་དུ་གཏོང་ཡ་དམིགས་ཡུལ་ཡིན། གཉིས་ནས་ ༧གོང་ས་མཆོག་ནས་བསྟོན་གནང་པའི་གཉིས་ཕན་དབུ་མས་ལམ་གཏོར་ཤིག་གཏོང་ཡ་ཡིན། དགའ་རྒྱུ་ཕར་བཞག ཞེ་སྣང་སྐྱེད་དགོས་པ་ཆགས། Plz America don’t be Disturb Middle Way. Among them Americans people rescued from the epidemic. Still clear Corona 🦠

  3. ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Scott Perry ཡིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་དང་ཁ་བྲལ་དང་རང་བཙན་གྱི་རྒྱལ་ཁབ་ཞིག་རེད་ཞེས་པའི་གྲོས་འཆར་ཨང་གྲངས་ H.R 6948 ཅན་ཞིག་བཏོན་འདུག ཁོང་གིས་དེ་ལྟར་འདོན་པའི་ཀུན་སློང་དང་རྒྱབ་ལྗོངས་བཟང་པོ་ཞིག་བཟུང་པས་བཏོན་ཡིན་པར་ངོས་འཛིན་ཞུ་འོས་ཀྱང་། གྲོས་འཆར་དེ་ནི་ཆ་མི་ཚང་བ་དང་། གོ་ནོར་དང་ལམ་ལོག་པར་འགྲོ་ཆེ། དེ་ལྟའི་གྲོས་འཆར་ཆ་ལག་མ་ཚང་བ་བཏོན་པ་ལས་མ་འདོན་ན་བཟང་བསམས། དེ་བས་ཡ་མཚན་པ་ཞིག་ལ། བཙན་བྱོལ་བོད་མིའི་གཞུང་འབྲེལ་དྲ་རྒྱའི་སྟེང་་https://tibet.net/representative-scott-perry-introduces-bill-to-recognize-the-tibet-autonomous-region-as-a-separate-independent-country/ གྲོས་འཆར་བཏོན་ཡོད་པའི་གནས་ཚུལ་བཀོད་འདུག་པ་ནི་དེ་བས་འཇིགས་སྣང་མང་བ་སྐྱེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བས་གྲོས་འཆར་དེར་དགོངས་ཚུལ་མི་མཐུན་པ་མ་བྱུང་ངམ། ཡང་ན་དགོས་དབང་གིས་ཡིན་ནམ། དེ་ནི་ཐུགས་སྣང་ཆེན་པོ་བྱ་དགོས་པ་མཐོང་།

  4. ཐུགས་རྗེ་ཆེ། Scott perry. བོད་རང་བཙན་ལ་ཁྲིམས་འཆར་བཏོན་པ་སྟེ་། ང་རང་་གིས་ཐོས་པ་ཙམ་གྱི་་དགའ་སྤྲོ་སྐྱེ།། བོད་མི་ཡོངས་ཀྱི་རང་བཙན་ལ་རིག་པ་སྒྲེང་དགོས་སོ།