རྒྱུད་སྨད་མཁན་ཟུར་ཞིག་ལ་ཨོ་གླིང་གཟེངས་རྟགས་ཐོབ།

རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ནས་ཨོ་གླིང་ནང་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་མི་མང་ལ་ནང་ཆོས་ངོ་སྤྲོད་དང་ཤེས་ཡོན་གོ་རྟོགས་སྤེལ་བར་ཆེ་བསྟོད་དུ་ཨོ་གླིང་གཞུང་ནས་གཟེངས་རྟགས་ཤིག་འབུལ་གཏན་འཁེལ་འདུག རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས། འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཨོ་གླིང་མི་མང་ལ་ནང་ཆོས་དང་ཤེས་ཡོན་ཐོག་ནས་ཞབས་འདེགས་རྒྱ་ཆེར་ཞུས་དང་ཞུ་བཞིན་པར་བརྟེན། ཨོ་གླིང་གཞུང་གིས་ཆེད་བསྟོད་ངོས་འཛིན་གྱི་གཟེངས་རྟགས་ (Order of Australia medal Zes) ཞེས་པ་འབུལ་གཏན་འཁེལ་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་སུ་འབྲེལ་བ་ཞུ་སྐབས། ཞབས་ཞུ་བ་ཨ་ནེ་བཀྲ་ཤིས་ལགས་ནས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ད་ལྟའི་ཆར་ལས་བྲེལ་ཡིན་པ་དང་། གཟེངས་རྟགས་དེ་ནི་ཨོ་གླིང་གཞུང་གིས་སྤྱི་ཚོགས་ནང་ཞབས་ཞུ་གཙོས་པའི་འབུར་དུ་ཐོན་པའི་མི་རྣམས་ལ་སྤྲོད་སྲོལ་ཡོད་པའི་གཟེངས་རྟགས་གལ་ཆེན་ཞིག་ཡིན་སྐོར་སོགས་བརྗོད་བྱུང་།

མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༣༧ ལོར་ཁམས་ཏྲེ་ཧོར་དཀར་མཛེས་སུ་ ༡༩༣༧ ལོར་སྐུ་འཁྲུངས་ཤིང་། ཆུང་དུས་ཁང་དམར་དགོན་དུ་ཞུགས། དགུང་གྲངས་ ༡༧ ཐོག་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ་ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་བྱམས་པ་བརྟན་བཟང་མཆོག་དགེ་རྒན་དུ་བསྟེན། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་སར་བཞུགས་ནས་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༠ ལོར་རྒྱ་གར་ལྷོ་ཕྱོགས་མེ་སོར་སྦེལ་ཀོབ་ཏུ་སྤོས་ནས་སྔར་བཞིན་སློབ་གཉེར་འཕྲོ་བསྐྱངས་པ་དང་། དགེ་ཕྲུག་རྣམས་ལ་དཔེ་ཁྲིད་གནང་། དེ་བཞིན། གྲྭ་ཚང་གི་འཛིན་གྲྭ་ཐོན་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ཀྱི་རྒྱུགས་རྣམས་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༡༩༨༣ ལོར་ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས། ཕྱི་ལོ་ ༡༩༨༨ ལོར་རྒྱུད་སྨད་གྲྭ་ཚང་དུ་ཊཱིཀྐ་སྐྱོར་རྒྱུགས་དང་། སྔགས་ཀྱི་དམ་འཇོག་དང་དགེ་བསྐོས་བཅས་ལེགས་པར་གྲུབ། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་མཆོག་གི་སྐུ་མདུན་དུ་སེ་ར་ཆོས་སྒར་དུ་སྔགས་ཀྱི་རྩོད་རྒྱུགས་ཕུལ་ཏེ་ཨང་རིམ་དང་པོའི་མཚན་གནས་ཐོབ། ཕྱི་ལོ་ ༡༩༩༡ ལོར་ཨོ་གླིང་དུ་ཕེབས་ཏེ། སྤྱན་རས་གཟིགས་ཆོས་ཚོགས་གཙོས་ཆོས་ཚོགས་དུ་མ་ཞིག་ཏུ་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་རྣམས་ལ་ལམ་རིམ་དང་བློ་སྦྱོང་ཁྲིད། ཕྱི་ལོ་ ༢༠༠༩ ལོར་རྒྱུད་སྨད་གྲྭ་ཚང་གི་བླ་མར་ཕེབས་པ་དང་ཕྱི་ལོ་༢༠༡༤ ལོར་རྒྱུད་སྨད་ཀྱི་མཁན་པོར་ཕེབས་ཡོད་འདུག

ཨོ་གླིང་གི་གཟེངས་རྟགས་དེ་ད་ལན་བོད་མི་ཞིག་ལ་ཐོབ་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ཡས་མས་སུ་སྤྱི་ཚོགས་ཞབས་ཞུ་བ་རྣམ་རྒྱལ་ཚེ་རིང་ཞུ་བ་ཞིག་ལ་གཟེངས་རྟགས་དེ་གནང་ཡོད་པ་དང་། གཟེངས་རྟགས་དེ་ཨོ་གླིང་གི་མི་སེར་ཡིན་མིན་ལ་ཁྱད་པར་མེད་པར་ཨོ་གླིང་གཞུང་གིས་མི་སྣ་བྱས་རྗེས་ཅན་དང་གཞན་ཕན་གྱི་ལས་དོན་སྒྲུབ་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་ཞིག་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༩

Leave a Reply

3 thoughts on “རྒྱུད་སྨད་མཁན་ཟུར་ཞིག་ལ་ཨོ་གླིང་གཟེངས་རྟགས་ཐོབ།

  1. འདི་སྤྱིར་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་རེད་ལགས་ཀྱང་ཨོ་གླིང་གི་གཟེངས་རྟགས་འདི་བཞིན་ཐོབ་པ་ལ་ཕལ་ཆེར་ཞུ་ཡིག་མང་དག་ཞིག་དང་རྒྱབ་གཉེར་གྱི་ཡི་གེ་མང་དག་གཅིག་ཕུལ་ནས་སློང་རྒྱབ་པ་ནང་བཞིན་བྱས་ནས་ད་གཟོད་ཐོབ་པ་ཞིག་ལས་གཞུང་གིས་ཐད་ཀར་ངོས་འཛིན་གྱི་ཕུལ་བ་དེ་འདྲ་ྩ་བ་ནས་མ་རེད།ལར་ནས་དགེ་བཤེས་བཀྲ་ཤིས་ཚེ་རིང་འདི་ཐོག་མར་བླ་མ་བཟོད་པའི་སྤྱན་རས་གཟིགས་ཆོས་ཚོགས་ཀྱི་ལས་ཀ་བྱས་ནའང་རྗེས་སུ་དྲིན་ཅན་ལག་པ་རྡོར་རྡུང་གི་དཔེ་ལྟར་ཟུར་དུ་དོན་ནས་གྲོང་ཁྱེར་དེ་ག་རང་དུ་ཁ་གཏད་ཆོས་ཚོགས་གསར་པ་ཞིག་བཙུགས་ནས་ཨ་ནེ་ཞིག་མཉམ་དུ་ཁྱིམ་བཅིག་དུ་བསྡད་ནས་ལབ་གླེང་མི་ཆུང་བ་བཟོས་བསྡད་མཁན་དེ་འདྲ་རེད།རྒྱུད་སྨད་མཁན་ཟུར་ཨ་ནེ་མཉམ་དུ་བསྡད་མཁན་ཟེར་བའི་མིང་ཆད་ཡོད་པ་དེ་རེད།གཞན་བརྗོད་དགོས་དོན་མ་མཆིས་ནའང་ད་ལམ་གཟེངས་རྟགས་མར་ངོམ་ཡོང་དུས་འདི་དྲན་སོང་།

    1. བློ་བཟང་ཆོས་སྐྱོབ།

      ཨ་རོག་དེ་བདེན་ལེ་རེད།
      དབང་རྒྱལ་ཁྱོད་ཁ་གསང་ལེ་དགའ།
      དགེ་བཤེས་དེ་དང་ཨ་ནེ་དེ་གཉིས་ལུས་དང་གྲིབ་མ་ནོང་བཞིན་མཉམ་ཟ་མཉམ་འཐུང་བྱེད་ལེ་རེད།
      ཝི་དི་ནམ་གྱི་ཁྱིམ་ཚང་གཅིག་ནས་དགེ་བཤེས་དེ་དང་ཨ་ནེ་གཉིས་མཉམ་པོ་བསྡད་པ་མི་ཁ་ཤས་ལ་བཤད་ཚུལ་ཡོད་ནེ་རེད།མང་ཆེ་བའི་བསམ་པ་ལ་དགེ་བཤེས་བཞུགས་ས་དགོན་པ་གཅིག་ཡིན་འགྲོ་བསམ་ནའང་དེ་རེད་མི་འདུག།དགེ་བཤེས་སྤྱན་རས་གཟིགས་ཀྱི་དགོན་པ་ནས་འཐོན་ནས་མར་ཨ་ནེ་དེ་མཉམ་དུ་ཁྱིམ་ཐབ་བྱས་ནས་རྒྱལ་སའི་ནང་ལ་ཁང་པ་གཡར་ནས་བསྡད་པ་བདེན་པ་རེད།ལོ་མང་པོ་འགྲོ་ཚར་རེད།ཁོ་རྒྱུད་སྨད་མཁནཔོ་ཡིན་ན་ཨོ་གླིང་ལ་ཅི་བྱས་ནས་ཁང་པའི་ནང་དུ་ཨ་ནེ་མཉམ་དུ་གང་བྱེད་ཀྱི་ཡོད་སུས་ཤེས།་ད་ལྟ་རྒྱུད་སྨད་མཁན་པོ་རེད་ཟེར་ལེ་དང་གཟེངས་རྟགས་ཐོབ་པ་གོ་དུས་ང་ཡང་མགོ་ན་སོང་།ྔགས་པས་སྐྱེས་དམན་ཉར་ན་ཧ་ལས་བྱེད་དགོས་ན་མཁན་པོས་ཨ་ནེ་ཉར་བ་ཧ་གོ་ན་ཅི་བྱེད་དགོས་རེད།

      1. ད་ཡིན་ན་རྒྱུད་སྨད་མཁན་ཟུར་གྱི་སྐོར་རེད་འདུག
        ལོ་གཅིག་གཉིས་ཙམ་གོང་ལ་བླ་མ་བཟོད་པའི་ཆོས་ཚོགས་ལ་ཆོས་བཤད་མཁན་དབང་གནང་མཁན་བླ་མ་གཅིག་གིས་རྒྱ་གར་སྐྱེས་དམན་གཅིག་གི་ནུ་མ་ལ་ཕུར་ཕུར་བཏང་བ་སོགས་ཀྱི་དོན་རྐྱེན་དང་དེ་ཙམ་མ་ཟད་ཕྱི་རྒྱལ་ཨ་ནེ་ཁ་ཤས་ཀྱིས་ཀྱང་དགེ་བཤེས་དེས་མ་རུང་པའི་ལས་བྱས་ཚུལ་བརྗོད་ཡོད་རེད།
        དེ་རྡ་རམ་ས་ལའི་གནས་ཚུལ་རེད་དེ་དེང་སང་གོ་རྒྱུ་མི་འདུག
        ཁྱེད་དུས་བབས་གསར་ཤོག་གི་དེའི་སྐོར་ཅི་མི་ཤེས་ལེ་རེད་སྦས་བཞག་རེད།