སྦེལ་ཀོབ་གཞིས་ཆགས་ཀྱི་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་རྟཊ་ཐོན།

ཉེ་སྔོན་ལྡི་ལི་ནས་ཡོང་བའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་བོད་རིགས་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཏེ་མེ་སོར་སྨན་ཁང་ཞིག་ཏུ་ཁྲིད་ཕྱིན་ཡོད་འདུགདེ་རིང་ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་སྒར་དུ། ལྡི་ལི་ནས་ཕྱིར་ལོག་བྱས་པའི་བོད་མི་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྟབས། གཞིས་མི་ཚོས་ཟ་ཁང་ཚོང་ཁང་སྒོ་བརྒྱབ་པ་སོགས་བྱས་ཏེ་སྔར་ལས་ཡིད་གཟབ་བྱེད་ཀྱི་ཡོད་འདུག

སྐྱེས་པ་དེ་ལྡི་ལི་ནས་གཞིས་ཆགས་ནང་བསླེབས་རྗེས་ཟུར་བཀག་ཏུ་བསྡད་ནས་ཉིན་གྲངས་མང་པོ་འགྲོ་བཞིན་ཡོད་པ་དང་། ཁོ་རང་གི་རོགས་པ་ཚོར་ནད་རྟགས་ཐོན་མེད་ཀྱང་། སྐྱེས་པ་དེར་ནད་རྟགས་ཐོན་རྗེས་དེ་རིང་ཞོགས་པར་ཁོང་མེ་སོར་གྱི་སྨན་ཁང་ཞིག་ཏུ་ཁྲིད་ཕྱིན་ཡོད་སྐོར་བརྗོད་བྱུང་།

ད་ལྟ་གཞིས་མི་མང་པོས་སེམས་འཚབ་བྱས་ཏེ་གྲོང་སྡེ་སོ་སོའི་བར་འགྲོ་འོང་བཀག་སྡོམ་དགོས་མིན་དང་། ཟ་ཁང་ཚོང་ཁང་སོགས་སྒོ་བརྒྱབ་དགོས་པའི་སྐོར་བཤད་ཀྱི་ཡོད་པ་མ་ཟད། དེ་རིང་ནས་ཁ་ཤས་ཀྱིས་སྒོ་བརྒྱབ་ཟིན་ཡོད་པ་དང་། སྐྱེས་པ་དེའི་ནང་མི་གསུམ་སྦེལ་ཀོབ་ཀྱི་ནང་སྲིད་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཟུར་བཀག་འོག་བཞག་ཡོད་འདུགབོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་རྒྱའི་གནས་ཚུལ་ལྟར་ན། ད་བར་རྒྱ་གར་ནང་ཁྱོན་བོད་མི་ ༢༤ ལ་ཏོག་དབྱིབས་ནད་ཡམས་ཕོག་པའི་ཁྲོད་ནས་མི་ ༢ རྐྱེན་འདས་དང་། ༡༣ དྲག་སྐྱེད་བྱུང་སྟེ། ད་ལྟ་སྨན་བཅོས་བྱེད་བཞིན་པ་ ༩ འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༦/༢༠

Leave a Reply

3 thoughts on “སྦེལ་ཀོབ་གཞིས་ཆགས་ཀྱི་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་རྟཊ་ཐོན།

  1. ལྡི་ལི་ནས་རྡ་སར་འབྱོར་མཁན་མང་དུ་འགྲོ་བཞིན་པར་བརྟེན་རྡ་སར་གནས་མུས་བོད་མི་དག་གིས་གང་གཟབ་གཟབ་བྱས་ན་ལེགས། རྡ་སའི་བོད་མིའི་ཁྲོད་ནད་ངན་དེ་སླེབས་རྒྱུ་ཐག་ཧ་ཅང་ཉེ།

  2. ཀང་ར་རྫོང་ཁོངས་ཀྱི་ནད་པ་མང་ཆེ་བ་ལྡི་ལི་འབྱོར་བ་ཤ་སྟག་རེད། ལྡི་ལི་སོགས་དམར་རྟགས་ཅན་གྱི་ས་གནས་སམ་ན་ཚ་ཁྱབ་ཆེ་བའི་ས་གནས་ནས་བོད་མི་མང་པོ་ཞིག་རྡ་སར་འབྱོར་གྱིན་ཡོད་པས། རྡ་ས་ནས་ཀྱང་གཟབ་གཟབ་མ་བྱས་ན་ཏོག་དབྱིབས་ན་ཚ་རྡ་སའི་བོད་མིའི་ཁྲོད་འབྱུང་ངེས་རེད། ལྷག་པར་གཟབ་ནན་བྱེད་དགོས་པ་ཞིག་ནི། ལྡི་ལི་སོགས་ནས་འབྱོར་བ་གསང་སྟེ་ཟུར་བཀག་ཏུ་མ་བསྡད་པར་ནང་ལ་སླེབས་པ་ཡིན་ན། ཧ་ཅང་ཉེན་ཧ་ཆེ་བས་འདི་རིགས་ལ་མི་སྒེར་སོ་སོས་ངོས་ནས་ཀྱང་འགན་འཁུར་ཏེ། དེ་འདྲའི་རིགས་མཐོང་ན་ཡར་ཞུ་བྱེད་རྒྱུ་གལ་ཆེན་རེད།

  3. ད་རྡ་ས་ནས་ཀྱང་ནད་པ་ཐོན་རྒྱུ་ཐག་མི་རིང་། ལྡི་ལི་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཟུར་བཀག་མང་བས་གཟབ་གཟབ་མ་བྱས་ན་ཉེན་ཁ་ཡོད་ཐག་ཆོད་རེད།