སྲིད་བློན་མུ་དྷི་མཆོག་གིས་གློ་བུར་ལ་དྭགས་སུ་གཟིགས་སྐོར་གནང་།

སྲིད་བློན་མུ་དྷི་མཆོག་གིས་སྟོན་པ་གཽ་ཏམ་མཆོག་གིས་སྙིང་སྟོབས་ནི་བྱམས་བརྩེ་དང་སྙིང་སྟོབས་བསྐྱེད་པ་ནི་བདེན་པའི་ལམ་དུ་ཕྱོགས་པ་ཡིན་སྐོར་གསུངས་བ་ལྟར་གྷལ་ཝན་ལུང་གཤོངས་ནས་ཕ་ས་སྲུང་སྐྱོབ་ཆེད་བློས་གཏོང་གནང་བ་དེ་ཡི་དཔེ་མཚོན་ཞིག་ཆགས་ཡོད་སྐོར་གསུངས།

དེ་རིང་སྔ་དྲོར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བྷ་པེན་རཱ་ཝ་ཊི་(Bipin Rawat)ལགས། དེ་བཞིན་རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་གྷན་ནཱ་རཱ་ཝ་ནེ་(Gen M N Naravane)ལགས་བཅས་ལ་དྭགས་སུ་ཕེབས་ཏེ། ཡུལ་དེའི་དམག་དཔུང་ལ་ཐུག་འཕྲད་དང་རྒྱ་གར་དམག་དཔུང་གིས་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་ལ་གཟིགས་ཞིབ་ལམ་སྟོན་གནང་བ་དང་། ཉེ་སྔོན་གདོང་ཐུག་དམར་འཛིང་སྐབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། སྐབས་དེར་རྨས་སྐྱོན་ཕོག་པའི་དམག་མི་ཚོར་ཐུག་འཕྲད་ཁམས་འདྲི་སོགས་གནང་ཡོད་པ་དང་། གནད་དོན་དེ་ནི་རྒྱ་དཀར་ནག་གི་གྷལ་ཝན་གདོང་ཐུག་དམར་འཛིང་རྗེས་སུ་རྒྱ་གར་གྱི་ཆེས་མཐོའི་མགོ་འཁྲིད་ས་མཚམས་སུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་པ་དང་། གཟིགས་སྐོར་དེ་ནི་ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་རྒྱ་གར་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་ཁང་གི་ཐག་གཅོད་ཅིག་ཡིན་འདུག

སྲིད་བློན་མུ་དྷི་མཆོག་ནས་དམག་དཔུང་ལ་གཏམ་བཤད་གནང་སྐབས། ཁྱེད་ཚོའི་བློ་སྤོབས་དང་བློས་གཏོང་ནི་རྒྱ་གར་སྲུང་སྐྱོབ་ཀྱི་བླ་ན་མེད་པ་དེ་ཡིན་པ་དང་། དཀའ་ཁག་ཆེ་བའི་དུས་སྐབས་འདིར་ཁྱེད་ཚོ་ནི་ཕ་ས་སྲུང་སྐྱོབ་མཁན་དང་རྒྱ་གར་ལ་ཞབས་ཞུ་ཞུ་མཁན་ཡིན་ལ། ཁྱེད་ཚོའི་སེམས་ཤུགས་དང་དཔའ་སྟོབས་ནི་ཁྱེད་རང་ཚོའི་མཐའ་འཁོར་དུ་ཡོད་པའི་རི་བོ་ལས་མཐོ་བས། རྒྱལ་ཁབ་བདེ་འཇགས་དེ་ཁྱེད་ཚོའི་ལག་ཏུ་ཡོད་པས་རྒྱ་གར་རྒྱལ་ཡོངས་མི་མང་གིས་ཁྱེད་ཚོར་ཡིད་ཆེས་བྱེད་བཞིན་ཡོད་ལ། ཁྱེད་ཚོ་འདི་ན་ཡོད་པས་རྒྱལ་ཡོངས་མི་མང་གིས་སེམས་འཁྲལ་བྱེད་དགོས་དོན་མེད་པ་རེད། ཁྱེད་ཚོའི་དཔའ་འཛིང་རྟུལ་ཕོད་ཀྱིས་འཛམ་གླིང་ཡོངས་ལ་རྒྱ་གར་གྱི་སྟོབས་ཤུགས་དང་གཟི་བརྗོད་མངོན་ཐུབ་ཡོད་པ་རེད། ངས་ཁྱེད་ཚོར་གུས་འདུད་ཞུ་བཞིན་ཡོད།ཅེས་གསུངས་འདུག

ཡང་ཁོང་གིས། ཉེ་སྔོན་གྷལ་ཝན་ལུང་གཤོངས་ཀྱི་གདོང་ཐུག་སྐབས་འདས་གྲོངས་སུ་སོང་བའི་དམག་མི་ཚོར་བཀའ་དྲིན་རྗེས་དྲན་དང་མྱ་ངན་ཞུ་བཞིན་ཡོད་ལ། རྒྱ་གར་རྒྱལ་ཡོངས་མི་མང་གིས་ཁྱེད་ཚོའི་དཔའ་སྟོབས་དང་རྟུལ་ཕོད། སེམས་ཤུགས་མཐོང་སོང་ལ། སྐབས་དེར་འཐབ་འཁྲུག་བྱེད་མཁན་གྱི་དམག་མི་དཔའ་བོ་ཚོའི་གནས་ཚུལ་རྒྱ་གར་གྱི་ཁྱིམ་ཚང་རེ་རེའི་ནང་དུ་གླེང་གཞིར་གྱུར་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། སྟོབས་ཤུགས་དང་དཔའ་སྤོབས་མེད་མཁན་ཚོས་དུས་ནམ་ཡང་ཞི་བདེ་ལ་འབད་པར་མི་བརྩོན་པ་དང་། གོ་ལ་ཡོངས་ཀྱི་མི་མང་གིས་ང་ཚོས་འཛམ་གླིང་ཞི་བདེ་ལ་བརྩོན་པ་མཐོང་ཡོད་ལ། རྒྱ་གར་གྱིས་དུས་རྟག་ཏུ་འགྲོ་བ་མིའི་བདེ་དོན་ཆེད་དུ་ལས་དོན་བྱས་པ་ཡིན་ལ། ཁྱེད་ཚོ་ནི་ལས་དོན་དེ་བྱེད་མཁན་གྱི་མགོ་འཁྲིད་དང་སྣེ་འཁྲིད་པ་ཡིན་པ་རེད། ཁྱེད་ཚོས་དུས་རྟག་ཏུ་འགྲོ་བ་མིའི་བདེ་དོན་ཆེད་དུ་ལས་དོན་གཉེར་བ་རེད། གང་ལྟར། འཛམ་གླིང་དམག་ཆེན་དང་ཞི་བདེ་སོགས་ག་འདྲ་ཞིག་ཡིན་ན་ཡང་། གནད་དོན་ལ་ཐུག་དུས་འཛམ་གླིང་མི་མང་གིས་ཁྱེད་ཚོའི་སྙིང་སྟོབས་དང་རྒྱལ་ཁ་མཐོང་ཡོད་པ་རེད། ང་ཚོས་ད་དུང་མུ་མཐུད་འགྲོ་བ་མིའི་རིགས་དང་ཞི་བདེའི་ཆེད་དུ་ལས་དོན་གཉེར་དགོས་པ་དང། ད་ལྟའི་དུས་ཚོད་འདིར་རྒྱ་སྐྱེད་རིང་ལུགས་ཀྱི་ལོ་རབས་འདས་ཟིན་པ་རེད་ལ་། དུས་རབས་འདི་ནི་འཕེལ་རྒྱས་ཀྱི་དུས་རབས་རེད། ལོ་རྒྱུས་ཀྱིས་དུས་ནམ་ཡང་རྒྱ་སྐྱེད་རིང་ལུགས་པ་ཚོའི་ཕམ་ཁ་དང་ཡང་ན་ཕྱིར་ནུར་གྱི་ལས་ལ་བདེན་དཔང་བྱེད་ཀྱི་ཡོད་པ་དང་། ང་ཚོས་ས་མཚམས་སྲུང་སྐྱོབ་ཀྱི་བྱེད་ཐབས་དང་གཤིས་སྤྱོད་མང་པོ་ཞིག་དུས་དང་མཐུན་པ་བྱུང་ཡོད་པ་རེད་ལ། སྟོན་པ་གཽ་ཏམ་མཆོག་གིས་སྙིང་སྟོབས་ནི་བྱམས་བརྩེ་དང་། སྙིང་སྟོབས་བསྐྱེད་པ་ནི་བདེན་པའི་ལམ་དུ་ཕྱོགས་པ་ཡིན་སྐོར་གསུངས་བ་ལྟར། དཔའ་སྤོབས་ཆེ་བའི་རྒྱ་གར་ས་གཞིའི་སྟེང་གི་བུ་ཕྲུག་ཁྱེད་ཚོས་གྷལ་ཝན་ལུང་གཤོངས་ནས་ཕ་ས་སྲུང་སྐྱོབ་ཆེད་བློས་གཏོང་གནང་བ་དེ་ཡི་དཔེ་མཚོན་ཆགས་ཡོད་པ་རེད། ཅེས་གསུངས་འདུག

མུ་དྷི་མཆོག་ལ་དྭགས་ནང་ཕེབས་ཏེ་ཆུ་ཚོད་ཁ་ཤས་ལས་མ་སོང་བར། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ཟེར་བས། རྒྱ་གར་དང་རྒྱ་ནག་གཉིས་ནས་དམག་དཔུང་གི་བརྒྱུད་ལམ་ནས་གྲོས་མོལ་དང་སྐད་ཆ་བཤད་དེ་ས་མཚམས་ཞི་འཇགས་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། སུ་ཞིག་གིས་བར་ཆད་བཟོས་ན་ས་མཚམས་རྩོད་རྙོག་གི་གདོང་ཐུག་ཛ་དྲག་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཐེངས་འདིར་མུ་དྷི་མཅོག་ལ་དྭགས་ནང་སྤོབས་པ་ཆེན་པོས་གཟིགས་སྐོར་ལ་ཕེབས་པ་དེར་བསྟོད་བསྔགས་གཏོང་བཞིན་ཡོད་པ་མ་ཟད། ཁོང་ལ་དྭགས་ནང་ཕེབས་ནས་ཅུང་ཙམ་ལས་མ་སོང་བར་རྒྱ་གར་ནང་ཡོད་པའི་ཉི་ཧོང་གཞུང་ཚབ་པ་སི་ཊོ་ཤི་སོ་ཛོ་ཁེ་(Satoshi Suzuki)ཡིས་ཊེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང་། ཉི་ཧོང་ཕྱོགས་ནས་རྒྱ་དཀར་ནག་གཉིས་ནས་རྩོད་རྙོག་ཁག་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཤི་རཱན་ལ(Shringla)ལགས་ནས་ས་མཚམས་གདོང་ཐུག་སྐོར་ལ་སྐད་ཆ་བཤད་ཐུབ་པ་ཧ་ཅང་ཡག་པོ་བྱུང་ཡོད་སྐོར་དང་། རྒྱ་གར་ཕྱོགས་ནས་ས་མཚམས་གདོང་ཐུག་གི་གནད་དོན་སྐོར་གྱི་སྲིད་བྱུས་འཛིན་ཕྱོགས་ལ་བསྔགས་བརྗོད་ཡོད་སྐོར་སོགས་བརྗོད་འདུག

ཐེངས་འདིར་སྲིད་བློན་མུ་དྷི་མཆོག་གློ་བུར་ལ་དྭགས་ནང་ཕེབས་པ་དེས་རྒྱ་གར་གོང་རི་སི་སྲིད་དོན་ཚོགས་པས་ཀྱང་བསྟོད་བསྔགས་བྱེད་བཞིན་པ་མ་ཟད། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་པོས་ད་ལྟའི་ཆར་རྒྱ་དཀར་ནག་གི་བོད་ཧིན་ས་མཚམས་ཀྱི་རྩོད་རྙོག་ཐག་ཆོད་མ་བྱུང་བར་དུ། མུ་དྷི་མཆོག་དངོས་སུ་ལ་དྭགས་སུ་ཕེབས་པ་དེ་ནི་རྒྱ་ནག་ཕྱོགས་ལ་བརྡ་ལན་གསལ་བོ་ཞིག་ཡིན་པ་མ་ཟད། གཏམ་བཤད་སྐབས་ཧ་ཅང་ཚོར་ཤུགས་ཆེ་བའི་སྐད་ཆ་བཤད་པ་སོགས་རྒྱ་གར་གྱི་དཔའ་རྟགས་མངོན་ཐུབ་པ་བྱས་ཡོད་སྐོར་བརྗོད་བཞིན་ཡོད་པ་དང་། སྲིད་བློན་མུ་དྷི་མཆོག་ལ་དྭགས་དམག་ཁུལ་དུ་འབྱོར་རྗེས་ཡུལ་དེའི་དམག་དཔུང་གིས་རྒྱ་གར་རྒྱལ་ལོ་སོགས་སྐད་ཤུགས་ཆེན་པོས་ཁོང་ལ་འཚམས་འདྲི་དང་དགའ་བསུ་ཞུས་ཡོད་པ་དང་།  རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱི་གནས་ཚུལ་ནང་སྲིད་བློན་མུ་དྷི་མཆོག་ལ་དྭགས་ནང་ཕེབས་པ་དེས་རྒྱ་གར་ས་མཚམས་དམག་དཔུང་ལ་སེམས་ཤུགས་ཆེན་པོ་སྐྱེད་ཐུབ་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐུབ་མེད་པ་མ་ཟད། ཕྱི་ཚེས་ ༡ ཉིན་རྒྱ་གར་ནང་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཐད་མུ་མཐུད་གྲོས་མོལ་བྱེད་བཞིན་ཡོད་ཀྱང་། ས་མཚམས་གདོང་ཐུག་གི་གནད་དོན་ཞི་འགྲིག་ཡོང་བར་དུས་ཡུན་གང་ཙམ་དགོས་པ་མ་ཟད། རྒྱ་ནག་ཕྱོགས་ནས་ཞི་གྲོས་བྱེད་པར་འདོད་མོས་དེ་ཙམ་མེད་པའི་རྣམ་འགྱུར་ཡོང་གི་ཡོད་སྐོར་དང་། རྒྱ་ནག་ཕྱོགས་ནས་གྷལ་ཝན་དང་གྷོག་ར། དཔལ་མགོན་མཚོའི་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པ་དང་། ཕྱི་ཟླ་ ༦ ཟླ་མཇུག་ལ་བསྐྱར་དུ་རྒྱལ་སྤྱིའི་དམག་དོན་ཉམས་ཞིབ་ལྟེ་གནས་ཁང་གིས་འཁོར་སྐར་བརྒྱུད་བླངས་པའི་པར་རིས་ནང་། རྒྱ་ནག་ཕྱོགས་ནས་གྷལ་ཝན་ལུང་གཤོངས་ནང་དམག་སྒར་དེ་སྔོན་ནས་ཆེ་བ་འཛུགས་སྐྲུན་དང་། མཚོན་ཆ་དང་འཐབ་འཁོར་སོགས་དབོར་འདྲེན་རུ་སྒྲིག་ནས་བཞག་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༣

Leave a Reply

5 thoughts on “སྲིད་བློན་མུ་དྷི་མཆོག་གིས་གློ་བུར་ལ་དྭགས་སུ་གཟིགས་སྐོར་གནང་།

  1. ༡༣༽ ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐུབ་མེད་པ་མ་ཟད།-> ॐ शांति । मुख से नहीं । [ लेना देना ] को Clear कर दो । वो था तिब्बत । चीन से नहीं । फिर ॐ शांति। शांति शांति हो । Legends Is Never Die. History Is Never Death. Tibet is Part Of History………. Himalaya is Also Part of History. Not India 🇮🇳 Not China 🇨🇳

    ༡༤༽ ད་རེ་ ཅོ་ མོ་དི་ གློ་བུར་དུ་ལ་དྭགས་ལ་འགྲོ་དགོས་དོན་གཙོ་བོ་ནི་ བཙན་བྱོལ་བོད་གཞུང་ལ་ཁར་བརྡུངས་དང་ ༧གོང་ས་མཆོག་ལ་ཟུར་ཟ་བྱེད་ས་ཕྱིན་པ་མཐོང་།